མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་གསར་ཚེས་ལ་ཨ་རིའི་ནང་མི་གསོད་དོན་རྐྱེན་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོང་ཁྱེར་ནེའུ་ཨོར་ལན་སིའི་ནང་མི་ཞིག་གིས་འདུ་འཛོམས་ཆེ་བའི་མང་ཚོགས་ཁྲོད་རླངས་འཁོར་བསྐོར་ནས་དྲག་སྤྱོད་སྤེལ་སྐབས་མི་བཅོ་ལྔ་རྐྱེན་འདས་དང་མི་ ༣༥ ལ་རྨས་སྐྱོན་བཟོས་ཡོད་འདུག

42-year-old Shamsud-Din Jabbar, an Army veteran and US citizen from Texas.

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཕྱི་ལོ་ཚེས་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཨོར་ལན་སི་ (New Orleans) རུ་མང་ཚོགས་ཀྱིས་ལོ་གསར་བར་བསུ་མ་ཞུ་བཞིན་པའི་སྐབས་སུ། མི་ཞིག་གིས་སྐྱེལ་འདྲེན་རླངས་འཁོར་ཞིག་ཏུ་འགད་རྫས་དང་མཚོན་ཆ་སོགས་འཁྱེར་ནས་མང་ཚོགས་ཁྲོད་གང་བྱུང་བརྒྱུགས་ཏེ། མི་གྲངས་ ༡༥ བསད་པ་དང་ཉུང་མཐར་མི་གྲངས་ ༣༥ ལ་རྨས་སྐྱོན་ཕོག་ཡོད་ཅིང་། དེ་ནི་ཕྱི་ལོ་ ༢༠༢༥ ལོར་ཨ་རིའི་ནང་བྱུང་བའི་དྲག་རྒོལ་དོན་རྐྱེན་ཐོག་མ་དེ་ཆགས་པ་མ་ཟད། དྲག་རྒོལ་དོན་རྐྱེན་དེ་ནི་ཁ་ཆེའི་དྲག་སྤྱོད་པར་འབྲེལ་བ་ཡོད་སྐོར་བརྗོད་ཀྱིན་འདུག

དོན་རྐྱེན་དེའི་ཐད་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་ (Joe Biden) མཆོག་གིས། ངའི་ངོས་ནས་ནེའུ་ཨོར་ལན་སིའི་མི་མང་ཡོངས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ཅེས་དང་། ཨ་རིའི་གནད་ཡོད་མི་སྣ་དང་དཔོན་རིགས་ཁག་གིས་འབར་གས་ཀྱི་དོན་རྐྱེན་དང་འབྲེལ་ནས་ཞིབ་འཇུག་བྱས་དང་བྱེད་མུས་ཡིན་སྐོར་གསུངས་ཡོད་འདུག

དོན་རྐྱེན་དེ་ནི་རང་ལོ་ ༤༢ ཡིན་པའི་ཤམ་སུ་ཌིན་ཇ་བྷར་ (Shamsud-Din Jabbar) ཟེར་བ་ཞིག་གིས་བསྒྲུབས་པ་དང་ཁོས་སྤྱི་ཚོགས་དྲ་ལམ་སྟེང་། ཁ་ཆེའི་དྲག་སྤྱོད་ཚོགས་པ་ (ISIL) ཡི་མི་གསོད་ལས་འགུལ་གྱིས་ཡིད་སེམས་བཀུག་སྟབས། ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བ་ཞིག་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་འདུག་ལ། རླངས་འཁོར་དེའི་ནང་དུ་ཁ་ཆེའི་དྲག་སྤྱོད་ཚོགས་པའི་དར་ཆ་ཞིག་ཀྱང་འང་ཡོད་འདུག མི་དེས་འདུ་འཛོམས་ཆེ་བའི་མང་ཚོགས་ཁྲོད་རླངས་འཁོར་གང་བྱུང་བསྐོར་ནས་རྒྱུག་སྐབས་མི་མང་པོར་གདོང་ཐུག་བརྒྱབ་པ་དང་། དེ་རྗེས་མོ་ཊ་ནས་ཕྱིར་ཐོན་ཏེ་ཉེན་རྟོག་པར་མེ་མདའ་གང་བྱུང་འཕངས་རེས་བྱས་རྐྱེན། དོན་རྐྱེན་འབྱུང་ཡུལ་དུ་འདས་གྲོངས་སུ་གྱུར་བ་དང་། ཉེན་རྟོག་པ་གཉིས་ལ་མེ་མདས་རྨས་སྐྱོན་བཟོས་ཡོད་ཀྱང་གཟུགས་གཞིའི་གནས་སྟངས་ཡག་པོ་ཡོད་འདུག

ཨ་རིའི་དབུས་ཞིབ་དཔྱོད་ལས་ཁུངས་ (FBI) ཀྱིས་མི་གསོད་དོན་རྐྱེན་དང་འབྲེལ་ནས་ཞིབ་འཇུག་བྱས་པ་བརྒྱུད། འབར་གས་དོན་རྐྱེན་དེ་ནི་ཨ་རིའི་མངའ་སྡེ་ཊེག་སེ་སིའི་ (Texas) རུ་གནས་སྡོད་བྱེད་མཁན་གྱི་ཨ་རིའི་མི་སེར་ཞིག་གིས་བསྒྲུབས་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་དོགས་ཡོད་ཤམ་སུ་ཌིན་ཇ་བྷར་ཟེར་བས་སྐྱེལ་འདྲེན་རླངས་འཁོར་ཞིག་གཡར་ཡོད་པ་ཤེས་རྟོགས་བྱུང་འདུག ད་དུང་ཨ་རིའི་དབུས་ཞིབ་དཔྱོད་ལས་ཁུངས་ཀྱི་དམིགས་བསལ་གྱི་གསང་བའི་ལས་བྱེད་ཨེ་ལི་ཐི་ཡ་ (Alethea Duncan) ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཞིབ་དཔྱོད་ལས་ཁུངས་ཀྱི་ངོས་ནས་དོན་རྐྱེན་དེེ་ནི་ཤམ་སུ་ཌིན་ཇ་བྷར་ཁོ་ནས་དྲག་སྤྱོད་ལས་འགུལ་སྤེལ་བ་ཞིག་མིན་པ་དང་། ད་ལྟའི་ཆར་ཨ་རིའི་དབུས་ཞིབ་དཔྱོད་ལས་ཁུངས་ཀྱིས་དོན་རྐྱེན་དེ་དང་འབྲེལ་ནས་ཇ་བྷར་དང་མཉམ་དུ་ལས་རོགས་གཞན་ཡོད་མེད་ཞིབ་འཇུག་བྱས་དང་བྱེད་མུས་ཡིན། ཞེས་དང་། རླངས་འཁོར་དེའི་ནང་དུ་མེ་མདའ་ཚུད་པའི་གོ་མཚོན་དང་། འགད་རྫས་གཉིས་ཡོད་ཅིང་། ནེའུ་ཨོར་ལན་སིའི་ཉེ་འགྲམ་དུ་ཡོད་པའི་ཧྥ་རན་སིའི་སྡོད་ཁང་ (French Quarter) དུ་འགད་རྫས་གཅིག་ཉེན་རྟོག་པའི་ལག་ཏུ་རྙེད་སོན་གྱིས་གས་འཐོར་བྱུང་མེད་པ་རེད། ད་བར་དོན་རྐྱེན་དང་འབྲེལ་ནས་ཁ་ཆེའི་དྲག་སྤྱོད་ཚོགས་པ་ (ISIS) དང་རྒྱལ་སྤྱིའི་དྲག་སྤྱོད་པའི་ཚོགས་སྡེ་ཁག་གིས་ངོས་ལེན་བྱས་མེད་འདུག

དེ་འབྲེལ་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་བཀོད་པའི་ནང་། ཤམ་སུ་ཌིན་ཇ་བྷར་ (Shamsud-Din Jabbar) ནི་ཨ་རིའི་དམག་མི་ཡིན་ཞིང་། འགྲོ་བ་མིའི་ཐོན་ཁུངས་དང་འཕྲུལ་རིག་ (IT) ཐོག་ལས་ཀ་བྱས་མྱོང་འདུག ཕྱི་ལོ་ ༢༠༠༩ ཟླ་ ༢ པ་ནས་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡ པོའི་བར་དམག་དོན་ཆེད་ཨབ་གྷན་ནི་སི་ཐན་དུ་མངག་གཏོང་བྱས། ཕྱི་ལོ་ ༢༠༡༥ ནས་ ༢༠༡༧ བར་ལོ་ངོ་གསུམ་རིང་གྷོར་གྷི་ཡ་མངའ་སྡེའི་གཙུག་ལག་སློབ་ཁང་དུ་ (Georgia State University) གློག་ཀླད་ཆ་འཕྲིན་ (Computer Information Systems) ཐད་སློབ་མཐར་ཕྱིན། ཁོས་ས་ཁང་གི་ཚོང་ལས་ཉར་མྱོང་བ་མ་ཟད། འགྲིམ་འགྲུལ་གྱི་ཁྲིམས་འགལ་དང་། རྐུན་མ་བརྐུས་པ་སོགས་ནག་ཉེས་ཀྱི་ལོ་རྒྱུས་ཡོད་པ་ཞིག་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese