མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རི་ལུང་རྩྭ་ཐང་མང་པོ་ཉི་གློག་ཤེལ་ལེབ་ཀྱིས་བཀང་སྟེ་རོང་འབྲོག་མང་ཚོགས་ཁྲོད་སེམས་འཚབ་གནང་མཁན་ཇེ་མང་དུ་འགྲོ་ཡི་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཉི་འོད་གློག་ནུས་ལ་བརྟེན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཁ་གཡར་ནས་བོད་ཁུལ་དུ་ཉི་གློག་ས་ཚིགས་ཧ་ཅང་མང་པོ་གསར་འཛུགས་བྱས་ཏེ་རི་ལུང་ཐང་གསུམ་འཕྲོ་བརླག་ཏུ་གཏོང་གི་ཡོད་པ་མ་ཟད་འབྲོག་ཁུལ་གྱི་སྒོ་ཕྱུགས་སེམས་ཅན་ལ་བཙན་གྱིས་གྲངས་ཚད་འཛིན་གྱི་ཡོད་འདུག

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཁོག་ལ་ཡུལ་ཚོའི་ཉི་འོད་གློག་ནུས་ས་ཚིགས།

ཉེ་བའི་ལོ་ཤས་ནང་བོད་ཀྱི་ས་ཁུལ་མང་པོར་ཉི་གློག་ཤེལ་ལེབ་གཞི་རྒྱ་ཆེན་པོ་གསར་འཛུགས་བྱས་དང་བྱེད་བཞིན་འདུག དེའི་ཐད་བོད་ནང་གི་ཞིང་འབྲོག་མང་ཚོགས་དང་། ལྷག་པར་དུ་ཁོར་ཡུག་སྲུང་སྐྱོབ་ལ་དོ་འཁུར་ཅན་མང་པོས་བོད་ཀྱི་དག་གཙང་གི་རི་ལུང་དང་རྩྭ་ཐང་མང་པོ་ཤེལ་ལེབ་ཀྱིས་བཀང་སྟེ་རྩྭ་རྩི་ཤིང་སྐྱེ་མི་ཐུབ་པ་དང་། སྒོ་ཕྱུགས་སེམས་ཅན་རིགས་ཀྱི་འཚོ་གནས་ལ་གནོད་སྐྱོན་ཆེན་པོ་བཟོ་ཡི་ཡོད་པ་མ་ཟད། ས་གནས་སྲིད་གཞུང་གིས་རིམ་གྱིས་རོང་འབྲོག་གི་རྩྭ་ས་གཞི་རྒྱ་ཆེན་པོ་བདག་བཟུང་བྱེད་ཀྱི་ཡོད་སྟབས། མང་ཚོགས་ཀྱིས་གནས་སྐབས་ཀྱི་ས་རིན་ཙམ་ལ་བལྟས་ནས་རང་བྱུང་ཁོར་ཡུག་ལ་འབག་བཙོག་དང་རྩྭ་ས་ཡག་ཤོས་རྣམས་འཕྲོ་བརླག་ཏུ་གཏོང་མི་རུང་བའི་འབོད་སྐུལ་གནང་འདུག

ཉེ་སྔོན་རྒྱ་ནག་གི་གཞུང་འབྲེལ་དྲ་ལམ་དུ་བོད་ཉག་ཆུ་རྫོང་ཁོག་ལ་གྲོང་བརྡལ་དུ་འཛམ་གླིང་གི་ཉི་གློག་ས་ཚིགས་ཆེ་ཤོས་དེ་གསར་འཛུགས་བྱས་ཡོད་སྐོར་དང་། ཝ་ཌི་(watt) ཁྲི་ ༡༠༠ ལྷག་ཟིན་པའི་ཉི་གློག་ས་ཚིགས་དེས་ལོ་རེར་ཆ་སྙོམས་ཀྱིས་གློག་འདོན་ཚད་ནི་ཝ་ཌི་དུང་ཕྱུར ༢༠ ཟིན་གྱི་ཡོད་སྐོར་དང་། གློག་འདོན་ས་ཚིགས་དེས་རི་ལུང་རྩྭ་ཐང་ལྗང་བསྒྱུར་དང་བདེ་འཇགས་སོགས་ཀྱི་ནུས་པར་རོགས་འདེགས་བྱེད་ཀྱིན་ཡོད་ཚུལ་བསྒྲགས་སོང་། དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༡ ནང་བོད་ལྗོངས་གསར་པའི་མ་འཇོག་ཚད་ཡོད་སྤྱི་་གཉེར་ཁང་དང་རྒྱ་ནག་གློག་ནུས་ལས་སྐྲུན་བློ་འདོན་སྤྱི་གཉེར་ཁང་ཀྲུང་ནན་གློག་ནུས་འཆར་འགོད་ཁང་ཟེར་བ་གཉིས་མཉམ་འབྲེལ་གྱིས། ས་འབབ་མཐོ་ཚད་རྨི་ ༤༤༠༠ ལྷག་ཡོད་པའི་བོད་མངའ་རིས་རུ་ཐོག་རྫོང་ཁུལ་དུ་ས་ཁོངས་ཁྱོན་རྨི་ ༥༦༦ ལྷག་ཡོད་པའི་ཉི་གློག་ས་ཚིགས་གསར་འཛུགས་གྲུབ་ནས་ལས་མགོ་བཙུགས་ཡོད་སྐོར་བསྒྲགས།

རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁོངས་ཀྱི་ཉི་འོད་གློག་ནུས་ས་ཚིགས།

 འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། འདས་པའི་ལོ་ཤས་གོང་ནས་རུ་ཐོག་རྫོང་དང་རུ་ཐོག་མཐའ་སྲུང་དམག་དོན་ཚན་པ་གཉིས་མཉམ་འབྲེལ་གྱིས། ཁུལ་དེར་རྒྱ་ནག་རྒྱལ་སྟོན་དུས་ཆེན་ཟེར་བ་དང་། མཐའ་སྲུང་དམག་མིའི་ཉིན་མོ་སོགས་སྲུང་གཙི་བྱེད་དུ་བཅུག་ཡོད་ཅིང་། གཞུང་གིས་མཐའ་མཚམས་གྲོང་བརྡལ་དུ་ངོས་འཛིན་གྱི་ཕྱིའི་འཛུགས་སྐྲུན་ཁོངས་སུ་ཉི་གློག་ས་ཚིགས་གསར་རྒྱག་བྱས་ཡོད་སྐོར་བརྗོད་བྱུང་།

འདས་ལོར་བོད་ནང་གི་ལྷ་གཡག་ཚོང་རྟགས་ཀྱི་སྦྱིན་བདག་དང་ཁེ་ལས་བ་མི་འགྱུར་རྡོ་རྗེ་ལགས་ཀྱིས་བོད་ཀྱི་འབྲོག་པ་དང་རྩྭ་ཐང་སྲུང་སྐྱོབ་སྐོར་ལ་སྐར་མ་བཅུ་དྲུག་ལྷག་ཅན་གྱི་བརྙན་ཐུང་ཞིག་ཡོངས་ཁྱབ་ཏུ་སྤེལ་བའི་ནང་།  དེང་སང་བོད་ནང་གི་འབྲོག་པའི་ས་ཐོག་ཏུ་ཉི་གློག་འདི་གསར་རྒྱག་བྱེད་ཀྱིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཉི་གློག་དེ་ནུས་ཤུགས་གསར་པའི་ཁོངས་ཀྱི་ཚོང་ལས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། བོད་ནང་གི་རོང་འབྲོག་གི་ས་ཁུལ་མང་པོ་ཞིག་ཏུ་ཚོང་ལས་ཀྱི་ངོ་བོའི་ཐོག་ནས་ཉི་གློག་གསར་རྒྱག་བྱེད་མུས་ཡིན་པའི་ཁར། དེང་སྐབས་བོད་ནང་གི་ས་གནས་མང་ཆེ་བ་དང་ལྷག་པར་དུ་འབྲོག་པའི་རྩྭ་ཐང་སྟེང་ཉི་གློག་ས་ཚིགས་མང་པོ་ཞིག་གསར་རྒྱག་བྱེད་མུས་ཡིན་པ་རེད། ཅེས་དང་། བོད་ནང་གི་རོང་འབྲོག་མང་ཚོགས་དང་ལྷག་པར་དུ་འབྲོག་པ་ཚོ་ནི་མི་རབས་ནས་མི་རབས་བར་རྩྭ་ཐང་ཁོ་ན་ལ་བརྟེན་ཡོད་པས། འབྲོག་པའི་རིག་གནས་དང་འཚོ་བ་སྐྱེལ་སྟངས་མང་པོ་ཞིག་ཀྱང་རྩྭ་ཐང་གི་སྟེང་ནས་གྲུབ་ཡོང་བ་ཞིག་རེད། འབྲོག་པ་ཚོ་རྩྭ་ཐང་དང་བྲལ་ཚེ་བོད་པའི་ཡུལ་སྲོལ་གོམས་གཤིས་དང་འཚོ་གནས་ལས་ཁ་བྲལ་དུ་བཏང་བ་ཡིན། ཞེས་བརྗོད་འདུག

ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་ཏུ་བཙུགས་པའི་ལྷོ་ཁ་ས་ཁུལ་གྱི་ཉི་གློག་ས་ཚིགས།

ཡང་ཁོང་གིས། སྐྱེས་ཁམས་ཁོར་ཡུག་གི་ཐད་ནས་ཀྱང་ཉི་གློག་གིས་རི་དང་རི་ཁེབས་པའི་འཛུགས་སྐྲུན་མང་པོ་ཞིག་བྱས་ཚེ། བར་ཞིག་ནས་འཆམ་མཐུན་ལྡན་པའི་སྣོད་བཅུད་དེ་འཆམ་མཐུན་མེད་པར་གྱུར་ནས། ཁུལ་དེར་འདབ་ཆགས་བྱ་སོགས་འབབ་ས་འཁོར་ས་མེད་པ་དང་། རི་དྭགས་གནས་ས་མེད་པ། རྟ་ནོར་ལུག་གསུམ་འཚོ་ས་མེད་དུས་རང་བྱུང་ཁམས་ཀྱི་སྣོད་བཅུད་ཀྱི་ནུས་པ་ཉམས་འགྲོ་ཡི་རེད་ལ། ཉི་གློག་ས་ཚིགས་མང་པོ་ཞིག་མུ་མཐུད་དུ་བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་རྩྭ་ཐང་དུ་འཛུགས་སྐྲུན་བྱས་ཚེ། སྐྱེས་ཁམས་ཁོར་ཡུག་ལའང་གནོད་འཚེ་དང་གོད་ཆག་འབྱུང་གི་ཡོད། ཅེས་བརྗོད་འདུག

 ཕྱི་ལོ་ ༢༠༡༡ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་རྒྱུད་དུ་ཆགས་པའི་འདམ་གཞུང་རྫོང་གི་ཐུབ་བསྟན་ཡངས་པ་ཅན་གྲོང་བརྡལ་དུ་ཀེ་ལོ་ཝ་ཊི་ས་ཡ་ ༤༣༠(kwh)ཅན་གྱི་ཉི་གློག་ས་ཚིགས་ཆེན་པོ་ཞིག་གསར་འཛུགས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ལོ་དེར་རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཉུང་མཐར་ཡང་ཉི་གློག་ས་ཚིགས་ ༩ གསར་འཛུགས་བྱས་ཏེ་ལོ་དེའི་རྒྱ་ནག་རྒྱལ་ཡོངས་ཀྱི་ཉི་གློག་ས་ཚིགས་གསར་རྒྱག་གི་བརྒྱ་ཆ་དགུ་ལ་ཟིན་ཡོད་པར་བཤད།

སྙེ་མོ་རྫོང་ཉི་གློག་ས་ཚིགས།

ད་ལྟའི་ཆར་རྒྱ་ནག་ནི་འཛམ་གླིང་ཐོག་ཉི་འོད་གློག་ནུས་འདོན་མཁན་ཨང་དང་པོར་རྩི་བཞིན་ཡོད་འདུག་ལ། ཕྱི་ལོ་ ༡༩༨༠ ཙམ་ནས་བཟུང་བོད་ནང་དུ་ཤེལ་ལེབ་རང་བཞིན་ཅན་གྱི་ཉི་གློག་ས་ཚིགས་ཐོག་མར་འཛུགས་སྐྲུན་བྱེད་མགོ་བཙུགས་ཏེ་ད་ལྟའི་ཆར་བོད་མངའ་རིས་དང་སྙེ་མོ། གཞིས་ཀ་རྩེ། ཉིང་ཁྲི། སྣེ་གདོང་། མལ་གྲོ་གོང་དཀར། ནག་ཆུ། སྨར་ཁམས།  ཉག་ཆུ། དཀར་མཛེས་རྫོང་། ཁྱུང་མཆུ་རྫོང་སོགས་གཙོ་བོར་གྱུར་བའི་བོད་ནང་གི་ས་གནས་མང་པོ་ཞིག་ཏུ་ཉི་གློག་ཤེལ་ལེབ་གསར་འཛུགས་བྱས་དང་བྱེད་ཀྱིན་འདུག

གཞན་ཡང་། འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་གོང་ནས། བོད་མགོ་ལོག་དང་། རྔ་བ། ཁྱུང་མཆུ་རྫོང་སོགས་ཀྱིས་འབྲོག་མི་རྣམས་ཀྱི་སེམས་ཅན་ལ་རྣ་རྟགས་རྒྱག་པ་དང་། གཞུང་གིས་ཆེད་དུ་འབྲོག་པ་མང་ཚོགས་ཀྱི་སེམས་ཅན་ཇེ་ཉུང་དུ་གཏང་དགོས་པའི་བཙན་བཀའ་གཏོང་གིན་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ།  འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས།  ཕྱི་ལོ་ ༢༠༢༣ ལོའི་ལོ་མགོ་ཙམ་ནས་བཟུང་རྒྱ་ནག་གཞུང་གིས་བོད་རྔ་བ་རྫོང་དང་། ཁྱུང་མཆུ་རྫོང་། མགོ་ལོག་ཁུལ་སོགས་ཀྱི་འབྲོག་སྡེ་ཆེ་ཁུལ་དུ་མི་སྣ་གཉིས་རེ་ཆེད་གཏོང་གིས་ནོར་ཚང་མར་རྣ་རྟགས་བརྒྱབ་པ་དང་ནོར་རེ་རེར་ཕྱོགས་མི་འདྲ་བ་ནས་པར་མི་འདྲ་བ་བཅུ་ཙམ་རེ་བླངས་ཡོད་པ་དང་། དང་ཐོག་ནོར་ལ་རྣ་རྟགས་བརྒྱབ་རྗེས་ཤི་བ་དང་ཡང་ན་སྤྱང་ཀིས་བསད་ཚེ། ས་གནས་སྲིད་གཞུང་གི་མི་སྣ་ཡོང་སྟེ་རོ་དང་ལྷག་འཕྲོ་རྣམས་འཁྱེར་ཕྱིན་ནས་བདག་པོ་ལ་གུན་གསབ་དངུལ་ཞིག་སྤྲད་རྒྱུ་ཡིན་ལུགས་བཤད་ཡོད་ཀྱང་།  རྗེས་སུ་རྒྱལ་ཁབ་ཀྱི་ཁྲལ་ཡིན་ཟེར་ནས་འབྲོག་པའི་དུད་ཁྱིམ་རེ་རེ་ནས་རྒྱ་སྒོར་ཁྲི་ ༥ རེ་བླངས་ཡོད་པ་མ་ཟད།  འབྲོག་ཁུལ་མང་པོ་རུ་ཁྱིམ་ཚང་རེ་རེའི་མི་གཅིག་ལ་ནོར་བདུན་རེ་མ་གཏོགས་བདག་ཉར་མི་ཆོག་པའི་བཀའ་རྒྱ་བཏང་དང་གཏོང་བཞིན་ཡོད་སྐོར་དང་། ཕྱི་ལོ་ ༢༠༢༢ ཙམ་ནས་རྔ་བ་ཁུལ་གཙོས་བོད་ཀྱི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་དང་། སེམས་ཅན་གྱི་ལྕི་བས་ཁོར་ཡུག་འབག་བཙོག་མི་བཟོ་བར་ཁ་གཡར་ཏེ། འབྲོག་ཁུལ་དུ་མཉམ་ལས་ཕྱུགས་ར་འཛུགས་སྐྲུན་དགོས་པའི་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་།

ལྷ་ས་གྲོང་ཁྱེར་མལ་གྲོ་གོང་དཀར་གྱི་ཉི་གློག་ས་ཚིགས།

རྒྱ་གཞུང་གིས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་རྣམ་པ་གསར་པའི་ཚོང་ལས་སོགས་ལ་ཁ་གཡར་ཏེ་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ས་ཆ་ལེགས་ཤོས་དང་འགྲོ་སྐྱོད་བདེ་ཤོས་རྣམས་བཙན་འཕྲོག་བྱས་ཏེ་ཆུ་རགས་དང་། ཉི་གློག་ས་ཚིགས། དེ་བཞིན་རྒྱལ་ཁབ་ཀྱི་སྤྱི་གླིང་ཟེར་བ་སོགས་འཛུགས་སྐྲུན་བྱེད་མུས་ཡིན་ལ། རྒྱ་ནག་རྒྱལ་ཁབ་རྩྭ་སའི་བདག་དབང་བཅའ་ཡིག་གི་ནང་དུ། རྩྭ་སའི་བདག་དབང་རྒྱལ་ཁབ་ལ་ཡོད། རྩྭ་སའི་བཀོལ་སྤྱོད་སྤྱི་མང་གི་ཡིན་སྐོར་གསལ་ཡོད་པ་ལྟར། སྲིད་གཞུང་གི་དགོས་མཁོ་ལྟར་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རྩྭ་ས་ཁེ་ལས་བའི་འཛུགས་སྐྲུན་ལྟེ་བ་དང་ཚོང་ལས་གཉེར་ས་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།            

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༢༡ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese