མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དམག་སྤྱི་ཆེན་མོ་གཉིས་ཕྱིར་ཕུད་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་བཅིངས་གྲོལ་དམག་གི་དམག་སྤྱི་ཆེན་མོ་གཞོན་པ་ཡུ་ཧའེ་ཐའོ་ (You Haitao) དང་། མཚོ་དམག་སྤྱི་ཁྱབ་ཟུར་པ་ལི་ཕན་ཁྲང་ (Li Pengcheng) གཉིས་ཀྱིས་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་དང་འགལ་ཡོད་པའི་ཉེས་མིང་འོག་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་འདུག

Lieutenant General You Haitao and Lieutenant General Li Pengcheng

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚང་འཛོམས་སྐབས། རྒྱ་ནག་བཅིངས་གྲོལ་དམག་གི་དམག་སྤྱི་གཞོན་པ་ཡུ་ཧའེ་ཐའོ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཚོ་དམག་སྤྱི་ཁྱབ་ལི་ཧྥང་ཁྲང་གཉིས་ཀྱིས་སྒྲིག་འགལ་ཚབས་ཆེན་བྱས་པའི་ཉེས་མིང་འོག་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་ཚུལ་བརྗོད་པ་ལས་རྒྱུ་རྐྱེན་གཞན་ཁ་གསལ་མེད་འདུག

གནད་དོན་དེའི་ཐད་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས། རྒྱ་ནག་གིས་དཔོན་རིགས་ཁག་ལ་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་ཉེས་མིང་འོག་ནས་ཞིབ་བཤེར་དང་ཁྲིམས་ཐག་བཅད་པའི་གནད་དོན་དེས་རྒྱ་ནག་གི་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བའི་དམིགས་ཡུལ་འགྲུབ་པར་འགོག་རྐྱེན་བཟོ་ཡི་ཡོད་སྐོར་བརྗོད་འདུག

རང་ལོ་ ༦༦ ཡིན་པའི་ཡུ་ཧའེ་ཐའོ་ནི་ནན་ཅིན་ཁུལ་གྱི་དམག་དཔུང་ (Nanjing Military Region) གི་དམག་སྤྱི་ཆེན་མོ་གཞོན་པ་ཡིན་ཞིང་། ཕྱི་ལོ་ ༢༠༡༤ ལོར་ནན་ཅིན་དམག་སྒར་གྱི་དམག་སྤྱི་གཞོན་པར་བསྐོ་གཞག་བྱས། དེ་ནས་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་བཅིངས་གྲོལ་དམག་གི་རྐང་དམག་དམག་སྤྱི་ཆེན་མོ་གཞོན་པའི་ལས་འགན་ཁུར། གཞན་ཡང་། རང་ལོ་ ༦༡ ཡིན་ལི་ཕན་ཁྲང་ནི་རྒྱ་ནག་བཅིངས་གྲོལ་དམག་གི་ལྷོ་རྒྱུད་དམག་སྤྱི་གཞོན་པ་སྟེ། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ལྟ་སྲུང་བྱེད་པའི་དམག་དཔུང་གི་སྡེ་ཁག་ཡིན་ཞིང་། མཚོ་དམག་གི་ལག་ཆའི་སྦྱོང་བརྡར་བསྟི་གནས་ཁང་ (Navy Equipment Research Institute) གི་འགན་འཛིན། ཤར་རྒྱ་མཚོའི་ཁུལ་གྱི་དམག་དཔུང་གི་དམག་སྤྱི་སོགས་ཀྱི་ལས་ཀ་བྱས་མྱོང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏུང་ཅིན་ (Dong Jun) ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཁོ་ནི་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཞིབ་བཤེར་བྱས་པ་ཐེངས་གསུམ་པ་དེ་ཡིན་ཞིང་།  ད་ལྟའི་ཆར་ཏུང་ཅིན་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཞིབ་བཤེར་བྱེད་བཞིན་ཡོད་ཟེར་བ་ཙམ་ལས་རྒྱུ་རྐྱེན་གཞན་གསལ་ཁ་མི་འདུག ད་དུང་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་རྒྱ་ནག་དབུས་དམག་སྲིད་ལྷན་ཁང་གི་དམག་ཇུས་ཚན་པའི་འགན་འཛིན་མེའོ་ཧྭ་ཡིས་སྒྲིག་འགལ་ཚབས་ཆེན་བྱས་པའི་ཉེས་མིང་ལས་གནས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

ཞི་ཅིན་ཕིན་གྱི་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་འོག་འདས་ལོ་གཅིག་པུར་རྒྱ་ནག་བཅིངས་གྲོལ་དམག་མིའི་དམག་སྤྱི་དགུ་ཏང་དང་གཞུང་གི་གོ་གནས་ནས་ཕྱིར་ཕུད་བྱས་ཡོད་ལ། འདས་ལོའི་ཕྱི་ཟླ་ ༦ ནང་རྒྱལ་སྲུང་བློན་ཆེན་ཟུར་པ་ལི་ཧྲན་ཧྥོའུ་ (Li Shangfu) དང་། དེ་སྔའི་རྒྱལ་སྲུང་བློན་ཆེན་ཝའེ་ཧྥང་ཧཱ་ (Wei Fenghe) ཟེར་བ་གཉིས་ནས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ནས་སྒྲིག་འགལ་ཚབས་ཆེན་བྱས་ཡོད་ཟེར་ནས་ཕྱིར་ཕུད་བཏང་སྟེ། ད་ལྟའང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཁོངས་ཀྱི་མཐོ་རིམ་དཔོན་རིགས་མང་པོ་ཞིག་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་ནས་གོ་གནས་ནས་ཕྱིར་ཕུད་གཏོང་གི་ཡོད་ཀྱང་། རྒྱ་ནག་དབུས་གཞུང་གིས་གནད་དོན་དེ་དག་ཡོངས་བསྒྲགས་བྱེད་ཀྱི་མེད་པ་དང་། ཕྱོགས་གཅིག་ནས་བཅིངས་གྲོལ་དམག་གི་གཙོ་འཛིན་ཞི་ཅིན་ཕིན་ཡིན་པར་བརྟེན། ནང་ཁུལ་གྱི་རྙོག་ཟིང་རིགས་ཕྱི་ལ་བསྒྲགས་ནས་གནད་དོན་མི་ལྷག་ཐབས་དང་། མཐོ་རིམ་མགོ་ཁྲིད་མང་པོ་ཞིག་གོ་གནས་ནས་ཕྱིར་ཕུད་བཏང་བ་ལས་འཛིན་བཟུང་འདྲི་རྩད་རིགས་དང་བཙོན་ཁང་སོགས་སུ་བཅུག་མེད་པ་དེས་དམག་ཁོངས་ལ་བརྡབ་གསིག་མི་བཟོ་བའི་ཆེད་དུ་ཡིན་ཚུལ་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese