མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་ཀྱི་རྩོད་གཞི་གསར་པ།

བོད་ཀྱི་དུས་བབ།
༢༠༢༤/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆེས་ཆེ་བའི་ཆུ་རགས་གསར་རྒྱག་བྱས་པ་དེས། བོད་དང་རྒྱ་གར། བྷང་ག་ལ་སོགས་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཤུགས་ཆེན་ཐེབས་ཉེན་ཡོད་པ་མ་ཟད་ཨེ་ཤ་ཡའི་ལྷོ་རྒྱུད་རྒྱལ་ཁབ་ཁག་ཏུ་ཆུ་ལོག་འབྱུང་ཉེན་ཡོད་འདུག

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༤།༡༢།༣༡

ཉེ་ལམ་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཨ་ཇི་ཐི་དྷོ་ཝལ་(Ajit Doval ) དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་(Wang Yi) གཉིས་ཀྱི་སྣེ་འཁྲིད་པའི་ཚོགས་ཆུང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཐུག་འཕྲད་བྱས་ཏེ། རྒྱ་དཀར་ནག་གཉིས་ཀྱི་ཧིན་བོད་མཐའ་མཚམས་ཀྱི་རྩོད་གླེང་ཞི་འཇགས་ཡོང་ཐབས་སོགས་མཚོན་པའི་ཕྱོགས་གཉིས་བར་དོན་ཚན་དྲུག་གི་ཐོག་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་སྟབས། འཛམ་གླིང་གི་རྒྱལ་ཁབ་མང་པོས་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་རྩོད་གླེང་ཞི་འགྲིག་ཡོང་ནས། ཨེ་ཤ་ཡའི་སྲིད་འབྱོར་རིག་གསུམ་གྱི་གནས་བབ་གོང་མཐོར་ཡོང་རྒྱུར་རེ་དམིགས་ཆེན་པོ་བཅང་མུས་ཡིན་ཡང་། རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆེས་ཆེ་བའི་ཆུ་རགས་གསར་རྒྱག་གི་ལས་གཞི་སྤེལ་འཆར་ཡོད་པ་ནི་སླར་ཡང་རྒྱ་ནག་དཀར་ནག་གཉིས་ཀྱི་རྙོག་འཛིང་ཆེ་བའི་རྩོད་གཞི་ཞིག་ཏུ་འགྱུར་ཉེན་ཡོད་པ་མ་ཟད། དེས་རྒྱ་གར་དང་བྷང་ག་ལ་གཙོས་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ལ་ཆུའི་འཇིག་པ་ཡོང་ཉེན་ཆེན་པོ་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན།  རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་གསར་རྒྱག་བྱ་འཆར་ཡོད་པའི་གློག་འདོན་ཆུ་རགས་དེར་ཨ་སྒོར་ཐེར་འབུམ་ ༡༣༧ ལྷག་གིས་འགྲོ་གྲོན་བཏང་ནས་འབྲི་ཆུའི་འགག་གསུམ་གློག་འདོན་ས་ཚིགས་ལས་ཀྱང་ཆེ་བའི་ཆུ་རགས་ཤིག་ཡིན་ཞིང་། ཉུང་མཐར་ཡང་མི་གྲངས་ས་ཡ་ ༡།༤ ལྷག་ས་གནས་ནས་གནས་སྤོར་བྱ་དགོས་ཁེལ་བ་མ་ཟད། ཆུ་རགས་དེ་ནི་བརླན་དང་འབབ་ཞོད་ཆེ་ཁུལ་དུ་གསར་རྒྱག་དང་། དེའི་ལོ་རེར་གློག་ཚད་ཀེ་ལོ་ཝཊི་(kilowatt) ཐེར་འབུམ་ ༣༠༠ ལ་མཁོ་འདོན་ཐུབ་པའི་རེ་བ་བཅང་མུས་ཡིན་པས། ད་ལྟ་བོད་ནང་གི་གློག་འདོན་ས་ཚིགས་ཆེ་ཤོས་སུ་གྱུར་བའི་འབྲི་ཆུའི་འགག་གསུམ་གློག་འདོན་ས་ཚིགས་དང་བསྡུར་ན་ལྡབ་གསུམ་ལྷག་གིས་ཤུགས་ཚད་ཆེ་བ་ཡོད་འདུག

ད་ལན་ཡང་རྒྱ་ནག་གཞུང་གིས་འཛམ་གླིང་གི་ཆེས་ཆེ་བའི་ཆུ་རགས་གསར་རྒྱག་གི་ལས་གཞི་སྤེལ་ནས། ཁུལ་དེ་དག་གི་མི་མང་ལ་མཐུན་རྐྱེན་སྔར་ལྷག་སྦྱོར་སྤྲོད་དང་། ལས་གནས་མཁོ་སྤྲོད། གློག་གི་མཐུན་རྐྱེན་ཇེ་ལེགས་སུ་གཏང་རྒྱུ་ཡིན་ལུགས་སོགས་བསྒྲགས་ཡོད་ཀྱང་། ཕྱི་ལོ་ ༢༠༢༤ ལོ་གཅིག་པུར་རྒྱ་ནག་གཞུང་གིས་དགེ་སྡེ་དབོན་སྟོད་ཁུལ་གྱི་གྲོང་སྡེ་སོགས་གནས་སྤོར་དང་། དེ་བཞིན་བོད་མཚོ་ལྷོ་བྲག་དཀར་རྫོང་གི་ནག་སྟོད་སྨད་བར་གསུམ་གྱི་ཁྱིམ་ཚང་ ༡༠༨༥ ཡི་མི་གྲངས་ ༤༥༥༤ གནས་སྤོར་དང་། ཡང་ཕྱི་ཟླ་ ༤ ནང་མགོ་ལོག་ཁུལ་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་བའི་ཉེ་འགྲམ་གྱི་རྨ་ཆུའི་བཞུར་རྒྱུན་མཐོ་ཤོས་ཁུལ་དུ། མར་སྟེང་ཆུ་མཛོད་ཟེར་བ་གསར་རྒྱག་བྱས་ནས། ཁུལ་དེའི་ཁྱིམ་ཚང་བརྒྱ་ལྷག་ལ་དངུལ་འབོར་ཆེན་སྤྲད་ནས་གནས་སྤོར་བྱེད་བཅུག་ཡོད་པ་མ་ཟད། ཆུ་མཛོད་གསར་རྒྱག་བྱས་པ་ལ་བརྟེན་ནས་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཞི་བའི་སྐབས་ཀྱི་བཀའ་བརྒྱུད་པའི་དགོན་ཤུལ་ཞིག་དང་། ཨ་མ་མ་ལྕམ་ལྷ་མོ་ཞེས་པའི་གཞི་བདག་ཅིག རྭ་རྒྱའི་གདོད་མའི་ནགས་ཚལ་དག་ཆུའི་འོག་ཏུ་ནུབ། འདི་ལོའི་ཕྱི་ཟླ་ ༡༠ ཟླ་མཇུག་ཙམ་ནས་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཡ་རྫི་ (རྒྱ་སྐད་དུ་ཞིན་ཧྭ།) རྫོང་ཀ་རིང་བོད་རིགས་ཞང་ཁོངས་ཀྱི་གནས་རི་ཨ་མྱེས་ར་སྟོད་ཉིལ་སྲིད་རབས་བཤད་ནས། རི་འདབས་ཀྱི་ཡ་ཀ་སྡེ་བ་དང་བིས་ཚང་སྡེ་བ་གཉིས་ཀྱི་ཕྱེད་ཀ་ས་གནས་གཞན་དུ་སྤོར་དགོས་པའི་བཀོད་ཁྱབ་བཏང་སྟེ།   ཀ་རིང་ལུང་པར་ཁྱོན་ས་མ་འབྲོག་གི་སྡེ་བ་ཆེ་ཆུང་ ༢༢ ཡས་མས་ཤིག་དང་། ཡ་ཀ་སྡེ་བར་དུད་ཁྱིམ་  ༢༠༠ ཡས་མས། བིས་ཚང་སྡེ་བར་དུད་ཁྱིམ་ ༡༠༠ ལྷག་ཡོད་པའི་གྲས་ནས་བརྒྱ་ཆའི་སུམ་ཅུ་ལྷག་ཨ་མྱེས་ར་སྟོད་གནས་རིའི་རི་འདབས་དང་རི་སྟེང་དུ་འཁེལ་ཡོད་སྟབས། དུད་ཁྱིམ་མང་པོ་ས་གནས་གཞན་དུ་གནས་སྤོར་བྱ་དགོས་པའི་བཙན་བཀའ་བཏང་བའི་གནས་ཚུལ་ཐོན་ཡོད།

གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཉེ་ལམ་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་འགྲིག་མཐུན་བྱུང་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ནུས་པ་སྔར་ལས་ཆེར་སྐྱེད་དང་འབྲེལ་ལམ་ལ་བཟང་ཕྱོགས་ནས་ནུས་པ་འཐོན་རྒྱུར་རེ་བ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆེས་ཆེ་བའི་གློག་འདོན་ཆུ་རགས་གསར་རྒྱག་བྱ་རྒྱུ་ཡིན་པ་དེས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཤུགས་ཆེན་བཟོས་པ་མ་ཟད། གནད་དོན་དེ་ནི་འབྱུང་འགྱུར་རྒྱ་དཀར་ནག་གཉིས་ཀྱི་ཆེས་རྩོད་གླེང་ཆེ་བའི་ཁ་མཆུ་ཞིག་ཏུ་འགྱུར་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག རྒྱ་ནག་གཞུང་གིས་ཁུལ་དེར་ཆུ་རགས་གསར་རྒྱག་བྱེད་པ་དེས། རྒྱ་གར་གྱི་ཞིང་ལས་ཐོན་སྐྱེད་དང་། གློག རྒྱ་གར་དུ་བཞུར་མུས་ཡིན་པའི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་གྱི་ས་ཁམས་ལ་གནོད་འཚེ་ཐེབས་ཉེན་ཡོད་པ་མ་ཟད། རྒྱ་གར་གཙོས་ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་མང་དག་ཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐེབས་ཉེན་ཡོད་སྟབས། རྒྱ་ནག་གཞུང་གིས་ཨེ་ཤ་ཡའི་ལྷོ་རྒྱུད་དུ་བཞུར་མུས་ཡིན་པའི་གཙང་པོ་དག་བདག་བཟུང་དང་། རྒྱ་གར་སོགས་ཀྱིས་ཆུ་འཇིག་པ་ལས་སྐྱོབ་སླད་རྒྱ་ནག་གི་དབང་ཤུགས་དང་བཙན་སྐུལ་ལ་ཉན་འཇོག་བྱ་དགོས་ཁེལ་སྲིད་པས། རྒྱ་གར་གཞུང་གིས་འདས་ལོ་ནས་ཡར་ཀླུང་གཙང་པོའི་ཆུ་ལོག་གི་འཇིག་པ་ལས་སྐྱོབ་སླད་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ཁུལ་དུ་ཆུ་རགས་གསར་རྒྱག་གི་ལས་གཞི་ཞིག་ཀྱང་སྤེལ་མུས་ཡིན་པ་རེད། ཡང་ཆབ་སྲིད་ཆེད་མཁས་པ་ཁག་ཅིག་གིས། ཡར་ཀླུང་གཙང་པོ་ནི་བོད་ནས་རྒྱ་གར་དུ་བཞུར་གྱིན་ཡོད་པས། དེ་ནི་འབྱུང་འགྱུར་རྒྱ་དཀར་ནག་གཉིས་ཀྱིས་ཆུའི་རྩོད་རྙོག་སློང་ས་གཙོ་བོ་དེ་ཡིན་པའི་ཁར། རྒྱ་ནག་གིས་ཨེ་ཤ་ཡའི་ལྷོ་རྒྱུད་རྒྱལ་ཁབ་ཁག་ལ་ཆུས་དམག་འཁྲུག་རྒྱག་ཉེན་ཡོད་པའི་ཚོད་དཔག་ཀྱང་བྱེད་ཀྱིན་འདུག

ཟླ་འདིའི་ཕྱི་ཚེས་  ༤  ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༠༠ ནས་རྒྱ་ནག་གཞུང་གིས་ཉུང་མཐར་ཡང་བོད་ནང་གི་ས་གནས་ཁག་མི་འདྲ་བ་ ༡༩༣ གྱི་་བརྒྱ་ཆ་ ༨༠ ཙམ་ལ་ཆུ་གློག་ཁང་ཆེ་གྲས་འཛུགས་སྐྲུན་དང་གློག་ཤུགས་ཀྱི་ཚད་ ༡༠༠ (MW)  ལས་མཐོ་བ་ཡིན་སྟབས། བོད་ཀྱི་ཤེས་རིག་དང་། རང་བྱུང་ཁོར་ཡུག་གི་བརྟན་བརླིང་། གནམ་གཤིས་སོགས་སུ་ཉེན་ཁ་ཚབས་ཆེན་བཟོ་མུས་ཡིན་པའི་ཁར། ད་ལྟའང་རྒྱ་ནག་གཞུང་གིས་བོད་ནང་དུ་གསར་རྒྱག་བྱེད་མུས་དང་འཆར་གཞི་ཡོད་པའི་ཆུ་གློག་ཁང་བརྒྱ་ཆ་ ༥༩ ཡོད་པའི་མུར། ཕྱི་ལོ་ ༢༠༠༠ ནས་ད་བར་རྒྱ་ནག་གཞུང་གིས་འབྲི་ཆུ་དང་། ཡར་ཀླུང་གཙང་པོ།  རྨ་ཆུ། རྒྱལ་མོ་རྔུལ་ཆུ། སེངྒེ་གཙང་པོ་བཅས་སུ་ཆུ་གློག་ཁང་གསར་རྒྱག་གི་འཆར་གཞི་སྒྲིག་ཟིན་པའི་བརྒྱ་ཆ་ ༣༨ དང་། འཆར་གཞི་སྒྲིག་བཞིན་པའི་བརྒྱ་ཆ ༤༠། འཛུགས་སྐྲུན་གྱི་ལས་གཞི་སྤེལ་མུས་ཡིན་པའི་བརྒྱ་ཆ ༢༦། བཟོ་སྐྲུན་ཟིན་པའི་བརྒྱ་ཆ་ ༥༤ བཅས་ཡིན་པའི་ཁོངས།  ད་བར་བོད་ནང་དུ་ཆུ་རགས་གྲངས་ ༥༤ གསར་རྒྱག་ཟིན་པ་དང་ཆུ་རགས་གྲངས་ ༢༦ འཛུགས་སྐྲུན་བྱེད་མུས་ཡིན་འདུག

ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་ ༨༨ ལྷག་གི་འགྲོ་གྲོན་བཏང་ནས་བོད་ཀྱི་འབྲི་ཆུར་འགག་གསུམ་གློག་འདོན་ས་ཚིགས་བཙུགས་ནས། ཕྱོགས་ཡོངས་ནས་མི་མང་གི་འཚོ་བ་ཡར་སྐྱེད་དང་སྔར་ལས་ལྷག་པའི་མཐུན་རྐྱེན་སྦྱོར་སྤྲོད་བྱས་ཡོད་ལུགས་ཀྱི་དྲིལ་བསྒྲགས་མང་དག་ཅིག་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་འབྲི་ཆུའི་འགག་གསུམ་གློག་འདོན་ས་ཚིགས་བཙུགས་རྗེས། ཁུལ་དེར་ཆུ་ལོག་དང་། རི་ཉིལ། ཡུལ་ཚོ་མང་པོ་ཆུས་སྣུབ་པའི་གནས་ཚུལ་རིམ་པས་ཐོན་ཡོད་པས། ཁུལ་དེར་ཆགས་པའི་གྲོང་སྡེ་མང་པོ་ཞིག་ཉེན་གཡོལ་དང་གནས་སྤོར་དུ་མི་འགྲོ་བཀའ་མེད་གྱུར་ཡོད། རྒྱ་ནག་གཞུང་གིས་བོད་ནང་གི་གཙང་པོ་དག་ལ་ཆུ་རགས་གསར་རྒྱག་དང་ཆུ་སྣེ་བསྒྱུར་ནས། བོད་ནང་གི་བོད་མི་རྣམས་ཀྱི་འཚོ་གནས་ལ་དཀའ་ངལ་འཕྲད་མུས་ཡིན་པའི་ཁར། འཛུགས་སྐྲུན་དེ་དག་གི་དབང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལའང་དོ་ཕོག་ཆེན་པོ་ཐེབས་ནས། ལོ་རེ་བཞིན་བོད་མཐོ་སྒང་གི་གནམ་གཤིས་ཀྱི་ཚ་ཚད་ལྡབ་འགྱུར་གྱིས་འཕར་མུས་ཡིན་པས། འཛམ་གླིང་གི་གནམ་གཤིས་ཆེད་མཁས་པ་ཁག་ཅིག་གིས་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་། ཚ་ཚད་འཕར་བ་དེས་ཁྱིམ་མཚེས་རྒྱལ་ཁབ་ཁག་གཙོས་འཛམ་གླིང་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་འབྲེལ་བ་ཆེན་པོ་ཡོད་སྐོར་རྗོད་ཀྱིན་འདུག

བོད་མཐོ་སྒང་ནས་བཞུར་བའི་ཡར་ཀླུང་གཙང་པོ་ནི་འཛམ་གླིང་གི་ཆེས་རིང་བའི་རྒྱུག་ཆུ་དགུ་པ་དེ་ཡིན་ལ། གཙང་པོ་དེ་བོད་ནས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་དང་། ཨ་སམ། དེ་བཞིན་བྷང་ག་ལ་སོགས་སུ་བཞུར་ནས་མཐའ་མར་མཐའ་ཡས་རྒྱ་མཚོར་འདྲེས་ཤིང་། དེའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་ ༣༠༠༠ དང་། ཟབ་ཚད་ལ་རྨི་ ༣༠ ནས་ ༡༣༥ བར་འདུག ཡར་ཀླུང་གཙང་པོ་ནི་ཉུང་མཐར་ཡང་མི་གྲངས་ས་ཡ་ ༤༠༠ ལྷག་གི་འཚོ་རྟེན་དུ་གྱུར་ཡོད་ཀྱང་།  རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༨ དང་། ༢༠༠༧། ༢༠༡༣། ༢༠༡༥། ༢༠༡༩། ༢༠༢༠ བཅས་སུ་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་བདུན་གསར་རྒྱག་བྱས་ཟིན་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༣ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese