མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་བར་གནད་དོན་དྲུག་གི་ཐོག་མཉམ་ལས་བྱ་རྒྱུའི་མོས་མཐུན་བྱུང་།

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་གཉིས་ཀྱི་ཆེས་མཐོའི་གནད་ཡོད་མི་སྣའི་ཐུག་འཕྲད་ཐོག་སྣ་ཐོད་ལའི་ཚོང་ལམ་དང་གངས་རིན་པོ་ཆེའི་གནས་མཇལ་འགག་སྒོ་ཕྱེ་རྒྱུ་མཚོན་པའི་གནད་དོན་དྲུག་གི་ཐོག་མཉམ་འབྲེལ་མོས་མཐུན་བྱུང་འདུག

The 23rd Meeting of SRs on India-China Boundary Question (Embassy of India in Beijing)

ཁ་སང་ཕྱི་ཚེས་ ༡༨ ཉིན་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཨ་ཇི་ཐི་དྷོ་ཝལ་(Ajit Doval ) དང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡི་(Wang Yi) གཉིས་ཀྱི་སྣེ་འཁྲིད་པའི་ཚོགས་ཆུང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཐུག་འཕྲད་བྱས་ཏེ། རྒྱ་དཀར་ནག་གཉིས་ཀྱི་ཧིན་བོད་མཐའ་མཚམས་ཀྱི་རྩོད་གླེང་ཞི་འཇགས་ཡོང་ཐབས་དང་།  སྣ་ཐོད་ལའི་ཚོང་ལམ་དང་གངས་རིན་པོ་ཆེར་གནས་མཇལ་འགག་སྒོ་ཁག་སླར་གསོ་བྱ་རྒྱུ་ཡིན་པ་སོགས་དང་འབྲེལ་པའི་དོན་ཚན་དྲུག་ཅན་ཞིག་ལ་མོས་མཐུན་བྱུང་འདུག

གནད་དོན་དེའི་ཐད་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད།  འདི་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་ཞི་ཅིན་ཕིན་གཉིས་ཀྱི་ཐུག་འཕྲད་སྐབས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་རྩོད་གླེང་དང་དཀའ་རྙོག་ཞི་ཐབས་བྱས་ཡོད་པའི་སྐོར་ལ། ད་ལན་སྐུ་ཞབས་ཨ་ཇི་ཐི་དྷོ་ཝལ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བར་ཕྱོགས་གཉིས་ཀྱི་མོས་མཐུན་ལྡན་པའི་ཐབས་ལམ་འཚོལ་ཐབས་སྐོར་གླེང་སློང་བྱས་ཡོད་སྐོར་དང་། རྒྱ་དཀར་ནག་གི་འབྲེལ་ལམ་གོང་མཐོར་བཏང་ནས་མཚོ་ལམ་ཚུད་པའི་ཚོང་དོན་སྤེལ་རྒྱུར་མོས་མཐུན་བྱུང་ཡོད་སྐོར་སོགས་གསལ་འདུག

རྒྱ་གར་དུས་བབ་གསར་ཁང་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཟེར་བས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ནི་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བརྟན་བརླིང་ལ་འབྲེལ་བ་ཆེན་པོ་ཡོད་ལུགས་དང་འབྲེལ་ནས། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་བཏང་སྟེ། སྣ་ཐོད་ལའི་ཚོང་འབྲེལ་འགག་སྒོ་སོགས་སྒོ་ཕྱེ་རྒྱུ་ཡིན་པའི་ཁར། ཧིན་བོད་མཐའ་མཚམས་ཀྱི་རྩོད་རྙོག་ཞི་འགྲིག་ཡོང་ཐབས་སུ་ཕྱོགས་གཉིས་ཀྱིས་རྒྱལ་མཚམས་ས་ཐིག་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ནས། རྒྱ་དཀར་ནག་གི་ཆེས་མཐོའི་དཔོན་རིགས་དང་དམག་དོན་མི་སྣ་ཐུག་འཕྲད་ཀྱིས་ས་ཚིགས་བསྐྲུན་ཐབས་བྱ་རྒྱུ་ཡིན་ལུགས་སོགས་བཤད་ཡོད་འདུག

ད་ལན་གྱི་རྒྱ་དཀར་ནག་གཉིས་ཀྱི་ཆེས་མཐོའི་མི་སྣའི་ཐུག་འཕྲད་དེའི་སྟེང་། ཕྱོགས་གཉིས་ཀྱི་མཐའ་མཚམས་སྲུང་སྐྱོབ་ཀྱིས་མཉམ་འབྲེལ་འཕེལ་རྒྱས་ལ་གནོད་འཚེ་མི་གཏོང་བར་ཚགས་ཚུད་དང་ལྷིང་འཇགས་རང་བཞིན་གྱི་ཐོག་ནས་མཉམ་ལས་སྤེལ་རྒྱུ། ཕྱི་ལོ་ ༢༠༠༥ ལོའི་རྒྱ་དཀར་ནག་གཉིས་ཀྱི་ཧིན་བོད་མཐའ་མཚམས་ཀྱི་དམག་དོན་དང་འབྲེལ་བའི་མཉམ་འབྲེལ་ཡིག་ཆ་བསྐྱར་གསོ་དང་མུ་མཐུད་དྲང་བདེན་གྱི་ལམ་ནས་གཙི་སྲུང་གནང་ཐབས། ཕྱོགས་གཉིས་ཀྱིས་མཉམ་ལས་དང་བརྟན་བརླིང་གི་ཐོག་ནས་མཐའ་མཚམས་འཛུགས་སྐྲུན་གྱི་ལས་དོན་ལ་གཞོལ་རྒྱུ། ཕྱོགས་གཉིས་ཀྱི་མཉམ་འབྲེལ་ཚོང་དོན་སླད་སྣ་ཐོད་ལའི་ཚོང་དོན་འགག་སྒོ་ཕྱེ་རྒྱུ་དང་། ཧིན་དྷུའི་ཆོས་པ་རྣམས་བོད་ནང་གི་གངས་རིན་པོ་ཆེར་གནས་མཇལ་གཏང་རྒྱུ། ཕྱོགས་གཉིས་ཀྱིས་ཧིན་བོད་མཐའ་མཚམས་སུ་དམིགས་བསལ་དཔོན་རིགས་ཐུག་འཕྲད་དང་གྲོས་མོལ་གྱིས་ས་ཚིགས་བསྐྲུན་ཐབས། ལོ་རྗེས་མར་རྒྱ་གར་དུ་ཕྱོགས་གཉིས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་འདུ་ཞིག་བསྡུ་རྒྱུ་བཅས་ཀྱི་དོན་ཚན་དྲུག་ལ་མོས་མཐུན་བྱུང་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན།  ཕྱོགས་གཉིས་བར་ཐེངས་མང་པོར་གྲོས་མོལ་བྱས་ཡོད་ཀྱང་དོན་འབྲས་དེ་ཙམ་ཐོན་མེད་པར་བརྟེན་འཁོན་འཛིང་ཆེ་རུ་ཕྱིན་ཏེ། འདས་པའི་ལོ་ཤས་རིང་རྒྱ་དཀར་ནག་གཉིས་བར་ཧིན་བོད་མཐའ་མཚམས་ཁུལ་དུ་གདོང་ཐུག་ཡང་ཡང་བྱུང་ནས་གནས་སྟངས་ཛ་དྲག་ཅན་དུ་གྱུར། དེ་བཞིན་ཕྱོགས་གཉིས་ནས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་པོ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་བཞིན་ཡོད་པ་མ་ཟད། དེ་རིང་རྒྱ་གར་ཧིན་དྷུ་སི་ཐན་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ཁྲོད། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ལོར་རྒྱ་དཀར་ནག་གི་དམག་མི་གདོང་ཐུག་བྱུང་སའི་འབྲོག་ལམ་ཁུལ་དུ། ཉུང་མཐར་ཡང་དུད་ཚང་ ༢༢ ཅན་གྱི་གྲོང་ཚོ་ཞིག་གསར་འཛུགས་ཀྱིས་ཁུལ་དེར་བརྟན་སྲུང་དང་འབྲུག་རྒྱལ་ཁབ་ཁུལ་དུ་རྒྱ་ནག་གཞུང་གི་དབང་སྐྱེད་གང་ཐུབ་བྱེད་མུས་ཡིན་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༥ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༨ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese