མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་ལུམ་བི་ནིར་འཚོག་འཆར་ཡོད་པའི་རྒྱ་ནག་ལྷོ་རྒྱ་མཚོའི་ནང་པའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་རྒྱུ་ཡིན་འདུག རིའི་པཱ་བྷི་ལིག་ཁ་(Republica )གསར་ཁང་གི་པར།

ཟླ་འདིའི་ཕྱི་ཚེས་ ༡༢ ནས་ ༡༥ བར་རྒྱ་ནག་ལྷོ་རྒྱ་མཚོའི་ནང་པའི་ལྷན་ཚོགས་(Nanhai Buddhism Round Table) ཞེས་པ་ཞིག་བལ་ཡུལ་གྱི་ལུམ་བི་ནི་ཁུལ་དུ་བསྡུ་འཆར་ཡོད་ཅིང་། ནང་པའི་གླེང་སྟེགས་དེའི་ཐོག་འཛམ་གླིང་རྒྱལ་ཁབ་ཉི་ཤུ་ལྷག་གི་སྐུ་ཚབ་འཐུས་མི་དང་། གྲྭ་བ་སོགས་ཀྱིས་མཉམ་ཞུགས་གནང་གི་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས ༡༣ ཉིན་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བའང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

གནད་དོན་དེའི་ཐད་ལུམ་བི་ནི་ཡར་སྐྱེད་ཐེབས་རྩ་( Lumbini Development Trust) ཁང་གི་གཞུང་འབྲེལ་མི་སྣས། ད་ལན་འཛམ་གླིང་གི་རྒྱལ་ཁབ་ཉི་ཤུ་ཙམ་གྱི་གཞུང་འབྲེལ་མི་སྣ་དང་། གྲྭ་བ་སོགས་ཀྱིས་མཉམ་ཞུགས་བྱེད་ཀྱི་ཡོད་ཀྱང་། བལ་ཡུལ་གཞུང་གིས་རྒྱ་ནག་གི་པཎ་ཆེན་བལ་ཡུལ་དུ་ཡོང་རྒྱུའི་གནད་དོན་དེ་གསང་བར་བཞག་ཡོད། ཁོ་ད་ལན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་གི་སླད། བལ་ཡུལ་དུ་ཡོང་གི་ཡོད་རེད། ཅེས་བརྗོད་འདུག་ལ། བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ཏུ་གཞུང་འབྲེལ་སྐོར་སྐྱོད་དུ་མ་ཕྱིན་གོང་ནས་བལ་ཡུལ་གྱི་འགྲིམ་འགྲུལ་བློན་ཆེན་ལས་ཁུངས་དང་ལུམ་བི་ནི་ཡར་སྐྱེད་ཐེབས་རྩ་(Ministry of Tourism and the Lumbini Development Trust) གཉིས་སུ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུའི་སྐོར་སྐྱོད་དང་འབྲེལ་བའི་བརྡ་ལན་སྤྲད་ཚར་ཡོད་ལུགས་སོགས་བསྒྲགས་འདུག

དེ་རིང་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུར་རྟེན་གཞི་བྱས་པའི་རིའི་པཱ་བྷི་ལིག་ཁ་(Republica ) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱལ་མཚན་ནོར་བུ་ཟེར་བ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་ཐད་ཀར་གནམ་གྲུ་བརྒྱུད་བལ་ཡུལ་གྱི་སྟོན་པའི་འཁྲུངས་གནས་ལུམ་བི་ནི་དང་། དེ་ནས་བལ་ཡུལ་ཀ་ཐི་མན་ཌུ་རུ་འགྲོ་འཆར་ཡོད་པའི་ཁར། ཁོ་དང་ལྷན་རྒྱ་ནག་གཞུང་གིས་ཆེད་དུ་བཏང་བའི་ཉེན་སྲུང་དམག་མི་ཟེར་བ་སོགས་ཀྱང་ཡོང་གི་ཡོད་པ་མ་ཟད། ད་ལྟ་ཁུལ་དེར་ཕྱི་མི་སོགས་ཀྱི་འགྲོ་སྐྱོད་ཐད་ལའང་དམ་དྲག་དང་ལྟ་ཞིབ་བྱེད་མུས་ཡིན་སྐོར་གསལ་འདུག

དེ་བཞིན་རྒྱལ་མཚན་ནོར་བུའི་བལ་ཡུལ་གྱི་ལས་རིམ་ཆེད། ཁ་སང་རྒྱ་ནག་གི་གཞུང་འབྲེལ་སྐུ་ཚབ་སུ་ཇན་ཝན་(Siu Jiawen) སན་ཅན་ཧོ( Sun Jing Hao) ལུ་ཀོ་ཤན་( Liu Guoxin) སོགས་ཀྱིས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བལ་ཡུལ་དུ་ཡོང་སྟེ། ད་ལྟ་བལ་ཡུལ་རྒྱ་ནག་གཞུང་ཚབ་པ་ཁྲན་སོང་(Chen Song) སོགས་ཀྱིས་ཁོའི་བལ་ཡུལ་གྱི་ལས་རིམ་ཁག་ལ་གྲ་སྒྲིག་བྱེད་མུས་ཡིན་ལུགས་བསྒྲགས་ཡོད་པའི་ཁར། རྒྱ་ནག་གཞུང་གིས་ཁོའི་བལ་ཡུལ་གྱི་གཞུང་འབྲེལ་ཕྱོགས་སྐྱོད་དེ་ནི་ཧ་ཅང་གནད་ཆེན་ཞིག་ཡིན་ལུགས་སོགས་ཀྱང་བསྒྲགས་འདུག

གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་ནང་པའི་བླ་མ་ཞིག་བལ་ཡུལ་དུ་ཡོང་བ་དེས། བལ་ཡུལ་དང་། རྒྱ་གར། ཨ་རི་སོགས་སུ་གནད་སྡོད་བྱེད་མུས་ཡིན་པའི་ནང་པའི་སྤྱི་ཚོགས་ལ་འགུལ་ཤུགས་འཕར་མ་ཞིག་བཟོས་ཤིང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དོ་དབྱིངས་ཆེན་པོས་ལྟ་ཉན་བྱེད་ཀྱི་ཡོད་པ་མ་ཟད། ད་ལན་རྒྱ་ནག་གཞུང་གིས་བལ་ཡུལ་དང་རྒྱ་ནག་གི་ནང་པའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ཟེར་བ་སོགས་ལ་ཁ་གཡར་ནས། ཆེད་དུ་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་མངགས་པ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

༧པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་ནི་ཕྱི་ལོ་ ༡༩༨༩ ཟླ་ ༤ ཕྱི་ཚེས་ ༢༥ ཉིན་བོད་ནག་ཆུ་ཁུལ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང༌། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་། ཕྱི་ལོ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་༧པཎ་ཆེན་༧སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ཡོངས་བསྒྲགས་མཛད་དེ། དེ་མ་ཐག་རྒྱ་ནག་གཞུང་གིས་ཡང་སྲིད་འཚོལ་ཞིབ་མི་སྣའི་དབུ་ཁྲིད་བྱ་བྲལ་རིན་པོ་ཆེ་མཆོག་འཛིན་བཟུང་བྱས། ཕྱི་ལོ་ ༡༩༩༥ ཟླ་བ་ ༠༥ ཚེས་ ༡༧ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་། ཁོང་གི་ནང་མི་ཡོངས་རྫོགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཏེ། ཁོང་ཉིད་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་དགུང་ན་ཆུང་ཤོས་སུ་གྱུར། དེ་རྗེས་རྒྱ་ནག་གཞུང་གིས་ ༧གོང་ས་མཆོག་ནས་ཡང་སྲིད་རིན་པོ་ཆེ་སྣང་མེད་བཏང་ནས་རང་མོས་ཀྱི་ཡང་སྲིད་བདམས་ཏེ། ཕྱི་ལོ་ ༡༩༩༥ ཟླ་བ་ ༡༡ ཚེས་ ༡༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བྱས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་བ་ ༡༢ ནང་གདན་ས་བཀྲ་ཤིས་ལྷུན་པོའི་གཡས་གཡོན་དུ་དམག་མི་ལྔ་བརྒྱ་ལྷག་བཏང་ནས་ཉེན་སྲུང་བཙན་པོའི་ངང་ཁྲི་འདོན་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༢ ཉིན་རྒྱལ་མཚན་ནོར་བུ་ཐོག་མར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོས་ཤིང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན་རྒྱལ་མཚན་ནོར་བུ་བསྐྱར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱས་ཡོད། ད་ལྟ་ཁོང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཡང་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese