མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུ་ཐོག་རྫོང་ཁོངས་ཀྱི་ཡུལ་མི་རྣམས་མཐའ་སྲུང་དམག་མིར་ཞུགས་དགོས་སྐོར་རྗོད་ཀྱིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རུ་ཐོག་རྫོང་ཁོངས་ཀྱི་སྐྱེས་པ་རྣམས་དམག་མིར་ཞུགས་ཚེ་གཞུང་ནས་དཔལ་འབྱོར་གྱི་རོགས་རམ་རག་གི་ཡོད་ལུགས་རྗོད་ཀྱིན་འདུག 

རྒྱ་ནག་གཞུང་གིས་འདི་ལོ་ནས་ལོ་ ༡༨ སོན་པའི་སྐྱེས་པ་རྣམས་དམག་མིར་ངེས་པར་དུ་ཞུགས་དགོས་པའི་བཙན་བཀའ་བསྒྲགས་ཡོད་པ་ལྟར། ཟླ་སྔ་མའི་ཟླ་མཇུག་ཙམ་དུ་རྒྱ་ནག་གཞུང་གིས་ཧིན་བོད་མཐའ་མཚམས་ཀྱི་ཉེ་འགྲམ་དུ་ཆགས་པའི་བོད་ཀྱི་རུ་ཐོག་རྫོང་ཁོངས་ཀྱི་ལོ་ཚད་ལོན་པའི་སྐྱེས་པ་རྣམས་ངེས་པར་དུ་དམག་ཁོངས་སུ་ཞུགས་དགོས་པའི་བརྡ་ཁྱབ་བཏང་བ་དང་འབྲེལ། རུ་ཐོག་རྫོང་ཁོངས་ཀྱི་བོད་མི་གཞོན་སྐྱེས་རྣམས་ཀྱི་ཕ་མ་སོགས་ལ་སྒེར་འབྲེལ་བགྱིས་ནས་དམག་ཁོངས་སུ་ཞུགས་དགོས་པའི་སྒེར་བརྡ་གཏོང་གིན་ཡོད་པའི་གནས་ཚུལ་འཐོན་མུས་ཡིན་འདུག 

འདི་གའི་གསར་འགོད་པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་བའི་བརྡ་ཁྱབ་དེའི་ནང་། རྒྱ་ནག་གཞུང་གི་དམག་དོན་གྱི་དོན་ཚན་ ༡༥ པའི་དགོངས་དོན་ཇི་བཞིན། ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༡ ནས་ཕོ་ལོ་བཅོ་བརྒྱད་སོན་པའི་སྐྱེས་པ་དག་གིས། རྒྱལ་ཁབ་ཀྱི་དམག་དོན་ཞབས་ཞུ་ཆེད་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣༠ སྔོན་ལ་ཐོ་འགོད་བྱས་ཟིན་པ་དགོས། ཞེས་གསལ་འདུག 

འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། རུ་ཐོག་རྫོང་ནི་ཧིན་བོད་གཉིས་ཀྱི་མཐའ་མཚམས་སུ་ཁེལ་ཡོད་པས། རྒྱ་ནག་གཞུང་གིས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པའི་ཁར། དམག་དོན་གྱི་ཆ་ནས་ཀྱང་ཁུལ་དེའི་དམག་སྒར་དག་ཏུ་དམག་དོན་གྱི་ལས་དོན་སྤེལ་གྱིན་ཡོད། རྒྱ་ནག་གཞུང་གིས་ལོ་རེ་བཞིན་རུ་ཐོག་རྫོང་གི་སྐྱེས་པ་ན་གཞོན་རྣམས་མཐའ་མཚམས་དམག་མིར་ཞུགས་རྒྱུར་སྐུལ་མ་ཡང་ཡང་གཏོང་གིན་ཡོད་སྐོར་དང་།  འདི་ལོར་ཡང་རྒྱ་ནག་གཞུང་གིས་སྐྱེས་པ་ལོ་བཅོ་བརྒྱད་ཡན་རྣམས་ལ་དམག་ཁོངས་སུ་ཞུགས་རྒྱུར་བདའ་འདེད་ཡང་ཡང་གཏོང་གིན་འདུག་ལ། མི་ཚང་ཁ་ཤས་ཀྱི་ཕ་མ་རྣམས་ལ་ཆེད་དུ་ཁ་པར་བཏང་ནས། བུ་ཕྲུག་དག་དམག་མིར་ཞུགས་ཚེ། རྗེས་མ་ཕ་མ་དང་བུ་ཕྲུག་རྣམས་ལ་རོགས་དངུལ་ཡག་པོ་རག་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ལུགས་སོགས་བཤད་ཡོད་སྐོར་སོགས་བརྗོད་བྱུང་། 

ཡང་ཁོང་གིས། འདས་པའི་ལོ་ཤས་གོང་ནས་རུ་ཐོག་རྫོང་དང་རུ་ཐོག་མཐའ་སྲུང་དམག་དོན་ཚན་པ་གཉིས་མཉམ་འབྲེལ་གྱིས། ཁུལ་དེར་རྒྱ་ནག་རྒྱལ་སྟོན་དུས་ཆེན་ཟེར་བ་དང་། མཐའ་སྲུང་དམག་མིའི་ཉིན་མོ་སོགས་སྲུང་གཙི་བྱེད་དུ་བཅུག་ཅིང་། གཞུང་གིས་མཐའ་མཚམས་གྲོང་བརྡལ་དུ་ངོས་འཛིན་གྱིས། ཕྱིའི་འཛུགས་སྐྲུན་ཀྱང་མང་དག་ཅིག་བྱས་ཁོངས། ཉེ་ལམ་རྒྱ་ནག་གཞུང་གིས་རུ་ཐོག་ཁོངས་སུ་ཉི་གློག་ཀྱང་གསར་རྒྱག་བྱས་ཟིན་ཡོད་སྐོར་དང་། རུ་ཐོག་རྫོང་ཁོངས་ཀྱི་མཐའ་སྲུང་དམག་སྒར་གྱི་དཔོན་རིགས་ཚོས་ཀྱང་མཐའ་མཚམས་གྲོང་སྡེ་ཁག་གི་ཡུལ་མི་རྣམས་དམག་མིར་ཞུགས་རྒྱུར་སློབ་གསོ་ཟེར་བ་ཞིག་ཡང་ཡང་རྒྱག་གིན་ཡོད་སྐོར་སོགས་བརྗོད་སོང་། 

འདས་ལོའི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་བརྡ་ཁྱབ་ཞིག་སྤེལ་བའི་ཁྲོད། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ཉིན་ནས་བཟུང་དམག་ཞབས་བཅའ་ཁྲིམས་ཟེར་བའི་སྒྲིག་གཞི་ཟེར་བའི་འོག་ནས། ལོ་ ༡༨ སོན་པའི་རྒྱ་ནག་གི་སྐྱེས་པ་ཚང་མས་དམག་ཞབས་ཐོ་འགོད་ངེས་པར་དུ་བྱ་དགོས་པའི་ལམ་ལུགས་ཤིག་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེ་ནི་དམག་ཞབས་བཅའ་ཁྲིམས་ཟེར་བའི་ནང་ལོ་བཅོ་བརྒྱད་ལོན་པའི་སྐྱེས་པ་ཚོས་དམག་ཞབས་ཐོ་འགོད་ཀྱི་འོས་འགན་ལག་བསྟར་བྱ་དགོས་པའི་གཏན་འབེབས་བྱས་པ་ཡིན་ལ། ཐོ་འགོད་བྱེད་པར་རྒྱ་ནག་གི་རྒྱལ་ཡོངས་དམག་བསྡུའི་དྲ་བ་ཟེར་བ་ནས་ཐོ་འགོད་བྱ་དགོས་སྐོར་གསལ་འདུག་ལ། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གིས་དམག་མི་བསྡུ་བའི་མགོ་འཛུགས་རྒྱུ་ཡིན་པ་དང་།  དེའི་ཁོངས་སུ་ལོ་ ༡༨ སོན་པའི་སྐྱེས་པ་རྣམས་ཀྱིས་དམག་ཞུགས་ཐོ་འགོད་ངེས་པར་བྱ་དགོས་པས། གལ་སྲིད་དམག་ཞུགས་ཐོ་འགོད་མ་བྱས་ཚེ། མཐོ་སློབ་ཏུ་སློབ་སྦྱོང་གི་གོ་སྐབས་དང་ལས་ཀ་འཚོལ་རྒྱུའི་ཐད་དཀའ་ངལ་འཕྲད་པ་སོགས་ཀྱི་མཇུག་འབྲས་ངན་པ་སློང་སྲིད་སྐོར་བརྗོད་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༢ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese