མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་༧སྐུའི་ཡང་སྲིད་ཐད་གྲ་སྒྲིག་བྱེད་བཞིན་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་འགྲེམས་སྟོན་བྱས་ཏེ་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་གྲ་སྒྲིག་དང་དྲིལ་བསྒྲགས་བྱེད་བཞིན་འདུག་ཟེར།

Tibetans are playing Sho while Wang is making inspection tour in Tibet, July 27, 2023 (Xinhua/Yan Yan)

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྟེན་གཞི་བྱས་ཡོད་པའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་དུ། བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་སྐོར་གྱི་འགྲེམས་སྟོན་ཞིག་བྱས་ཡོད་ཅིང་། འགྲེམས་སྟོན་དེའི་ཐོག་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་བཞི་པ་དང་མི་དམངས་སྲིད་གྲོས་ཚོགས་ཆེན་གྱི་ཚོགས་གཙོ་ཝང་ཧུའུ་ཉིང་དང་། རྒྱ་ནག་རྒྱལ་ཁབ་ཀྱི་ཆེས་མཐོའི་སློབ་སྟོན་པའི་མགོ་ཁྲིད་ཁག་ཅིག་བཅས་མཉམ་ཞུགས་བྱས་ཡོད་འདུག  བོད་ཀྱི་རིག་གཞུང་འགྲེམས་སྟོན་ཟེར་བའི་ནང་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་གཙོས་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ལོ་རྒྱུས་ཐོག་ནས་རྒྱ་ནག་གཞུང་ལ་བདག་དབང་ཡོད་པ་གསལ་བཤད་བྱས་ཡོད་པ་མ་ཟད།  བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལུགས་བཤད་འདུག

ཝང་ཧུའུ་ཉིང་གཙོས་རྒྱ་ནག་གི་སྲིད་གྲོས་མགོ་ཁྲིད་ཚོས་རྒྱ་ནག་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱེད་དགོས་པ་དང་། རྒྱ་ནག་ནང་གི་མི་རིགས་ཚང་མས་རྒྱལ་ཁབ་ཀྱི་འདུ་ཤེས་བརྟན་པོ་འཛིན་རྒྱུ་དང་། རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ནུས་པ་འཛུགས་སྐྲུན་བྱ་རྒྱུ་གལ་ཆེན་ཡིན་ལུགས་སོགས་བཤད་འདུག

དེའི་སྐོར་ལ་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ཐོག་ཉམས་ཞིབ་པ་ཞིན་ལུའུ་ལིང་ (Xinlu Liang) གྱིས། རྒྱ་ནག་གི་ཆེས་མཐོའི་ཆབ་སྲིད་སློབ་སྟོན་པས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་སྐོར་ལ་འགྲེམས་སྟོན་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སང་ལོ་དགུང་ལོ་ ༩༠ ཕེབས་བཞིན་པའི་བཙན་བྱོལ་དུ་བཞུགས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ལ་རྒྱ་ནག་གཞུང་གིས་གདོང་ལེན་གྱི་གྲ་སྒྲིག་ཆེད་ཡིན་པ་རེད། ཅེས་དང་། ༧གོང་ས་མཆོག་ནས་༧སྐུའི་ཡང་སྲིད་ཀྱི་གནས་བབ་དེ་ལོ་རྗེས་མའི་ཕྱི་ཟླ་ ༧ ནང་གསལ་བསྒྲགས་བྱེད་སྲིད་སྐོར་བརྗོད་ཡོད་ཅེས་བཤད་འདུག

ད་ལན་ཝང་ཧུའུ་ཉིང་གིས། འདས་པའི་ལོ་བཞི་བཅུའི་རིང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ཁང་གིས་བོད་རང་སྐྱོང་ལྗོངས་དང་། བོད་རིགས་འདུས་སྡོད་ཀྱི་ཞིང་ཆེན་ཁག་གཞན་བཞིའི་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་སོགས་ལ་ཉམས་ཞིབ་བྱས་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་བོད་རིག་པའི་གསར་གཏོད་ལྡན་པའི་འགྲེམས་སྟོན་ལ་ལྟ་ཞིབ་བྱས་ཡོད་འདུག

ཧོང་ཀོང་ཚན་རིག་ལག་རྩལ་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ནག་གི་གྲངས་ཉུང་མི་རིགས་སྐོར་ལ་ཉམས་ཞིབ་བྱེད་མཁན་བྷར་རི་སུ་ཌི་མན་ (Barry Sautman) ལགས་ཀྱིས། བོད་ཀྱི་རིག་གཞུང་འགྲེམས་སྟོན་ཁང་ཟེར་བ་དེ་རྒྱ་ནག་ནང་གི་བོད་རིག་པ་སློབ་སྦྱོང་བྱེད་སའི་སྒྲིག་འཛུགས་ཆེ་ཤོས་ཤིག་རེད།  ཝང་ཧུའུ་ཉིང་ནི་སྤྱི་ཚོགས་ཚན་རིག་པ་ཞིག་རེད། ཁོ་རང་ཞིབ་འཇུག་ཁང་དུ་ལྟ་སྐོར་དུ་ཡོང་དོན་ནི་ཞིབ་འཇུག་ཁང་གི་ཞིབ་འཇུག་གྲུབ་འབྲས་ལ་རྒྱུས་ལོན་བྱེད་ཆེད་དང་།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་བོད་དང་འབྲེལ་ཡོད་ཀྱི་རྒྱ་ནག་གི་ལས་ཁུངས་ཁག་ཏུ་གྲ་སྒྲིག་ཞིབ་ཚགས་བྱེད་ཆེད་ཡིན་པ་རེད། ཅེས་བརྗོད་འདུག

ད་དུང་ཉམས་ཞིབ་པ་བྷར་རི་སུ་ཌི་མན་ (Barry Sautman) ལགས་ཀྱིས། ཝང་ཧུའུ་ཉིང་གིས་སྣེ་འཁྲིད་པའི་དབུས་བོད་སྐྱོར་ལས་དོན་ཟེར་བའི་སྡེ་ཁག་བོད་ནང་བསྐྱོད་དེ་ལས་དོན་ལག་བསྟར་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༨ ནང་ཝང་ཧུའུ་ཉིང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་མཉམ་དུ་བོད་ཀྱི་དཀར་མཛེས་དང་རྔ་བ་སོགས་བོད་རིགས་རྒྱ་ཆེ་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་སྐོར་སྐྱོད་བྱས་པ་ནི་ལས་འགུལ་ཆེན་པོ་ཞིག་རེད། ཅེས་དང་། རྒྱ་ནག་དབུས་གཞུང་གི་དཔོན་རིགས་ཚོ་བོད་ཀྱི་གནད་དོན་ཐད་སེམས་འཁུར་ཆེ་བས། ད་རེས་ཝང་ཧུའུ་ཉིང་གིས་ཀྱང་བོད་ཀྱི་ཐོག་རྒྱུས་ལོན་ཞིབ་ཚགས་བྱེད་པའི་དམིགས་ཡུལ་གཙོ་བོ་བཟུང་ཡོད། ཅེས་བརྗོད་འདུག

དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གི་ཆོས་ལུགས་སྡེ་ཚན་གྱི་འགན་འཛིན་གཞོན་པ་ལྷ་བྱམས་རྒྱལ་གྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་ནག་གི་ཕྱི་ལོགས་སུ་བཞུགས་ཡོད་ཀྱང་། ༧སྐུའི་ཡང་སྲིད་དེ་རྒྱ་ནག་གི་ཁྲིམས་དབང་འོག་ཏུ་གནས་ཡོད་པས།  རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དོ་དམ་བྱེད་པར་སྲོལ་རྒྱུན་གྱི་འགྲོ་ལུགས་ཤིག་ཆགས་ཡོད་ལུགས་སྤེལ་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese