མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་གིས་ཡར་ལུང་གཙང་པོའི་ཆུ་རགས་གསར་རྒྱག་གི་གནད་དོན་ཐད་གྲ་སྒྲིག་དགོས།

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་གསར་རྒྱག་བྱས་ཚེ་རྒྱ་གར་དུ་བཞུར་མུས་ཡིན་པའི་དེའི་བཞུར་རྒྱུན་སྐམ་ཉེན་ཡོད་པའི་ཁར། རང་བྱུང་ཁོར་ཡུག་ལའང་གོད་ཆག་ཤུགས་ཆེན་ཐེབས་ངེས་ཡིན་སྐོར་སོགས་བརྗོད་འདུག

Himanta Biswa Sarma, CM of Assam.Photo : The Telegraph online

རྒྱ་ནག་གཞུང་གིས་ཉེ་ལམ་ཡར་ཀླུང་གཙང་པོའི་བཞུར་རྒྱུན་ཁུལ་དུ་འཛམ་གླིང་གི་ཆེས་ཆེ་བའི་ཆུ་གློག་ས་ཚིགས་གསར་འཛུགས་བྱ་རྒྱུ་ཡིན་པས། རྒྱ་གར་བྱང་ཤར་ཁུལ་གྱི་མི་མང་དང་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་འཚོ་གནས་ལ་དོ་ཕོག་འགྲོ་ཉེན་ཡོད་པར་སེམས་ངལ་ཆེན་པོ་བྱེད་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༡ ཉིན་རྒྱ་གར་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོར་ཆུ་རགས་གསར་རྒྱག་བྱ་འཆར་ཡོད་པའི་གནད་དོན་ཐད། རྒྱ་གར་དབུས་གཞུང་གིས་གྲ་སྒྲིག་དང་འགེབས་སྲུང་བྱ་དགོས་པའི་དུས་ལ་འབབ་ཡོད་སྐོར་སོགས་བརྗོད་འདུག

ཨ་སམ་གྱི་སྤྱི་ཁྱབ་བློན་ཆེན་ཧི་མན་ཏ་བྷི་སི་ཝ་(Himanta Biswa Sarma) ལགས་ཀྱིས། གནད་དོན་དེ་ང་ཚོས་ཤེས་རྟོགས་བྱུང་ཡོད། རྒྱ་གར་དབུས་གཞུང་གིས་ཀྱང་རྒྱ་ནག་གི་བྱེད་སྟངས་འདི་ལ་སེམས་ཁྲལ་བྱས་ཡོད། རྒྱ་དཀར་ནག་གཉིས་བར་གྲོས་མོལ་བྱེད་མུས་ཡིན་པའི་དུས་སྐབས་འདིར། རྒྱ་གར་གཞུང་གིས་རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་གསར་རྒྱག་བྱ་འཆར་ཡོད་པའི་གནད་དོན་དེ་གླེང་སློང་ངེས་པར་དུ་བྱ་དགོས། ང་ཚོས་ཤེས་གསལ་ལ་རྒྱ་ནག་གཞུང་གིས་ཆུ་རགས་གསར་རྒྱག་བྱས་རྗེས། རྒྱ་གར་གྱི་བྷར་མ་བྷུ་ཏ་ར (ཡར་ཀླུང་གཙང་པོ) འི་ཁུལ་གྱི་རང་བྱུང་ཁོར་ཡུག་ལ་གོད་ཆག་ཐེབས་ཏེ། འབྲུག་དང་ཨ་རུ་ན་ཅལ་ཁུལ་གྱི་ཆར་ཞོད་ཁོ་ནར་བརྟེན་དགོས་ཁེལ་ངེས་རེད། ཅེས་བརྗོད་འདུག

ཡང་ཁོང་གིས། གལ་ཏེ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་དང་འབྲུག་ཡུལ་དུ་ཆར་པ་མ་འབབ་ཚེ། རྒྱ་གར་གྱི་བྷར་མ་བྷུ་ཏ་ར་གཙང་པོ་རྦད་དེ་སྐམ་ཉེན་ཡོད་པས། དེ་ནི་ང་ཚོ་ལ་མཚོན་ན་དཀའ་ཁག་དང་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་པས། ང་ཚོས་རྒྱ་གར་དབུས་གཞུང་ལ་གནད་དོན་དེ་ཡར་ཞུ་བྱས་ཟིན་པ་ཡིན། ཞེས་བརྗོད་འདུག

རྒྱ་གར་གྱི་བྷར་མ་བྷུ་ཏ་ར་ནི་རྒྱ་གར་ནང་བཞུར་མུས་ཡིན་པའི་གཙང་པོ་རིང་ཤོས་གཉིས་པ་དེ་ཡིན་ཞིང་། རྒྱ་གར་བྱང་ཤར་ཁུལ་གྱི་ཨ་རུ་ན་ཅལ་མངའ་སྡེ་དང་། ཨ་སམ། ན་གྷ་ལེན་ཌི། ནུབ་བྷེང་གྷལ། འབྲས་ལྗོངས། མེ་གྷ་ལ་ཡ་(Meghalaya) སོགས་སུ་སྤྱི་ལེ་ ༩༡༦ ལྷག་བཞུར་ནས་བྷང་ག་ལར་རྒྱུག གཙང་པོ་དེ་ནི་རྒྱ་གར་གྱི་ཚོང་དོན་དང་དཔལ་འབྱོར། ཞིང་ལས་ཡར་སྐྱེད་སོགས་ལ་འབྲེལ་ལམ་ཟབ་ཅིང་། རྒྱ་གར་གྱིས་གཙང་པོ་དེར་གློག་འདོན་ཆུ་གློག་ས་ཚིགས་བཞི་འཛུགས་སྐྲུན་གྱིས་བྱང་ཤར་ཁུལ་གྱི་མངའ་སྡེ་ཁག་ལ་གློག་གི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཀྱིན་ཡོད་པ་རེད།

རྒྱ་ནག་གཞུང་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན།  རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་གསར་རྒྱག་བྱ་འཆར་ཡོད་པའི་གློག་འདོན་ཆུ་རགས་དེར་ཨ་སྒོར་ཐེར་འབུམ་ ༡༣༧ ལྷག་གིས་འགྲོ་གྲོན་བཏང་ནས་འབྲི་ཆུའི་འགག་གསུམ་གློག་འདོན་ས་ཚིགས་ལས་ཀྱང་ཆེ་བའི་ཆུ་རགས་ཤིག་ཡིན་ཞིང་། ཉུང་མཐར་ཡང་མི་གྲངས་ས་ཡ་ ༡།༤ ལྷག་ས་གནས་ནས་གནས་སྤོར་བྱ་དགོས་ཁེལ་བ་མ་ཟད། ཆུ་རགས་དེ་ནི་བརླན་དང་འབབ་ཞོད་ཆེ་ཁུལ་དུ་གསར་རྒྱག་དང་། དེའི་ལོ་རེར་གློག་ཚད་ཀེ་ལོ་ཝཊི་(kilowatt) ཐེར་འབུམ་ ༣༠༠ ལ་འཐོན་རྒྱུའི་རེ་བ་བཅང་མུས་ཡིན་པས། ད་ལྟ་བོད་ནང་གི་གློག་འདོན་ས་ཚིགས་ཆེ་ཤོས་སུ་གྱུར་བའི་འབྲི་ཆུའི་འགག་གསུམ་གློག་འདོན་ས་ཚིགས་དང་བསྡུར་ནས་ལྡབ་གསུམ་ལྷག་གིས་ཤུགས་ཚད་ཆེ་བ་ཡོད་འདུག་ལ།  ཡང་ཆབ་སྲིད་ཆེད་མཁས་པ་ཁག་ཅིག་གིས། ཡར་ཀླུང་གཙང་པོ་ནི་བོད་ནས་རྒྱ་གར་དུ་བཞུར་གྱིན་ཡོད་པས། དེ་ནི་འབྱུང་འགྱུར་རྒྱ་དཀར་ནག་གཉིས་ཀྱིས་ཆུའི་རྩོད་རྙོག་སློང་ས་གཙོ་བོ་དེ་ཡིན་པའི་ཁར། རྒྱ་ནག་གིས་ཨེ་ཤ་ཡའི་ལྷོ་རྒྱུད་རྒྱལ་ཁབ་ཁག་ལ་ཆུས་དམག་འཁྲུག་རྒྱག་ཉེན་ཡོད་པའི་ཚོད་དཔག་ཀྱང་བྱེད་ཀྱིན་འདུག

བོད་མཐོ་སྒང་ནས་བཞུར་བའི་ཡར་ཀླུང་གཙང་པོ་ནི་འཛམ་གླིང་གི་ཆེས་རིང་བའི་རྒྱུག་ཆུ་དགུ་པ་དེ་ཡིན་ལ། གཙང་པོ་དེ་བོད་ནས་རྒྱ་གར་དང་བྷང་ག་ལ་སོགས་སུ་བཞུར་ནས་མཐའ་མར་མཐའ་ཡས་རྒྱ་མཚོར་འདྲེས་ཤིང་། དེའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་ ༣༠༠༠ དང་། ཟབ་ཚད་ལ་རྨི་ ༣༠ ནས་ ༡༣༥ བར་འདུག ཡར་ཀླུང་གཙང་པོ་ནི་ཉུང་མཐར་ཡང་མི་གྲངས་ས་ཡ་ ༤༠༠ ལྷག་གི་འཚོ་རྟེན་དུ་གྱུར་ཡོད་ཀྱང་།  རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༨ དང་། ༢༠༠༧། ༢༠༡༣། ༢༠༡༥། ༢༠༡༩། ༢༠༢༠ བཅས་སུ་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་བདུན་གསར་རྒྱག་བྱས་ཟིན་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༢ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༢༤ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese