མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་བོད་དོན་ཚོགས་པ་སོགས་ཀྱིས་རྒྱ་ནག་ལ་རྒོལ་ལན་བསློགས།

བོད་ཀྱི་དུས་བབ།
༢༠༢༤/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་དང་ཡུ་གུར། ཧོང་ཀོང་དང་ཐའེ་ཝན། ཁེ་ན་ཌ་སོགས་ཀྱི་གཞུང་འབྲེལ་དང་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ནས་རྒྱ་ནག་གཞུང་ལ་རྒོལ་ལན་བསློགས་འདུག

ཁེ་ན་ཌའི་ཐའེ་ཝན་གྱི་ཚོང་འབྲེལ་དང་རིག་གཞུང་ལས་ཁུངས། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་གིས་ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཤར་ཊུར་ཀི་སི་ཐིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་གཉིས་ཀྱི་ཚོགས་མི་ཉི་ཤུར་ཉེས་ཆད་ཡོངས་བསྒྲགས་བྱས་པར་བརྟེན། དེ་རིང་ཁེ་ན་ཌའི་བོད་དོན་ཚོགས་པ་དང་འཛམ་གླིང་ཡུ་གུར་མཐུན་ཚོགས། དེ་བཞིན། ཁེ་ན་ཌར་གནས་སྡོད་ཐའེ་ཝན་གཞུང་འབྲེལ་སྐུ་ཚབ་ཁང་དང་ཧོང་ཀོང་གི་ཚོགས་པ། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱས་འདུག

གནད་དོན་དེའི་ཐད་འདི་གའི་གསར་འགོད་པས་བཀའ་འདྲི་ཞུས་པ་ལྟར་དྲ་ལམ་བརྒྱུད་ཁེ་ན་ཌའི་བོད་དོན་ཚོགས་པས། རྒྱ་ནག་གཞུང་གིས་ཁེ་ན་ཌའི་བོད་དོན་ཚོགས་པའི་ཚོགས་མི་ཡོངས་ལ་ཉེས་ཆད་བསྒྲགས་པ་ནི་གློ་བུར་ཐོལ་རྒྱག་ཅིག་ཡིན་ཡང་། དེས་ང་ཚོས་བོད་དོན་ཆེ་སྒྲུབ་བཞིན་པའི་ལས་དོན་རྣམས་མཚམས་འཇོག་བྱེད་མི་ཐུབ་པ་མ་ཟད། ང་ཚོས་མུ་མཐུད་བོད་དོན་སྔར་ལྷག་གིས་ལས་དོན་བསྒྲུབ་རྒྱུ་ཡིན། ཞེས་བརྗོད་བྱུང་།

དེ་བཞིན། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་ཀྱང་། རྒྱ་ནག་གི་བྱ་སྤྱོད་དེ་ནི་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་རྣམས་ལ་ཉེས་ཆད་གཅོད་པར་དམིགས་པའི་རྒྱུན་ལྡན་གྱི་བྱེད་སྟངས་ཤིག་ལས་གཞན་ཅི་ཡང་མ་རེད། འོན་ཀྱང་། ད་རེས་རྒྱ་ནག་གི་ཐག་གཅོད་དེ་ལས་ང་ཚོའི་ཤུགས་རྐྱེན་ཆེ་བའི་ལས་དོན་ཁག་འཛམ་གླིང་ཡོངས་སུ་ཁྱབ་ཡོད་པ་གསལ་འདོན་བྱས་སོང་། ཞེས་རྒྱ་ནག་གི་ཐག་གཅོད་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པའི་རྣམ་འགྱུར་བསྟན་འདུག

ཁེ་ན་ཌར་ཡོད་པའི་ཐའེ་ཝན་གྱི་ཚོང་འབྲེལ་དང་རིག་གཞུང་ལས་ཁུངས་ཀྱིས། ཤར་ཊུར་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་དང་བོད་དོན་ཚོགས་པ་གཉིས་ཀྱིས་སྙིང་སྟོབས་ཆེན་པོས་བདེན་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ཀྱིན་ཡོད་སྟབས། རྒྱ་ནག་གཞུང་གིས་ཚོགས་པ་གཉིས་ལ་ཉེས་ཆད་བསྒྲགས་ཏེ་བདེན་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་མཚམས་འཇོག་ཐབས་སུ་གྲུབ་འབྲས་ཐོབ་མི་སྲིད། ཅེས་བརྗོད་འདུག་པ་མ་ཟད། ང་ཚོ་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་གནང་མཁན་དག་གི་རྒྱབ་ཏུ་ལངས་རྒྱུ་ཡིན། ཞེས་བརྗོད་འདུག

ཁེ་ན་ཌའི་ཨོ་ཊན་རོའུ་གྲོས་ཚོགས་ཀྱི་ཚོགས་གཞོན་བུ་འཁྲིད་ལ་དཀར་པོ་ཆེ་ལགས་ཀྱིས། ཁེ་ན་ཌའི་གཞུང་ནས་ཁེ་ན་ཌའི་ནང་དང་དམངས་གཙོའི་རྒྱལ་ཁབ་ཁག་ཏུ་ཁེ་ན་ཌའི་མི་མང་ལ་རྒྱ་ནག་གི་ཉེས་ཆད་དེ་དག་ལག་བསྟར་མི་ཡོང་རྒྱུ་གཏན་འཁེལ་བྱེད་དགོས་ཞེས་བརྗོད་འདུག་ལ། དེ་བཞིན། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ (Michael Chong ) ལགས་ཀྱིས། ཁེ་ན་ཌའི་རྙིང་ཞེན་སྲིད་དོན་ཚོགས་པས། ། ཁེ་ན་ཌའི་མི་སེར་ ༢༠ ཡིས་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པའི་གནད་དོན་གླེང་སློང་བྱས་པ་ཙམ་ལ་ཉེས་ཆད་བཅད་པར་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད། སྐད་ཆ་བཤད་པ་ཙམ་གྱིས་ཉེས་ཆད་གཅོད་པ་ནི་སྐྱོན་ཆ་ཆེ་བའི་རྟགས་རེད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་བརྒྱད་ཀྱིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བར་དཔལ་འབྱོར་གྱི་ཉེས་ཆད་བཅད་པར་བརྟེན། ཕྱི་ཚེས་ ༢༢ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས།  ཁེ་ན་ཌའི་ནང་ཡོད་པའི་བོད་དོན་ཚོགས་པ་དང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་ (Canada’s Uyghur Rights Advocacy Project)། དེ་བཞིན་ཚོགས་པ་དེ་གཉིས་ཀྱི་སྣེ་ཁྲིད་པ་དང་ལམ་སྟོན་གནང་མཁན་སོགས་འབྲེལ་ཡོད་ཚོགས་མི་ ༢༠ ཡི་རྒྱུ་དངོས་རྣམས་གཞུང་འབྲེལ་བཀག་སྡོམ་དང་། འབྱུང་འགྱུར་ཚོགས་པ་དེ་དག་དང་ལྷན་དུ་རྒྱུ་དངོས་དང་ཚོང་ལས་སོགས་ཀྱི་ལས་དོན་གང་ཡང་སྤེལ་མི་ཆོག་པ་མ་ཟད།  ཉེས་ཆད་ཀྱི་ཁོངས་སུ་ཚུད་པའི་མི་ ༢༠ རྒྱ་ནག་དང་ཧོང་ཀོང་། དེ་བཞིན་ཨོ་མིན་ (Macau) བཅས་ཀྱི་ནང་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བོད་མི་སྙིང་སྟོབས་མཚོན་ཞེས་གསུངས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese