མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དིང་རིའི་ས་ཡོམ་དང་སྤུན་ཟླའི་བརྩེ་སེམས།

བོད་ཀྱི་དུས་བབ།
༢༠༢༥/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། རྒྱལ་མཚན་ཆོས་གྲགས། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ།

ཕྱི་ལོ་ ༢༠༢༥ ཟླ་༡ ཚེས་༧ ཉིན་ཕ་ཡུལ་བོད་གངས་ལྗོངས་གཙང་ཕྱོགས་སྟོད་དིང་རི་ས་ཁུལ་དུ་རང་བཞིན་འབྱུང་བ་འཁྲུག་པའི་ཤུགས་ཚད་རིམ་པ་༧།༠༡ གི་འཇིག་སུ་རུང་བའི་ས་ཡོམ་གོད་ཆག་བྱུང་བ་འདིས་ས་གནས་དེའི་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་སྟོང་ཕྲག་བརྒལ་བ་དུས་གཅིག་ཏུ་གཞིག་རལ་དུ་བཏང་བ་དང་། སྤུན་ཟླ་ ༡༤༠ བརྒལ་བའི་རྩ་ཆེའི་ཚེ་སྲོག་འཕྲོག་པ་མ་ཟད་དེ་བས་མང་བ་ཞིག་ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་ཏེ་མི་རྣམས་སྐྱོ་གདུང་དང་མིག་ཆུས་བརླན་ཏེ་ས་གཞི་ཡོངས་སྐྱོ་སྣང་གིས་ཁེངས།

དེ་རིང་ནི་ས་ཡོམ་གྱི་གོད་ཆག་འོག་ཚེ་སྲོག་ཤོར་བའི་མི་རྣམས་ཀྱི་བདུན་ཚིགས་གཉིས་པ་དེ་ཡིན་པས་ངས་འདས་པོ་རྣམས་ཀྱི་ཚེ་རབས་ནས་བསགས་པའི་བྱས་བསགས་སྡིག་གྲིབ་གང་ཡོད་པ་ཐམས་ཅད་བྱང་ཞིང་དག་ནས་ཚེ་རབས་ནས་ཚེ་རབས་ཏུ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བ་མ་ཟད་ད་ལྟ་འཚོ་བཞིན་གནས་པ་རྣམས་ཀྱི་འཚོ་བ་དང་སེམས་ཁམས་སོགས་གང་མྱུང་སླར་གསོ་ཡོང་བའི་སྙིང་ནས་གསོལ་འདེབས་ཞུ་རྒྱུ་ཡིན།

སྙིང་རྗེ་བྲལ་བའི་ས་ཡོམ་གྱི་འབྱུང་བའི་གོད་ཆག་དེ་ཇི་ཙམ་གདུག་རྩུབ་ཆེ་ཡང་མཐའ་མེད་པའི་མི་ཡུལ་གྱི་བརྩེ་སེམས་ནི་དེ་ལས་ནུས་ཤུགས་ཆེ་བས་གོད་ཆག་བྱུང་མ་ཐག་ཏུ་བོད་ནང་གི་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོས་”ང་ཚོའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོར་དཀའ་ངལ་ཕྲད་དུས་ང་ཚོས་ངེས་པར་རོགས་པ་བྱེད་དགོས། སྤུན་ཟླ་ཚོ། སེམས་མ་ཕམ། ང་ཚོ་ནམ་ཡང་ཁྱེད་ཚོ་མཉམ་དུ་ཡོད”ཅེས་པའི་གཅིག་གྱུར་འབོད་ཚིག་འོག་ཞིང་པ་དང་འབྲོག་པ་ཚོང་པ་སློབ་ཕྲུག་སོགས་ཀྱིས་མ་བསྐུལ་དང་བླངས་ཐོག་ནས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་གང་ཐུབ་གནང་།

ལྷག་པར་དུ་ཁམས་དང་ཨ་མདོའི་ཕྱོགས་ནས་ཡིན་པའི་ཚོང་པ་དང་དྲ་བའི་ཚོང་པ་གཞོན་སྐྱེས་མང་པོས་ཀྱང་དངུལ་དང་དངོས་པོའི་རོགས་སྐྱོར་ཞལ་འདེབས་ཕོན་ཆེ་ཁྱེར་ནས་ས་གནས་སུ་དངོས་སུ་སྐྱོད་ནས་དང་བླངས་ཀྱི་ཞབས་ཞུ་སྒྲུབ་པ་དང་། དགོན་སྡེ་ཁག་ནས་དངུལ་གྱི་ཞལ་འདེབས་ཕོན་ཆེན་ཕུལ་བ་དང་སྦྲགས་ཐུགས་སྨོན་གསོལ་འདེབས་གནང་། མང་ཚོགས་མང་པོས་ས་ཡོམ་གོད་ཆག་འོག་རྐྱེན་འདས་སོང་བ་ཚོའི་ཆེད་དུ་དགོན་སྡེ་ཁག་ལ་སྐྱོད་ནས་གཤིན་པོའི་རྗེས་འཇུག་གི་མཆོད་འབུལ་སྨོན་ལམ་སྒྲུབ་བཞིན་ཡོད།

མདོ་དབུས་ཁམས་གསུམ་གྱི་གཞས་པ་གཞས་མ་མང་པོས་གདུང་སེམས་མཉམ་སྐྱེའི་གླུ་དབྱངས་གསར་རྩོམ་བྱས་པ་སོགས་རང་རང་གི་ནུས་པ་དང་མཐུན་རྐྱེན་ལ་གཞིགས་པའི་རོགས་སྐྱོར་གནང་ཡོད།  རོགས་སྐྱོར་གྱི་རྣམ་པ་ནི་དངུལ་དང་མིའི་ཟས་གོས་གནས་མལ་གྱི་ཞལ་འདེབས་ཙམ་མ་ཟད། ཞིང་པའི་སྒོ་ཟོག་སེམས་ཅན་ལ་རྩ་ཆག་གི་ཞལ་འདེབས་ཀྱང་གནང་བ་སོགས་བོད་མི་རིགས་ཀྱི་གཅིག་གྱུར་གྱི་འདུ་ཤེས་མི་སེམས་འགུལ་བ་ཞིག་བྱུང་ཡོད།

བཙན་བྱོལ་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་ཚོས་ཀྱང་བོད་ནང་གི་རྒྱ་ཆེའི་མི་མང་གི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེ་དང་། བཙན་བྱོལ་ནང་གི་མང་ཚོགས་དང་། དགོན་སྡེ་གྲྭ་ཚང་ཁག་བཅས་ནས་སྨོན་ལམ་གསོལ་འདེབས་དང་མཆོད་འབུལ་རྒྱ་ཆེ་གནང་ཡོད། ལྷག་པར་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་གདན་ས་བཀྲིས་ལྷུན་པོར་སེར་སྐྱ་མང་ཚོགས་སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་སྟོད་དིང་རིའི་ས་ཡོམ་གྱི་གོད་ཆག་ལ་དམིགས་ནས་གདུང་སེམས་མཉམ་སྐྱེའི་སྨོན་ལམ་གསོལ་འདེབས་རྒྱ་ཆེ་གནང་བ་རེད། ༸གོང་ས་མཆོག་གིས་ས་ཡོམ་གོད་ཆག་གི་རྐྱེན་ངན་ལ་ཐུགས་ཕམ་དང་འདས་གྲོངས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་གནང་བ་དང་སྦྲགས། གོད་ཆག་ཕོག་པའི་བོད་མི་ཚོར་སེམས་ཤུགས་མ་ཆག་པར་རྐྱེན་ངན་གྲོགས་སུ་འགྱུར་བའི་བསམ་བློ་གཏོང་དགོས་པ་དང་། ཆོས་ཕྱོགས་ནས་རྐྱེན་ངན་བྱང་ཆུབ་ལམ་དུ་འགྱུར་བའི་ཐུགས་སྨོན་གནང་དགོས་པའི་བཀའ་སློབ་སྩལ་ཡོད། ཕྱོགས་མཚུངས་༸དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། ༸དཔལ་ས་སྐྱ་གོང་བ་བདག་ཁྲི་རིན་པོ་ཆེ་སོགས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་ཀྱང་ཐུགས་གསོ་དང་ཐུགས་སྨོན་རྒྱ་ཆེ་གནང་ཡོད། ཕྱོགས་མཚུངས་ཤར་མོན་ནས་ནུབ་ལ་དྭགས་བར་གྱི་མི་རིགས་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་ས་ཁུལ་མི་མང་ཚོས་ཀྱང་བོད་ནང་གི་ས་ཡོམ་གོད་ཆག་ལ་གདུང་སེམས་མཉམ་སྐྱེ་གནང་ཡོད་པ་རེད།

ས་ཡོམ་གྱིས་ཁང་ཁྱིམ་སྟོང་ཕྲག་མང་པོ་གཞིག་རལ་དུ་བཏང་ཡང་། དེ་ལས་ལྷག་པའི་གཞིས་ལུས་བོད་མིའི་སྔར་མེད་པའི་མཐུན་སྒྲིལ་གྱི་བ་གམ་མཐོན་པོ་ཞིག་བསླངས་ཏེ་འཛམ་གླིང་ཡོངས་དང་ལྷག་པར་དུ་བཙན་བྱོལ་བོད་མི་ཚོར་མིག་དཔེ་བཟང་པོ་ཞིགབསྟན་ཡོད། བོད་མི་རིགས་ཀྱི་མཐུན་སྒྲིལ་གྱི་ནུས་པ་འདི་ནི་ནང་ཆོས་ཀྱི་བྱམས་བརྩེའི་བསླབ་བྱ་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། བོད་མི་རིགས་ཀྱི་རིག་གཞུང་དང་། གོམས་གཤིས། སྲོལ་རྒྱུན་བཟང་པོ་བཅས་ཀྱི་རྩ་བ་བརྟན་པོ་ཡོད་པའི་རྟགས་མཚན་ཡང་ཡིན་ལ་དོན་རྐྱེན་འདིའི་སྐབས་བོད་རིགས་ནང་ཁུལ་དུ་ས་ཁུལ་དང་ཆོས་ལུགས། དབུལ་ཕྱུག་གི་དབྱེ་བ་མེད་པར་ཕན་ཚུན་རོགས་རམ་བྱས་པ་འདིས་མ་འོངས་པར་ཡང་བོད་མི་རིགས་ཀྱི་གནས་སྟངས་ལ་རེ་བ་བྱེད་འོས་པའི་རྟགས་མཚན་བཟང་པོ་ཞིག་མཐོང་ཡོད།

འོན་ཀྱང་བོད་མིའི་ཆིག་སྒྲིལ་དང་རོགས་རམ་གྱི་བྱེད་སྒོའི་གནས་ཚུལ་དེ་དག་དྲ་ཐོག་ལ་ཁྱབ་སྟེ་བོད་ཕྱི་ནང་གི་བོད་མི་ཚོར་ཤུགས་རྐྱེན་བཟང་པོ་ཐེབས་བཞིན་པ་མཐོང་སྐབས། རྒྱ་ནག་གཞུང་ལ་འཇིགས་སྣང་སྐྱེས་ཏེ་གནས་ཚུལ་དེ་དག་དྲ་ཐོག་ལ་སྤེལ་མི་ཆོག་པའི་བཀག་སྡོམ་བྱས་པ་དང་། ས་ཡོམ་གྱི་སྐོར་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་བོད་མི་ ༢༡ ཙམ་བཀག་ཉར་དང་ཉེས་ཆད་བཅད་པའི་གནས་ཚུལ་ཐོན་ཡོད།

  མ་འོངས་པར་ཡང་བོད་མི་རིགས་ཀྱི་མཐུན་སྒྲིལ་གྱི་ནུས་པ་འདི་སྔར་ལས་ལྷག་པའི་སྲ་བརྟན་དུ་གཏོང་དགོས་པ་ནི་གལ་ཆེན་པོ་ཡིན། དེ་ཡང་༸གོང་ས་མཆོག་གིས་བོད་མི་རྣམས་ཆོལ་ཁའི་ཕྱོགས་ཞེན་དང་ས་ཁུལ་གྱི་དབྱེ་འབྱེད་སོགས་མེད་པར། བོད་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་བཀའ་སློབ་ཡང་ཡང་གནང་བ་བཞིན་སྟོད་དིང་རིའི་ས་ཡོམ་གྱི་གོད་ཆག་གིས་བོད་མི་རིགས་ཀྱི་མཐུན་སྒྲིལ་གྱི་ནུས་པ་གསལ་པོར་མཚོན་པ་མ་ཟད། མ་འོངས་པར་ཡང་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་པར་མཐུན་སྒྲིལ་གྱི་ནུས་པ་འདི་ཇི་ཙམ་གལ་ཆེན་པོ་ཡིན་པའི་བསླབ་བྱ་ཟབ་མོ་ཞིག་ཀྱང་སྤྲད་ཡོད་དོ།།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese