མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་གསོ་མཛད།

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་གསོ་མཛད།

༧གོང་ས་མཆོག་ནས་བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་གསོ་མཛད། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར།

དེ་རིང་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་བོད་དིང་རི་རྫོང་དང་། ངམ་རིང་རྫོང་། ལྷ་རྩེ་རྫོང་ཁོངས་སུ་ས་ཡོམ་ཤུགས་ཚད་ ༧།༡ ཙམ་ཞིག་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པར་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་ཐུགས་གསོའི་གསུང་འཕྲིིན་བསྩལ་གནང་མཛད་འདུག

༧མགོན་པོ་གང་ཉིད་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། ད་ནངས་སྔ་དྲོ་དིང་རི་གཙོས་ས་གནས་ཁག་ཅིག་ཏུ་ས་འགུལ་བྱུང་བ་ལ་བརྟེན་ནས་ཤི་རྨས་དང་ཁང་ཁྱིམ་ལ་གཏོར་བཤིག་ཚབས་ཆེར་ཐེབས་པའི་གནས་ཚུལ་ཐོས་ཏེ་བློ་ཕམ་ཆེན་པོ་བྱུང་། རྐྱེན་འདས་སུ་སོང་བ་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་བྱུང་བ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད། ཅེས་གསུངས།

དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ནངས་  ཆུ་ཚོད་ ༩།༠༥ སྟེང་། བོད་ཀྱི་དིང་རི་ཁུལ་དུ་ཚད་རིམ་ ༦་༨ ཅན་གྱི་ས་ཡོམ་བརྒྱབ་སྟེ། དེ་རིང་ཕྱི་དྲོ་བར་མི་གྲངས་ ༩༥ ཙམ་ལ་འཆི་སྐྱོན་དང་། མི་གྲངས་ ༡༣༠ ཙམ་ལ་རྨས་སྐྱོན་ཕོག་པ་དང་། ཁང་ཁྱིམ་ཆིག་སྟོང་ལྷག་ལ་གཏོར་སྐྱོན་ཐེབས་པའི་གནས་ཚུལ་གོ་ཐོས་བྱུང་ཞིང་། ད་དུང་འཆི་རྨས་ཀྱི་གནས་ཚུལ་ཇི་ཆགས་ཆ་མ་འཚལ་ནའང་། འདས་གྲོངས་གྱུར་པ་རྣམས་ཀྱི་ཆེད་བསྔོ་སྨོན་དང་། རྨས་སྐྱོན་ཐེབས་པ་རྣམས་གང་མྱུར་དྲག་སྐྱེད་ཡོང་སླད། སང་ཉིན་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ལས་ཡོངས་དང་། དྷ་སར་གནས་འཁོད་རང་རིགས་ཐུན་མོང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཚུགས་རྒྱུ་ཡིན། ཞེས་གསུངས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་ནང་དུ་ཚད་རིམ་ ༧། ༡ ཅན་གྱི་ས་ཡོམ་ཁྲོད་ནས་མི་གྲངས་བརྒྱ་ལྷག་རྐྱེན་འདས་སུ་གྱུར་བར་སྐྱོ་སྣང་ཆེན་པོ་བྱུང་བས། ང་ཚོའི་སེམས་དང་སྨོན་འདུན་དག་གནོད་འཚེ་ཐེབས་མཁན་དག་དང་ལྷན་དུ་ཡོད། ང་ཚོས་བོད་ཀྱི་མིང་སྲིང་ཚོ་དང་འགྲེང་ནས་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་ལ། ཁྱེད་ཅག་བདེ་འཇགས་དང་དྲག་སྐྱེད་ཡོང་རྒྱུར་སྐྱབས་འཇུག་ཞུ་ཡི་ཡོད། ཅེས་གསུངས་འདུག

དེ་བཞིན་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། ཁ་སང་ཕྱི་ཟླ་དང་པོའི་ཚེས་བདུན་གྱི་ཞོགས་པར་བོད་ནང་དུ་ས་ཡོམ་གྱི་འབྱུང་བའི་གནོད་པ་ཤུགས་ཆེན་བྱུང་བའི་དབང་གིས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་འདུག་པར་བརྟེན། རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་གི་སྨོན་ལམ་ཆེན་མོ་འདིའི་ཐོག་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོ་ཞུ་བ་དང་ཆབས་ཅིག ཕྱི་མའི་ལྔ་ལམ་དུ་གྱུར་པ་རྣམས་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པ་དང་། རྨས་སྐྱོན་ཕོག་པ་རྣམས་ཀྱི་ནད་གཞི་མྱུར་དྭངས། སྣོད་བཅུད་ཀྱི་རྒུད་པ་ཐམས་ཅད་མྱུར་དུ་སེལ་བའི་ཐུགས་སྨོན་སྐྱབས་འཇུག་ བརྩེ་བས་གཟིགས་པ་དང་འབྲེལ། བདེན་ཚིག་སྨོན་ལམ་ཚད་མེད་ཡོན་ཏན་མ་དམིགས་བསལ་གསུང་གནང་ཡོང་བར་མཁྱེན། ཞེས་གསུངས་འདུག

ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་བོད་དིང་རི་རྫོང་དང་། ངམ་རིང་རྫོང་། ལྷ་རྩེ་རྫོང་ཁོངས་སུ་ས་ཡོམ་ཤུགས་ཚད་ ༧ ཙམ་ཞིག་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་མ་ཟད། དིང་རི་རྫོང་ཁོངས་སུ་ཁང་པ་དང་གཞུང་ལམ་སོགས་ལ་རྡིབ་སྐྱོན་བྱུང་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པའི་ཁྲོད། ད་ལྟ་མ་མཐར་མི་གྲངས་ ༡༢༦  རྐྱེན་འདས་དང་མི་ ༡༨༠ ལ་རྨས་སྐྱོན་ཐེབས་ཡོད་པ་དང་། ཁང་པ་ ༣༦༠༩ ལྷག་ལ་རྡིབ་སྐྱོན་བྱུང་ཡོད་འདུག  ད་ལྟ་མྱུར་སྐྱོབ་ལས་དོན་ཁྲོད་ཤི་རྨས་ཐེབས་པའི་མིའི་གྲངས་འབོར་འཕར་གྱིན་ཡོད་པའི་གནས་ཚུལ་བྱུང་བཞིན་པ་རེད་ལ། ས་ཡོམ་གྱི་ཤུགས་རྐྱེན་རྒྱ་གར་དང་བྷང་ལ་ཌེ་ཤི། བལ་ཡུལ་སོགས་ཀྱི་ས་འབྲེལ་ཁུལ་དུའང་བསླེབས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་ཉིན་གཉིས་རིང་འཚོག་མགོ་བཙུགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

༢༠༢༦/༠༦/༠༡
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༡
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

༢༠༢༦/༠༦/༠༡
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese