མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གསང་ཉུལ་བ་དང་དབྱིན་ཇིའི་རྒྱལ་སྲས་གསང་འབྲེལ། 

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་གསང་ཉུལ་བ་ཡང་ཟེར་བས་དབྱིན་ཡུལ་གྱི་རྒྱལ་སྲས་དང་ལྷན་གསང་བའི་སྒེར་འབྲེལ་བཟུང་ཡོད་པའི་གནས་ཚུལ་ཐེར་འདོན་བྱས་འདུག

Yang, pictured alongside Prince Andrew at a Pitch@Palace event, with Andrew. PitchatPalace/YouTube

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༦ ཉིན་དབྱིན་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་ཞིག་གིས་རྒྱ་ནག་གི་གསང་ཉུལ་བ་ཡང་ཐཱན་པཱོ་( Yang Tengbo) ཟེར་བས་དབྱིན་ཇིའི་རྒྱལ་སྲས་ཨེན་ཌི་(Prince Andrew, Duke of York) དང་གསང་འབྲེལ་བྱས་ཡོད་པའི་གནས་ཚུལ་ཐེར་འདོན་བྱས་ཏེ། རྒྱལ་སྲིད་བདེ་འཇགས་ཀྱི་གནད་དོན་འོག་ནས་ཡང་དན་པཱོ་དབྱིན་ཡུལ་ནས་ཕྱིར་བསྐྱོད་མི་ཆོག་པའི་བཀག་རྒྱ་བསྒྲགས་ཡོད་ཅིང་། ད་ལྟ་གནད་དོན་དེ་ནི་དབྱིན་ཇིའི་ནང་རྒྱ་ནག་གི་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པའི་གྱོད་དོན་ཞིག་ཆགས་ཡོད་པ་མ་ཟད། དབྱིན་ཡུལ་གཙོས་འཛམ་གླིང་གི་ས་ཕྱོགས་གང་སར་ནས་ཚ་གླེང་ཆེ་ཤོས་བྱེད་མུས་ཡིན་པའི་གནད་དོན་ཅིག་ཏུ་འགྱུར་མུས་ཡིན་འདུག

གནད་དོན་དེའི་ཐད་དེ་རིང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་ལ་ངོ་རྒོལ་གྱི་སྐད་ཆ་ལས་ཁོང་ཚོའི་ང་རྒྱལ་དང་ངོ་ཚ་མེད་པའི་རང་གཤིས་ཤིག་མངོན་ཡོང་གི་ཡོད་པ་མ་ཟད།  རྐུན་མའི་ཞྭ་མོ་གཡོགས་པ་ལྟ་བུ་ཞིག་རེད། ཅེས་དང་།  ཁོང་ཚོས་དབྱིན་ཡུལ་དུ་ཡོད་པའི་རྒྱ་རིགས་སྤྱི་ཚོགས་ལ་གཙོ་བོར་དམིགས་ནས། ཕྱོགས་གཉིས་ཀྱི་རྒྱུན་ལྡན་གྱི་འགྲོ་འོང་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་དམིགས་ཡུལ་འཆང་ཡོད། ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག་ལ།  རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁག་ལ་བརྩི་བཀུར་དང་། མཉམ་གནས་འཕེལ་རྒྱས། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པར་མཉམ་ལས་ཀྱི་ལས་དོན་གཉེར་རྒྱུ་སོགས་ཀྱི་ཐད་ལ་མཉམ་ལས་བྱ་འདོད་ཡོད་ལུགས་སོགས་བཤད་འདུག

དེ་བཞིན་དབྱིན་ཡུལ་ནང་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་གསང་ཉུལ་བ་ཡང་ཟེར་བས། དབྱིན་ཡུལ་གྱི་མཐོ་རིམ་མི་སྣ་དང་རྒྱ་ནག་གི་དཔོན་རིགས་བར་འབྲེལ་ལམ་འཛུགས་ཐབས་གང་ཡོང་བྱས་ཡོད་པའི་དཔང་རྟགས་ལོན་ཡོད་པའི་ཁར། དབྱིན་ཡུལ་རྒྱལ་སྲས་ཀྱིས་ཁོ་ལ་གསང་འབྲེལ་བྱས་ཏེ་ཁེ་ཕན་ལེན་ཐབས་བྱས་ཡོད་པའི་དཔང་རྟགས་རིགས་མང་པོ་ཞིག་ལོན་ཡོད་ནའང་། བདུན་ཕྲག་སྔ་མར་རྒྱལ་སྲས་ཨེན་ཌི་ཡིག་ཚང་གིས།  རྒྱལ་སྲས་ཀྱིས་དབྱིན་ཡུལ་སྲིད་གཞུང་གི་ལམ་སྟོན་གྱི་འོག་ནས་ཡིག་ཚང་གི་བརྒྱུད་ལམ་ཐོག་ནས་ཁོ་ལ་སྒེར་འབྲེལ་ཞིག་བྱས་པ་ལས། ཚོར་སྣང་སྐྱེན་པའི་གནད་དོན་གྱི་རིགས་ལ་གླེང་སློང་གང་ཡང་བྱས་མེད། ཅེས་བརྗོད་འདུག

རྒྱ་མི་ཡང་ཟེར་བ་ནི་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་ལས་དོན་སྒྲུབ་མཁན་ཞིག་ཡོད་པའི་དོགས་གཞི་ཆེན་པོ་བྱུང་ཡོད་ཅིང་། ཁོའི་ལས་འགན་ནི་ཕྱི་ནང་གཉིས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་གང་མང་སྤྲོད་ཐབས་བྱ་རྒྱུ་དེ་ཡིན་པའི་ཁར།  འཐབ་ཕྱོགས་གཅིག་གྱུར་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པར་ཕྱིའི་རྒྱལ་ཁབ་ཁག་གི་ཆབ་སྲིད་པ་དང་མི་སྣ་གྲགས་ཅན་ཚོའི་རྒྱབ་སྐྱོར་ཐོབ་རྒྱུའི་ལས་དོན་སྒྲུབ་པ་དང་། རྒྱ་ནག་གཞུང་གི་ལྡོག་ཕྱོགས་ནས་ལང་མཁན་གྱི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་མི་སྣ་ཚོར་སྐྱོན་བརྗོད་དང་ཉེས་འཛུགས་བྱ་རྒྱུ་དེ་ཡིན་འདུག་ལ། གནད་དོན་དེ་དང་འབྲེལ་ནས་གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིར་མིང་གྲགས་ཡོད་པའི་གནད་ཡོད་མི་སྣ་དང་། ཚོང་པ་སོགས་ལ་འབྲེལ་ལམ་གསར་འཛུགས་ཀྱིས། ཕྱིའི་རྒྱལ་ཁབ་མང་པོ་ཞིག་ཏུ་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་སྟོབས་ཤུགས་དང་ཤུགས་རྐྱེན་སྐྱེད་ཐབས་གང་མང་བྱེད་ཀྱིན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག

རྒྱ་ནག་གི་ཚོང་པ་ཡང་ཐཱན་པཱོ་ཟེར་བས་ཡུན་ནན་མཐོ་རིམ་སློབ་གཉེར་ཁང་ནས་ལོ་རྒྱུས་དང་ཡིག་ཚགས་ཐོག་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན་བྱུང་། ཕྱི་ལོ་ ༢༠༠༢ ལོར་དབྱིན་ཡུལ་དུ་ཡོང་སྟེ་ཡོག་གཙུག་ལག་སློབ་གཉེར་ཁང་(University of York) ནས་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས། ཕྱི་ལོ་ ༢༠༠༥ ལོར་ཁོས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་དབྱིན་རྒྱ་གཉིས་ཀྱི་ཚོང་ལས་ཁང་བར་མཉམ་ལས་བྱ་སའི་རྒྱལ་སྤྱིའི་ཧམ་ཕུ་ཌོན་(Hampton Group International) ཞེས་པ་ཞིག་གསར་འཛུགས་བགྱིས།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese