མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་དང་ཡུ་གུར་མི་རིགས་ལ་རྒྱབ་སྐྱོར་གནང་མཁན་མི་སྣ་ ༢༠ ལ་ཉེས་ཆད་བཀལ།

བོད་ཀྱི་དུས་བབ།
༢༠༢༤/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་གཉིས་ཀྱི་ཚོགས་མི་དང་འབྲེལ་ཡོད་མི་སྣ་ ༢༠ ལ་དཔལ་འབྱོར་གྱི་ཉེས་ཆད་དང་རྒྱ་ནག་ཏུ་འགྲོ་འོང་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག

Hongkongers, Tibetans, Uyghur Muslims and their supporters march through central London against the Chinese Communist Party on World Human Rights Day in London, United Kingdom on December 10, 2022.

ཟླ་འདིའི་ཕྱི་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་བརྒྱད་ཀྱིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བར་དཔལ་འབྱོར་གྱི་ཉེས་ཆད་བཅད་པར་བརྟེན། ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ཁེ་ན་ཌའི་ནང་ཡོད་པའི་བོད་དོན་ཚོགས་པ་དང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་ (Canada’s Uyghur Rights Advocacy Project)། དེ་བཞིན་ཚོགས་པ་དེ་གཉིས་ཀྱི་སྣེ་ཁྲིད་པ་དང་ལམ་སྟོན་གནང་མཁན་སོགས་འབྲེལ་ཡོད་ཚོགས་མི་ ༢༠ ཡི་རྒྱུ་དངོས་རྣམས་གཞུང་འབྲེལ་བཀག་སྡོམ་དང་། འབྱུང་འགྱུར་ཚོགས་པ་དེ་དག་དང་ལྷན་དུ་རྒྱུ་དངོས་དང་ཚོང་ལས་སོགས་ཀྱི་ལས་དོན་གང་ཡང་སྤེལ་མི་ཆོག་པ་མ་ཟད།  ཉེས་ཆད་ཀྱི་ཁོངས་སུ་ཚུད་པའི་མི་ ༢༠ རྒྱ་ནག་དང་ཧོང་ཀོང་། དེ་བཞིན་ཨོ་མིན་ (Macau) བཅས་ཀྱི་ནང་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་འདུག

རྒྱ་ནག་གིས་དཔལ་འབྱོར་ཉེས་ཆད་བཅད་པའི་ཚོགས་མི་ ༢༠ ལས་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༥ དང་ཁེ་ན་ཌའི་ནང་ཡོད་པའི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པའི་ཚོགས་མི་ ༡༥ ཡོད་འདུག དེ་ཡང་། རྒྱ་ནག་གིས་ཉེས་ཆད་བཅད་པའི་ཚོགས་མི་ནི། ཁེ་ན་ཌའི་བོད་དོན་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་དང་། ལྷ་ལུང་པ་བསམ་འཕེལ་རྡོ་རྗེ་ (Samphel Dorjee Lhalungpa)། དེ་བཞིན་ཚོགས་མི་གཞན་གསུམ་དང་། ཁེ་ན་ཌའི་ནང་ཡོད་པའི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ (Mehmet Tohti) ལགས་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཨོ་ཊ་ཝ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སི་ཁོ་ཊི་ (Scott Simon) ལགས། སློབ་དཔོན་ཇོན་ (John Packer) ལགས། ཁྲིམས་རྩོད་པ་སཱ་རཱ་ (Sarah Teich) ལགས། ཁྲིམས་རྩོད་པ་ཌེ་ཝི་ཌི་ (David Matas) ལགས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མར་ཁ་སི་ (Marcus Kolga)། ཚོགས་པ་དེའི་སྲིད་ཇུས་སློབ་སྟོན་པ་ཆར་ལེ་སི་བྷར་ཊོན་ (Charles Burton) ལགས་དང་། ཁེ་ན་ཌའི་དཔལ་འབྱོར་ལྷན་ཁང་གི་བློན་ཆེན་གཞོན་པའི་ཕྱག་རོགས་ཇོན་སི་ཊོན་ (Margaret McCuaig-Johnston) ལགས་སོགས་ཡིན་འདུག

གནད་དོན་དེའི་ཐད་ཁེ་ན་ཌའི་བོད་དོན་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་དམངས་གཙོ་སྤེལ་མཁན་གྱི་ཚོགས་པ་དེའི་ནང་ཞུགས་པའི་ཉིན་དང་པོ་ནས་བཟུང་། རྒྱ་ནག་གིས་ཁོང་ཚོའི་འགྲོ་འོང་དང་རྒྱུ་ནོར་སོགས་བཀག་སྡོམ་བྱ་རྒྱུ་ཡིན་པ་མགོ་འཚོས་ནས་བསྡད་ཡོད། དེ་བས་ད་ལན་རྒྱ་གཞུང་གིས་གཞུང་འབྲེལ་གྱི་ཐོག་ནས་ཡོངས་གྲགས་བཟོས་པ་ཙམ་རེད། ཅེས་དང་།  བོད་ནང་གི་བོད་ཕྲུག་རྣམས་ལ་བཙན་གྱིས་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པ་དང་། བོད་ནང་གི་ཁོར་ཡུག་གཏོར་བཤིག་གཏོང་བ། དེ་བཞིན་བོད་མི་མང་པོ་བཙན་གྱིས་གནས་སྤོར་བྱེད་བཞིན་པའི་གནད་དོན་སོགས་གླེང་སློང་བྱེད་པར་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་ལ། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ་འབྲེལ་གཏུག་བྱས་པ་ཙམ་གྱིས་བཙོན་འཇུག་བྱས་དང་བྱེད་མུས་ཡིན། ཞེས་ཁེ་ན་ཌའི་བོད་དོན་ཚོགས་པས་ཅེས་འགྲེལ་བརྗོད་གནང་འདུག

ཡང་། ད་ལན་རྒྱ་ནག་གི་ཉེས་ཆད་ཀྱི་ཁོངས་སུ་བཅུག་ཡོད་པའི་ཁེ་ན་ཌའི་དཔལ་འབྱོར་ལྷན་ཁང་གི་བློན་ཆེན་གཞོན་པའི་ཕྱག་རོགས་ཇོན་སི་ཊོན་ལགས་ཀྱིས། ད་ལན་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་ཉེས་ཆད་བཅད་པའི་ཐག་གཅོད་དེས། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་དབང་ཆ་བཟུང་བ་ནས་རྒྱ་ནག་ལ་འགྱུར་ལྡོག་ཇི་ཙམ་བྱུང་ཡོད་པ་མཚོན་ཡོད། དེ་སྔ་ཕྱི་ལོ་ ༢༠༡༤ ནས་ ༢༠༡༦ བར་ང་རང་ཁེ་ན་ཌ་དང་རྒྱ་ནག་གི་མཐུན་འབྲེལ་ཚོགས་པའི་ (Canada-China Friendship Society) ཚོགས་གཞོན་བྱས་མྱོང་ཡོད་ལ། སྐབས་དེར་པེ་ཅིན་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་དམིགས་ཏེ་ལས་ཀ་བྱས་མྱོང་། འོན་ཀྱང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་པའི་མིང་ཐོའི་ནང་ཡོད་པ་དང་། དེ་ནི་རྒྱ་ནག་གིས་རྒྱལ་ཁབ་དེའི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། རྒྱལ་ཁབ་དེའི་མི་མང་སྡུག་སྦྱོང་གཏོང་བ་དང་། ཁེ་ན་ཌ་ཚུད་པའི་རྒྱལ་ཁབ་གཞན་ལ་ངན་ཇུས་སྤེལ་བའི་མཇུག་འབྲས་བརྒྱ་ཆ་ ༡༠༠ ཐམ་པ་རེད། ཅེས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ད་རེས་རྒྱ་ནག་གཞུང་གིས་ཁེ་ན་ཌའི་ནང་ཡོད་པའི་བོད་མི་དང་ཡུ་གུར་བའི་ལས་འགུལ་ཚོགས་པ་དང་། ཚོགས་མི་ ༢༠ ལ་དཔལ་འབྱོར་གྱི་ཉེས་ཆད་དང་རྒྱ་ནག་ནང་འགྲོ་འོང་བཀག་སྡོམ་བྱ་རྒྱུའི་བཀའ་ཁྱབ་བསྒྲགས་པ་དེ་ནི། ཉེ་སྔོན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་བརྒྱད་ཀྱིས་བོད་དང་ཤར་ཊུར་ཀི་སི་ཐན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་བར་བརྟེན། དཔོན་རིགས་དེ་དག་གི་རྒྱུ་དངོས་རྣམས་གཞུང་འབྲེལ་བཀག་སྡོམ་སོགས་དཔལ་འབྱོར་གྱི་ཉེས་ཆད་བཏང་བ་དེ་ལ་འཁོན་ལན་བསློགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༧ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese