མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་ས་ཡོམ་ཤུགས་ཆེན་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་བཟོས། ཁ་སྣོན།

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་དིང་རི་རྫོང་ཤེལ་དཀར་གཙོས་ངམ་རིང་རྫོང་དང་ལྷ་རྩེ་རྫོང་སོགས་སུ་ས་ཡོམ་གོད་ཆག་ཆེན་པོ་བྱུང་ནས་ད་བར་ཉུང་མཐར་མི་གྲངས་ ༡༢༦ རྐྱེན་འདས་དང་མི་ ༡༩༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་གྱི་ཞོགས་སྔ་བོད་དིང་རི་རྫོང་དང་ངམ་རིང་རྫོང་། ལྷ་རྩེ་རྫོང་སོགས་ཀྱི་ནང་ས་ཡོམ་ཆེན་པོ་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་བཟོས། ༢༠༢༥།༡།༧ པར་དུས་བབ་ཀྱིས་བསྒྲིགས།

 དེ་རིང་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་བོད་དིང་རི་རྫོང་དང་། ངམ་རིང་རྫོང་། ལྷ་རྩེ་རྫོང་ཁོངས་སུ་ས་ཡོམ་ཤུགས་ཚད་ ༧ ཙམ་ཞིག་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་མ་ཟད། དིང་རི་རྫོང་ཁོངས་སུ་ཁང་པ་དང་གཞུང་ལམ་སོགས་ལ་རྡིབ་སྐྱོན་བྱུང་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་ཅིང་། ས་ཡོམ་གྱི་ཤུགས་རྐྱེན་རྒྱ་གར་དང་ བྷང་ལ་ཌེ་ཤི། བལ་ཡུལ་སོགས་ཀྱི་ས་འབྲེལ་ཁུལ་དུའང་བསླེབས་ཡོད་འདུག་ལ། ད་བར་ཉུང་མཐར་མི་གྲངས་ ༡༢༦  རྐྱེན་འདས་དང་ ༡༩༠ ལ་རྨས་སྐྱོན་ཐེབས་ཡོད་པ་དང་། ཁང་པ་ ༣༦༠༩ ལྷག་ལ་རྡིབ་སྐྱོན་བྱུང་ཡོད་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། བོད་ངམ་རིང་རྫོང་དང་།  ལྷ་རྩེ་རྫོང་། དིང་རི་རྫོང་བཅས་ལ་ས་ཡོམ་ཧ་ཅང་ཤུགས་ཆེ་བའི་རྐྱེན་གྱིས་གོད་ཆག་ཚབས་ཆེན་བྱུང་འདུག ལྷག་པར་དིང་རི་རྫོང་ཁོངས་ཀྱི་ཤེལ་དཀར་ཉེ་འདབས་དང་མཚོ་སྒོ། དྲང་གསོ་བཅས་པར་ཁང་པར་རྡིབ་སྐྱོན་བྱུང་བ་དང་མི་ལའང་ཤི་སྐྱོན་ཆེན་པོ་བྱུང་འདུག་ཀྱང་། ད་ལྟའི་ཆར་ཚོད་དཔག་བྱེད་ཁག་པོ་ཆགས་ཡོད་སྐོར་ཡིག་ཐོག་ནས་གནས་ཚུལ་མཁོ་སྤྲོད་གནང་བྱུང་ལ། དམིགས་བསལ་གྱིས་དིང་རི་ཤེལ་དཀར་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད་འདུག

སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་འབྲེལ་ཡོད་བརྙན་ཐུང་ཁག་གི་ནང་། རྫོང་ཁོངས་ཀྱི་ཁང་པ་མང་པོར་རྡིབ་སྐྱོན་བྱུང་བ་དང་། སེམས་ཅན་བསད་པ། དེ་བཞིན་གཞུང་ལམ་གང་སར་གྱང་རོས་ཁེངས་བ་དང་མི་རྣམས་འཇིགས་སྣང་ཆེན་པོས་གཞུང་ལམ་གཡས་གཡོན་དུ་རྒྱུག་བཞིན་པ་དང་གྱང་རོ་སྔོག་བཞིན་པ་སོགས་མཐོང་རྒྱུ་འདུག་ལ། དིང་རི་རྫོང་ཁོངས་ཀྱི་གྲོང་སྡེ་ཞིག་གི་ཁང་པ་མང་པོ་བརྡིབས་ནས་ཡུལ་མི་རྣམས་ཀྱིས་ངུ་འབོད་བྱེད་བཞིན་པ་སོགས་འདུག 

གནས་ཚུལ་ཐོན་རིམ་བཞིན་ཁ་སྣོན་བྱ་རྒྱུ་ཡིན། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese