མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོག་ཁྱིམ་འདི་དག་གིས་རྩ་ཟས་ཆུ་འཐུང་དགོས་པ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་  ༢༧ ཉིན་ ༼ཕྱི་ལོ་༢༠༢༤ ལོའི་རྨ་ཆུ་རྫོང་དུ་སྐྱེ་ཁམས་དང་ས་གཤིས་གནོད་འཚེ་འགོག་ཐབས་ཀྱིས་གཅིག་བསྡུས་གནས་སྤོ་ཐོ་འགོད་མཛད་སྒོ། ༽ཟེར་བ་ཞིག་སྤེལ་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་གསར་སྤེལ་དང་ས་གཤིས་གནོད་འཚེ་འགོག་ཐབས་ཀྱི་འབོད་སྒྲའི་འོག་མདོ་སྨད་རྨ་ཆུ་རྫོང་ཁོངས་ཀྱི་ཞིང་དང་གྲོང་བརྡལ་བཞིའི་ཁྱབ་ཁོངས་སྟེ།   རྨ་ཁུག་རྟ་ར། མཚེ་རུ་མ་གྲོང་བརྡལ།  ཆུ་ཁ་མ་གྲོང་བརྡལ། མེར་ཕྱི་གྲོང་བརྡལ་བཅས་ཀྱི་ཁོངས་སུ་གཏོགས་པའི་ས་བབ་མཐོ་སར་གནས་པའི་འབྲོག་པ་རུབ་སྡོད་གྲོང་སྡེ་གསར་སྐྲུན་ཆེད་དུད་ཁྱིམ་རེ་ནས་རྒྱ་སྒོར་ཁྲི་ལྔ་རེ་བསྡུས་ཤིང་། རྒྱ་གཞུང་ནས་རོགས་སྐྱོར་རྒྱ་སྒོར་ཁྲི་བཅུ་རེ་བཅས་ཁྱོན་རྒྱ་སྒོར་ཁྲི་བཅོ་ལྔ་བཏང་ཐོག་སྡོད་ཁང་ ༡༢༢ དང་མི་གྲངས་ཁྱོན་བསྡོམས་ ༩༣༨ དངོས་སུ་གནས་སྤོར་གྱི་སྒོ་འབྱེད་མཛད་སྒོ་ཚོགས་འདུག་པའི་པར་དང་བརྙན།  གནས་སྤོ་ཟིན་པའི་འབྲོག་པ་དག་ལ་བཅར་འདྲི་བྱས་པ་དག་རེ་རེ་བཞིན་ཞིབ་ཏུ་ཀློག་ན། ལོ་ངོ་སྟོང་ཕྲག་རིང་མཐོ་སྒང་གི་རི་དྭགས་བཞིན་གནས་པའི་འབྲོག་པ་དག་རི་ནས་ལུང་གཞུང་ལ་ཕབ་ཅིང་གཞུང་ནས་རྡོ་ཁང་ལ་བཅུག་པར་ཁྲིམས་ཀྱིས་བསྡམས་ཤིང་ལྕགས་ཀྱིས་མ་བྲབ་ན་དཔེ་མི་སྲིད་པ་ཞིག་ཡིན།

དེ་ཡང་ལོ་ངོ་སྟོང་ཕྲག་རིང་འཚོ་རྟེན་འབྲོག་ལས་གཅིག་པོར་བརྟེན་པའི་འབྲོག་པ་རུབ་སྡོད་གྲོང་སྡེ་གསར་བསྐྲུན་དང་འབྲོག་པ་མང་ཚོགས་ཀྱི་རང་གི་ཕ་མས་ཀྱི་འཚོ་རྟེན་རྟ་ནོར་ལུག་ཐམས་ཅད་རྩ་རྫོགས་བྱས་ནས་རུབ་སྡོད་གྲོང་སྡེར་སྤར་ཏུ་བཅུག། ཤེས་ཡོན་དང་ལག་ཤེས་མེད་ལ།  ཞིང་ལས་མི་ཤེས་ལ་ཤེས་ཀྱང་འདེབས་འཛུགས་བྱེད་སའི་ས་ཆ་མེད།  རྒྱ་ནག་གི་སྐྱོབ་གསོ་གཅིག་པོ་ནི་མཐར་དེད་ན་ཁོང་དག་གི་འཚོ་རྟེན་འབའ་ཞིག་དེ་ཡིན། ད་དུང་རང་ཉིད་ཀྱི་བུ་སྤུན་དག་ནས་གཞུང་གི་སྲིད་བྱུས་སྒྲིག་འགལ་ཅུང་ཙམ་བྱུང་ན་སྐྱོབ་གསོ་ཆད་འགྲོ་ལ།  ཐ་ན་བུ་ཕྲུག་སློབ་གྲྭ་གཏོང་བའི་གོ་སྐབས་དེ་ཡང་ཤོར་འགྲོ་བས། རྡོ་ཁང་ནང་གི་འབྲོག་པ་ནི་དུས་དང་རྣམ་པ་ཀུན་ཏུ་སྐྲག་སྣང་གིས་འཚོ་ཡོད། མཐར་དེད་ན་འབྲོག་པ་འདི་དག་གིས་རང་གི་འཚོ་གནས་རང་དབང་དང་། སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་། འགྲོ་འདུག་རང་དབང་སོགས་ཡོངས་སུ་རང་ཉིད་དང་ནང་མི་བུ་ཕྲུག་བཅས་ཀྱི་ཉིན་རེའི་འཚོ་རྟེན་ལ་མི་བརྗེ་ག་མེད་གྱུར་ཡོད། ད་དུང་མཛད་སྒོ་དང་འབྲེལ་སྐབས་ཐོག་འབྲོག་པ་དག་ལ་ཡང་བཅར་འདྲི་བྱས།  ང་ཚོ་དབྱར་དགུན་སྟོན་དཔྱིད་འཚོ་གནས་སྤར་ཏེ་འགྲོ་བཞིན་ཡོད་པ་དང་།  དཀའ་ངལ་ཆེ་ཤོས་ནི་ཆུ་དང་གློག   ལམ་ཁ་ཡག་པོ་མེད་པའི་རྒྱུ་མཚན་བཤད་དུ་བཅུག་འདུག

༡   དོན་དངོས་འབྲོག་པ་ཆུའི་དཀའ་ངལ་ཡོད་དམ།

རང་ཉིད་ས་མཐོའི་རི་ཀློང་ནས་སྐྱེས་ཤིང་འཚར་བའི་འབྲོག་ཕྲུག་དག་མ་ཞིག་ཡིན་ན། འབྲོག་པ་ཆུའི་དཀའ་ངལ་མེད་པ་ཤེས། གལ་སྲིད་ས་ཁུལ་རེ་ཟུང་ལ་ཡོད་སྲིད་ཡང་། དེའི་དཀའ་ངལ་སེལ་ཐབས་སུ་སྔར་ལོ་ངོ་སྟོང་ཕྲག་གི་རིང་ནས་རྒྱུན་བསྲིངས་བའི་ཐབས་ལམ་སྣ་ཚོགས་པ་ཡོད། འཚོ་གནས་ཡོངས་སུ་བློས་གཏོང་དགོས་པའི་དཀའ་ཁག་རྩ་བ་ནས་མེད།  དེ་ལས་དེང་སྐབས་བོད་ནང་གི་གྲོང་ཁྱེར་དང་གྲོང་བརྡལ་ཁག་ཏུ་འབྲོག་པ་དག་ལས་ཀྱང་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། རྫོང་དང་གྲོང་བརྡལ་འགར་ཉིན་རེར་ཆུ་བེད་སྤྱོད་ཀྱི་ཚད་གཞི་བཟོས་ཏེ་སྤྱི་རྒྱ་ ༢༠ ལས་མང་བ་བེད་སྤྱོད་བཏང་མི་ཆོག་པ་ལྟ་བུའི་ཁྲིམས་སྒྲིག་བཟོས་ཏེ་དཀའ་ཁག་ཛ་དྲག་ཅན་ཏུ་འགྱུར་བཞིན་པ་མངོན་གསལ་ཡིན།  དེ་ཡང་བོད་ནི་འཛམ་གླིང་གི་སྣེ་མོ་གསུམ་པ་དང་ཨེ་ཤ་ཡིའི་ཆུ་མཛོད་ཡིན་བཞིན་ཏུ་བོད་ནང་གི་གྲོང་ཁྱེར་དང་རྫོང་། གྲོང་བརྡལ་ཁག་ཏུ་ཅིའི་ཕྱིེར་ཆུའི་དཀའ་ངལ་འཕྲད་བཞིན་པ་ཡིན་ནམ།

༢  དོན་དངོས་འབྲོག་པ་ལ་གློག་མེད་པའི་དཀའ་ངལ་ཡོད་དམ།

གློག་ནི་དེང་སྐབས་དགོས་ངེས་ཅན་ཞིག་ཡིན།  དེ་བཞིན་རང་ཉིད་མཐོ་སྒང་ནས་ཡོང་བའི་འབྲོག་པ་ཞིག་ཡིན་ཚེ།  མཐོ་སྒང་ལ་ཡོད་པ་ནི་ཉི་འོད་ཡིན། ཉི་གསོག་གློག་ཤེལ་ནི་གློག་གི་འབྱུང་ཁུངས་ཡིན།  རྒྱུན་མཁོའི་དཀར་ངོགས་ལས་དེང་སྐབས་ད་དུང་དྲ་རྒྱ་དང་ཚ་གློག་ཡང་ཉི་གློག་ལ་བརྟེན་ནས་བེད་སྤྱོད་བྱ་མུས་ཡིན་པས།  གློག་གི་དཀའ་རྩ་བ་ནས་མེད། གལ་སྲིད་དུད་ཁྱིམ་ཆེས་ཕལ་པ་ཞིག་ཡིན་ཡང་། དཀར་ངོགས་ཙམ་གྱི་དཀའ་ངལ་དེ་རྩ་བ་ནས་མེད་ལ་གལ་སྲིད་ཡོད་པས་དབང་དུ་བཏང་ཡང་། དཀར་ངོགས་ཙམ་གྱི་ཆེད་དུ་རང་དང་རང་གི་བུ་རབས་ཚ་རྒྱུད་ཀྱི་ལྟོ་གོས་དང་ཐད་ཀར་འབྲེལ་བའི་འཚོ་གནས་བློ་གཏོང་མི་སྲིད།  ལྷག་པར་རྒྱ་ནག་གི་བོད་ཀྱི་གཙང་ཆེན་ཁག་སྟེ། ཡར་ཀླུང་གཙང་པོ།  འབྲུ་ཆུ།  རྫ་ཆུ། རྨ་ཆུ་སོགས་གཙང་པོ་ཁག་གི་ཐོག་གློན་འདོན་ཆུ་རགས་བརྒྱབ་ཟིན་པ་ཧ་ཅང་མང་ལ་ད་ལྟ་འཛམ་གླིང་གི་གློག་འདོན་ཆུ་རགས་ཆེ་ཤོས་ཡར་ཀླུང་གཙང་པོའི་ཐོག་རྒྱག་བཞིན་ཡོད་མོད།  བོད་ཀྱི་འབྲོག་པ་མང་ཆེ་ད་དུང་ཉི་གློག་ལ་བརྟེན་ཡོད་པས་རྒྱུ་མཚན་ཅི་ཡིན་ནམ།

༣   གཞུང་ལམ་གྱི་དཀའ་ངལ་ཡོད་དམ།

ས་མཐོའི་འབྲོག་ཁུལ་ཏུ་གཞུང་ལམ་ཡག་པོ་མེད་པ་དངོས་བདེན་རེད།  ཡིན་ཡང་འཚོ་གནས་ཡོངས་སུ་དོར་དགོས་པའི་དཀའ་ངལ་རྩ་བ་ནས་མེད།  ས་མཐོའི་མཐོ་་སྒང་གི་འབྲོག་པ་ཞིང་དང་གྲོང་བརྡལ་ནས་རང་ཁྱིམ་ལོག་པར་སྣུམ་ལམ་བརྒལ་ཏེ་ས་ལམ་བརྒྱུད་རྫ་རི་དང་རི་ཆེན་རི་ཆུང་བརྒྱུད་རླངས་འཁོར་དང་འཕྲུལ་རྟ་ཞོན་ནས་དུས་ཚོད་མང་འགྲོ་དགོས། ཡིན་ཡང་།  དབྱར་དགུན་སྟོན་དཔྱིད་མེད་པར་བྱིས་པ་སློབ་གྲྭར་ཕར་སྐྱེད་ཚུར་ལེན་དང་ཟས་གོས་སྐྱེལ་འདྲེན་ལ་དཀའ་ངལ་མེད། གལ་སྲིད་རླངས་འཁོར་མི་ཐར་སའི་ས་ཁུལ་འགའ་ཤས་ཡོད་སྲིད། དེ་ཡང་འཕྲུལ་རྟ་ཤ་མར་འགྲོ་ཐུབ།  དེར་བརྟེན། ལམ་ཁ་ཡག་པོ་མེད་པ་རྒྱུ་མཚན་དུ་བྱས་ནས་རང་གི་འཚོ་བ་ཡོངས་སུ་བློས་བཏང་ནས་ཅི་ཞིག་ཟ་དགོས། ཅི་ཞིག་འཐུང་དགོས། འབྲོག་པ་དེང་རབས་སློབ་སྦྱོང་མེད་པ་བདེན་ཡང་། རང་གི་འཚོ་གནས་ལ་བསམ་བློ་གཏོང་མི་ཤེས་པའི་ཚད་རྩ་བ་ནས་མིན། བཙན་ཤེད་ཀྱི་བཀའ་རྒྱ་ལྕགས་ཚེར་ལྟ་བུ་ཞིག་མེད་པར་རི་ཀློང་ན་བག་ཡངས་ཀྱིས་འཚོ་བའི་འབྲོག་པ་འདི་དག་རྡོ་ཁང་སྟོང་པ་ཞིག་གི་ནང་དུ་སྤར་མི་སྲིད་ལ་། དེ་བས་ཀྱང་གལ་ཆེ་བ་ནི་རང་གི་ཕ་མེས་ནས་གནང་བའི་རང་དབང་གི་མགོ་བོ་མཐོན་པོ་དེ་དོན་མེད་གཞན་ལག་ཏུ་མི་འཇོག་པ་ནི་རྩ་བའི་དམ་བཅའ་ལྟ་བུ་ཞིག་ཡིན།

༤  རུབ་སྡོད་གྲོང་སྡེ་གསར་བསྐྲུན་བྱ་ཡུལ་ལ་བལྟས་ན་འབྲོག་པ་གསོ་ཆེད་མིན་པར་གསོད་འཆར་ཡིན་པ་མངོན་པར་གསལ།

རྒྱ་ནག་གཞུང་གིས་འདས་པའི་ལོ་མང་རིང་རྨ་འབྲུའི་མགོ་ཁུངས་ཁོར་ཡུག་སྲུང་སྐྱོབ་གྱི་འབོད་སྒྲའི་འོག་རྨ་འབྲིའི་མགོ་སྟོད་དུ་འཛམ་གླིང་གི་ཆེས་ཆེ་བའི་སྤྱི་གླིང་འཛུགས་སྐྲུན་ཆེད་མཐོ་སྒང་གི་ས་ཁུལ་མང་པོར་རུབ་སྡོད་གྲོང་སྡེ་གསར་སྐྲུན་བྱེད་བཞིན་འདུག   དེ་དག་ནི་རྫོང་དང་གྲོང་སྡེ་ཁག་གི་མཐའ་མཐའ་ལ་ཡིན།  ཞིང་དང་གྲོང་བརྡལ་ཁག་དང་ཅུང་ཐག་ཉེ་བའི་ས་ཁུག་ལུང་ཁུག་དག་ཏུ་འཛུགས་སྐྲུན་བྱས་ཡོད། ཁང་པ་ནི་ནང་མའི་མི་འབོར་ལ་བབ་པའི་ཆེ་ཆུང་སོགས་མེད་པར་ཚང་མ་རྒྱུགས་པ་ལེབ་རྡུང་ལྟར་གྲལ་རིམ་བཞིན་གཅིག་མཚུངས་སུ་བརྒྱབ་ཡོད། ཁང་པ་དེ་དག་གི་སྒེའུ་ཁུང་ཐོག་ཏུ་བོད་ཁང་གི་བཟོ་ལྟ་ཙམ་ཞིག་ཡོད་པ་ལས་གཞན་རྡོ་ཁང་རང་ཡིན།  འཛུགས་སྐྲུན་དང་རྒྱུ་ཆའི་ཆ་ནས།  འཛུགས་བསྐྲུན་འཆར་གཞི་འདེངས་མཁན་དང་ས་ཐིག་རྒྱག་མཁན། ཨར་ལས་བྱེད་མཁན་ཚང་མ་རྒྱ་ཡིན། ཁང་པའི་རྨང་གཞི་ངོ་བོ་ཙམ་ལས་ས་གཏིང་བསྐོ་བ་དང་ལྕགས་སོགས་བླུགས་མེད།  རྒྱུ་ཆ་ཡང་ས་ཕག་མ་ཡིན་པར་ས་ཕག་ལས་ཆེ་ཞིང་ཨར་འདམ་ཀྱིས་བཟོས་པའི་རྡོ་ཕག་དཀྱིལ་ན་བར་སྟོང་ཆེན་པོ་ཡོད་པ་དེ་ཡིན། ཁང་པའི་རྒྱབ་དང་ཕྱོགས་གཉིས་ནས་ཨར་འདམ་ལས་གྲུབ་པའི་རྡོ་ཕག་བརྩིགས་ཤིང་ཨར་འདམ་བླུགས་ཏེ་ཡར་བསླང་པ་ཙམ་ལས་ཐ་ན་ཀ་བ་ཡང་མེད།  སྒང་ལྕགས་ཤོག་ཡིན། ཁང་པའི་ནང་ངོས་དེང་སྐབས་ཀྱི་ཤིང་རྫུན་ཤོག་བུ་འདྲ་དེ་ཡིན། ཁང་པའི་མདུན་ཤེལ་སྒོ་མང་།  དེ་ཡང་པར་ངོས་ནས་གནས་སྟངས་གསལ་བོར་མཐོང་།  གློག་འཐེན་ཡོད། གློག་རིན་རང་གིས་སྤྲོད་དགོས།  ཆུ་འཐེན་ཡོད། ཡིན་ཡང་མཐོ་སྒང་གི་དགུན་ཁའི་གྲང་ངར་ཆེ་སྟབས་དགུན་ཁ་ཆུ་མེད། ལོ་མང་སྔོན་རུབ་སྡོད་གྲོང་བརྡལ་རྒྱག་པའི་སྲིད་བྱུས་འདི་དང་པོ་ལག་ལེན་བྱེད་སྐབས་ཁང་པ་རེའི་ནང་གློག་བརྙན་དང་འཁྱགས་སྒམ། རྐུབ་སྟེགས་སོགས་ཡོད་པ་ཁྱབ་བསྒྲགས་རྒྱ་ཆེ་འདུག  ཡིན་ཡང་དེང་སྐབས་དེ་ཡང་མེད་པ་འདྲ། དྲིལ་བསྒྲགས་ནང་མཐོང་སར་མི་འདུག

དེ་བས།  འདི་ནི་པར་དང་བརྙན་ལམ་ན་མངོན་སུམ་མཐོང་དུ་ཡོད་པའི་བདེན་པའི་དཔེ་མཚོན་ཞིག་ལས།  མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོ་རུ་རུབ་སྡོད་གྲོང་སྡེར་ཕབ་ཟིན་པ་དང་ད་ལྟ་དབབ་བཞིན་པ།  མ་འོངས་དབབ་འཆར་ཡོད་པ་ག་ཚོད་ཡོད་དམ། སྲིད་བྱུས་འདིའི་འོག་མཐོ་སྒང་གི་འབྲོག་པ་དག་ནི་རང་དབང་དང་རང་འཚོ་ནས་གཞན་བརྟེན་དང་དབུལ་ཕུངས་སུ་བསྒྱུར་ཞིང་།  མཐར་རྒྱ་ནག་དམར་གཞུང་གི་ཟླ་རེའི་འཚོ་སྣོན་ཆད་ན་ལྟོག་ཤུ་ཐེབས་ཡོང་བའི་གནས་ཤིག་ལ་ཁ་ཕྱོགས་ནས་འགྲོ་བཞིན་ཡོད་པས། གལ་སྲིད་འབྲོག་པ་འདི་དག་ལ་རང་དབང་ཡོད་ན་རང་ཉིད་ཀྱི་ཉིན་རེའི་ཟ་འཐུང་ཡང་གཞན་ལ་བརྟེན་དགོས་པའི་གནས་ཤིག་ལ་ནམ་ཡང་འགྲོ་མི་སྲིད་པ་རྒྱུན་ཤེས་ཤིག་མ་ཡིན་ནམ།

ཚེ་དབང་རྒྱལ་མཚན་ནས་གནས་ཚུལ་མཐོང་མ་ཐག་ཏུ་རང་གི་སེམས་ཚོར་ཤར་མར་བྲིས་པའོ། སྤྱི་ལོ་ ༢༠༢༥ ལོའི་ཟླ་༡ ཚེས་༢ ཉིན།

འབྲེལ་ཡོད་གསར་འགྱུར།

བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༡༨ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༡༩ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese