མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་མང་ལ་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་དེབ་གྲངས་ ༢༢༣ ལེགས་སྐྱེས་སུ་ཕུལ། 

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་དུ་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་དེབ་གྲངས་ ༢༢༣ ཨ་རིའི་མི་མང་ལ་ལེགས་སྐྱེས་སུ་ཕུལ་ཡོད་འདུག

ཨ་རིའི་གཞུང་མང་གཉིས་ལ་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་དེབ་གྲངས་ ༢༢༣ ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༤།༡༢།༡༢ སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་གི་ངོ་དེབ་ནས་པར་བླངས།

ཁ་སང་ཕྱི་ཚེས་ ༡༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ (Thomas Jefferson) ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་ཚན་པར་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་དེབ་གྲངས་ ༢༢༣ ལེགས་སྐྱེས་སུ་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་མཆོག རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་མཆོག། ༧སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག དེ་བཞིན་འབྲེལ་ཡོད་མི་སྣ་ཁྱོན་ ༧༠ ལྷག་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim Mc. Govern) མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་འབྲེལ་ཡོད་མི་སྣ་ཁག་ཕེབས་པར་འཚམས་འདྲི་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་ཀྱི་རིག་གཞུང་རྩ་མེད་བཏང་དང་གཏོང་མུས་ཡིན་པའི་སྐབས་སུ། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བོད་ཀྱི་རིག་གཞུང་དར་སྤེལ་ཐོག་ལ་ཕྱག་ལས་གནང་བར་བསྔགས་བརྗོད་ཡོད། ཅེས་སོགས་གསུངས་འདུག

འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ཁོང་གི་མི་ཚེའི་བརྒྱུད་རིམ་དང་། སྨོན་ལམ་ཚིག་མཛོད་ཆེན་མོའི་ནང་དོན་དང་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་གནང་བ་མ་ཟད། སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་དང་གནའ་བོའི་ཤེས་རབ་ཀྱི་ཆེད་དེང་དུས་ཀྱི་འཕྲུལ་ཆས་ཞེས་པའི་བརྗོད་གཞིའི་ཐོག རིག་ནུས་བཀོལ་སྤྱོད་ཀྱི་གསར་གཏོད་ལས་བོད་ཡིག་ཡིག་སྒྱུར་དང་བོད་ཀྱི་སྐད་ཡིག་གི་ཤུལ་བཞག་མི་རབས་གསར་པར་རྒྱུད་སྤྲོད་བྱེད་པ་དང་འབྲེལ་བའི་གཏམ་བཤད་གནང་ཡོད་འདུག་ལ། སྨོན་ལམ་ཚིག་མཛོད་ཆེན་མོ་ཨ་རིའི་གཞུང་མང་ལ་ལེགས་སྐྱེས་སུ་ཕུལ་ཏེ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མཉམ་སྤྱོད་བྱེད་པ། དེ་བཞིན་དེང་རབས་འཕྲུལ་རིག་དང་བོད་ཀྱི་གནའ་རབས་ཤེས་ཡོན་ཟུང་འབྲེལ་ཐོག་བོད་ཡིག་ཡིག་སྒྱུར་དང་། བོད་ཀྱི་མི་རབས་གསར་པའི་ཆེད་དུ་སྐད་ཡིག་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་དར་སྤེལ་སླད། མིས་བཟོས་རིག་ནུས་ (AI) དང་ (OCR) བེད་སྤྱོད་བྱས་པའི་ཐོག་ནས་ལས་དོན་ཡར་རྒྱས་གཏོང་མུས་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།

སྨོན་ལམ་ཚིག་མཛོད་ཆེན་མོ་ཨ་རིའི་གཞུང་མང་ལ་ལེགས་སྐྱེས་སུ་ཕུལ་བའི་དགོས་དམིགས་དང་འབྲེལ་ནས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། སྤྱིར་བཏང་རྩོམ་པ་པོ་སུ་རུང་གིས་དེབ་ཅིག་པར་སྐྲུན་བྱས་པ་ཡིན་ན་དེ་འཇོག་ཡུལ་ཞིག་དགོས་ཀྱི་ཡོད། དེར་བརྟེན་འཛམ་གླིང་ཁྱོན་ཡོངས་ནས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་དེ་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་གྱི་ཡོད་པ་རེད། ང་ཚོའི་རིག་གཞུང་ཉར་ཚགས་བྱེད་པར་འཇོག་ཡུལ་ཞིག་དགོས་ཀྱི་ཡོད་པས། ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་དུ་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་དེབ་འཇོག་པ་ནི་རིམ་པ་དང་པོ་དེ་ཆགས་ཀྱི་ཡོད། རིམ་པ་གཉིས་པ་དེ་ཨ་རིའི་གཞུང་མང་གཉིས་དང་བོད་པ་ཚོའི་དབར་ལ་ལོ་རྒྱུས་རིམ་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་ལ། འདས་པའི་ལོ་ངོ་མང་པོའི་རིང་ལ་ཨ་རིའི་གཞུང་མང་གཉིས་ཀྱིས་ང་ཚོར་རོགས་སྐྱོར་མང་པོ་གནང་ཡོད་པ་རེད། ཁོང་ཚོས་རོགས་སྐྱོར་གནང་བ་ལ་བརྟེན་ནས་ང་ཚོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱས་ཡོད་པ་དཔང་པོའི་ཆེད་དུ་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་དེབ་གྲངས་ ༢༢༣ ལེགས་སྐྱེས་སུ་ཕུལ་བ་ཞིག་ཡིན། གཞན་ཡང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་བཞེངས་ཕྱོགས་ཐད་ཁྱེད་ཚོས་མཁྱེན་གྱི་རེད། ༧མགོན་པོ་གང་ཉིད་མཆོག་གི་ཤེས་ཡོན་དེ་དག་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་ནས་ཡོང་བ་ཞིག་ཡིན་པས། ཚིག་མཛོད་འདི་བོད་ཀྱི་རིག་གཞུང་གི་སྙིང་པོ་དེ་རེད། དེར་བརྟེན། ཚིག་མཛོད་དེ་ནས་མ་འོངས་པར་ཨ་རིའི་མི་མང་ལ་ཕན་ཐོགས་ཡོང་གི་རེད་བསམ་སྟེ་ཕུལ་བ་ཞིག་ཡིན། ཞེས་བརྗོད་བྱུང་།

སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་ནི་ཕྱི་ལོ་ ༢༠༡༢ ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་ལམ་སྟོན་འོག བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་རྩོམ་སྒྲིག་སྡེ་ཚན་ ༣༥ ནས་རྩོམ་སྒྲིག་པ་ ༢༠༠ ལྷག་གིས་ལོ་ངོ་དགུའི་རིང་རྩོམ་སྒྲིག་གནང་བའི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བཙན་བྱོལ་བོད་མིའི་མཉམ་རུབ་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༣༡ ཉིན་ལས་གཞི་དེ་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༧ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ་པོད་ ༢༢༣ ཅན་གྱི་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese