མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་བར་ངོ་རྒོལ་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གཞུང་གིས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་ཏེ་ཆབ་སྲིད་ཀྱི་ལག་ཆར་བཀོལ་མུས་ཡིན་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་བལ་ཡུལ་ནང་ཡོང་མི་འཇུག་རྒྱུའི་རེ་སྐུལ་ཞུས་འདུག 

ཟླ་འདིའི་ཕྱི་ཚེས་༡༣ ཉིན་ནས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་དང་ལུམ་བི་ནི་ཁུལ་དུ་ཡོང་གི་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༡ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་བེད་སྤྱོད་བྱས་ཏེ་བོད་མི་རིགས་ཀྱི་ཆིག་སྒྲིལ་རང་བཞིན་ལ་གཏོར་བཤིག་གཏོང་གིན་ཡོད་སྐོར་སོགས་གསལ་འདུག 

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བའི་བསྒྲགས་གཏམ་ཁྲོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བློ་འཚབ་ཆེན་པོའི་ངང་ནས་བོད་ནང་རྒྱ་ནག་གུང་ཁྲན་ཏང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་འཆར་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་། རྒྱལ་མཚན་ནོར་བུ་ནི་རྒྱ་གཞུང་གིས་བསྐོ་བཞག་བྱས་པ་ཞིག་ཡིན་པ་མ་ཟད། པཎ་ཆེན་རིན་པོ་ཆེའི་མཚན་གནས་བེད་སྤྱོད་ཀྱིས་བོད་མི་རིགས་ཀྱི་ཆོས་ཕྱོགས་དང་རིག་གཞུང་ལ་སྟངས་འཛིན་བྱས་ཏེ་བོད་ས་ཡོངས་སུ་དབང་སྒྱུར་བྱེད་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ལ་བེད་སྤྱོད་གཏོང་གི་ཡོད། ཅེས་གསལ་འདུག 

བསྒྲགས་གཏམ་ཁྲོད། གཞིས་བྱེས་བོད་མི་ཡོངས་ནས་རྒྱ་གཞུང་གིས་བོད་ཀྱི་ཆོས་ཕྱོགས་དང་འབྲེལ་བའི་གནད་དོན་ཁག་ལ་ཐེ་ཇུས་དམ་དྲག་གང་བྱས་ལ་ངོས་ལེན་རྩ་བ་ནས་མེད་ལ། རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་བེད་སྤྱོད་བྱས་ཏེ་བོད་མི་རིགས་ཀྱི་ཆིག་སྒྲིལ་རང་བཞིན་ལ་གཏོར་བཤིག་དང༌། བོད་མི་ཡོངས་ཀྱི་དད་མོས་ཆེ་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ལ་འཇོག་རྒྱུའི་ངན་སེམས་འཆང་བཞིན་ཡོད། འོན་ཀྱང་བོད་མི་ཡོངས་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཙོ་བོ་ནི་སྤྱི་ནོར་༧གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡིན་པ་དང་། ཁོང་གིས་ངོས་འཛིན་གནང་བའི་”༧པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ནི་བོད་མི་རིགས་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ངོ་མ་དེ་ཡིན། ཁོང་ནི་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་དགུང་ལོ་དྲུག་ལ་ཕེབས་སྐབས་རྒྱ་ནག་གི་བཙན་འོག་ཏུ་གར་སོང་ཆ་མེད་དུ་གྱུར་ཡོད། ང་ཚོས་ཆུང་སྲིད་རིན་པོ་ཆེ་བཙོན་གྲོལ་མྱུར་དུ་གཏང་དགོས་པའི་ནན་སྐུལ་བྱེད་བཞིན་ཡོད། ཅེས་གསལ་འདུག 

ཡང་བསྒྲགས་གཏམ་ནང་། གལ་སྲིད་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་འཛུལ་ཞུགས་བྱེད་དུ་བཅུག་ཚེ། བལ་ཡུལ་གཞུང་གིས་རང་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལྡན་པའི་ཆོས་ལུགས་འཆམ་མཐུན་དང༌། ལྷག་པར་ནང་པའི་ལྟ་གྲུབ་དང་འབྲེལ་བའི་ཐད་འགལ་བ་འགྲོ་བཞིན་ཡོད། དེ་འདྲའི་འཚམས་གཟིགས་གང་འདྲ་ཞིག་ཡིན་རུང་བལ་ཡུལ་གཞུང་གིས་འཕྲལ་སེལ་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ་རྒྱ་ནག་གི་ཆོས་ཕྱོགས་ལས་དོན་ཐད་ཐེ་ཇུས་ལ་ངོས་ལེན་བྱེད་པ་ནི་ང་ཚོའི་ངོས་ནས་ངོས་ལེན་རྩ་བ་ནས་མེད། བལ་ཡུལ་གྱིས་རྒྱ་ནག་གཞུང་གི་ཐེ་ཇུས་རྣམ་པ་གང་འདྲ་ཞིག་ཡིན་རུང་ངོས་ལེན་མི་བྱ་རྒྱུའི་རེ་སྐུལ་དང་། ཁྲིམས་ལུགས་ལྟར་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་ཁས་ལེན་བསྐྱར་ནན་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་། བལ་ཡུལ་ནི་རྒྱ་ནག་གིས་བོད་ཀྱི་ནང་ཆོས་ལ་ཚོད་འཛིན་བྱེད་པའི་ལག་ཆར་མི་འགྱུར་བའི་རེ་བ་དང༌། བོད་ཀྱི་ནང་ཆོས་ཐད་དགྲ་བོ་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ཅེས་གསལ་འདུག 

ཕྱི་ལོ་ ༡༩༩༥ ཟླ་བ་ ༡༡ ཚེས་ ༡༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བྱས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་བ་ ༡༢ ནང་གདན་ས་བཀྲ་ཤིས་ལྷུན་པོའི་གཡས་གཡོན་དུ་དམག་མི་ལྔ་བརྒྱ་ལྷག་བཏང་ནས་ཉེན་སྲུང་བཙན་པོའི་ངང་ཁྲི་འདོན་བྱས་ཡོད་འདུག ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༢ ཉིན་རྒྱལ་མཚན་ནོར་བུ་ཐོག་མར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོས་ཤིང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན་རྒྱལ་མཚན་ནོར་བུ་བསྐྱར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱས་ཡོད། ད་ལྟ་ཁོང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཡང་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༣ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༠ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༥ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese