མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་གཉིས་ལ་འཚམས་འཕྲིན་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་ཕྱི་སྲིད་བློན་ཆེན་རའུ་བྷི་ཡོ་གཉིས་ལ་འཚམས་འཕྲིན་ཕུལ་ཏེ། ཨ་རིས་མུ་མཐུད་བོད་དང་བོད་མིར་རྒྱབ་སྐྱོར་སྔར་ལྷག་གནང་བའི་རེ་སྐུལ་ཞུས་འདུག

སྲིད་སྐྱོང་མཆོག་གིས་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་གཉིས་ལ་འཚམས་འཕྲིན་གནང་། བོད་ཀྱི་དུས་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༡།༢༣

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུ་མཆོག་དང་ཨ་རིའི་ཕྱི་སྲིད་བློན་ཆེན་གསར་པ་མཱར་ཁོ་རའུ་བྷི་ཡོ་གཉིས་ལ་འཚམས་འཕྲིན་གནང་འདུག་ཅིང་། འཕྲིན་ཡིག་གི་ནང་དོན་དུ་ཨ་རིས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གྱི་སྲིད་ཇུས་ཤུགས་ཆེ་རུ་བཏང་སྟེ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་མཉམ་ལས་རོགས་འདེགས་ཡོང་བའི་རེ་སྐུལ་ཞུས་འདུག

དེ་འབྲེལ་སྲིད་སྐྱོང་མཆོག་ནས་སྲིད་འཛིན་ཊོམ་ཕུར་ཕུལ་བའི་འཚམས་འཕྲིན་ནང་། ཊོམ་ཕུའི་དབུ་ཁྲིད་འོག་ཨ་རིས་འཛམ་གླིང་ནང་དམངས་གཙོའི་རིན་ཐང་སྲུང་སྐྱོབ་དང་སའི་གོ་ལར་འཕྲད་བཞིན་དཀའ་ངལ་གླེང་སློང་།  དེ་བཞིན་ཨ་རི་ནི་མུ་མཐུད་རང་དབང་དང་དམངས་གཙོའི་འོད་སྣང་ཞིག་ཏུ་གནས་ཐུབ་པའི་རེ་བ་ཡོད།

ཨ་རིའི་གཞུང་འཛིན་རིམ་པས་བོད་དོན་ལ་རྒྱབ་སྐྱོར་གནང་ཞིང་། ཨ་རིས་བོད་མི་དམངས་ལ་དཀའ་ཚགས་ཇི་ཙམ་ཆེ་ཡང་གཡས་སྐྱོར་གཡོན་སྐྱོར་གྱིས་བོད་མི་རྣམས་ལ་རེ་བར་སྟོབས་ཤུགས་སྤྲད་གནང་བར་ཐུགས་རྗེ་ཆེ་ཞུས་འདུག་ལ། དམིགས་བསལ་ཊོམ་ཕུའི་ཐོག་དང་པོའི་འཛིན་སྐྱོང་སྐབས། ཁོང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་ལ་མཚན་རྟགས་བསྐྱོན་ཏེ་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་འདུག

ཕྱི་སྲིད་བློན་ཆེན་གསར་བར་ཕུལ་བའི་འཕྲིན་ཡིག་ནང་། ཁྱེད་ཀྱིས་ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་ཐད་ཤེས་རྟོགས་ཟབ་མོ་ཡོད་པ་གསལ་འདོན་བྱས་སོང་ལ། དམིགས་བསལ་ཁྱེད་ནས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་བར་བོད་མི་ཚང་མས་དུས་རྟག་ཏུ་སེམས་ཁོངས་ནས་བཀའ་དྲིན་ཞུ་བཞིན་ཡོད།

ད་ལྟ་ཁྱེད་ཀྱིས་གལ་གནད་ཆེ་བའི་ཨ་རིའི་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་པ་དང་། ང་ཚོས་རེ་ལྟོས་དང་བཅས་ཁྱེད་ཀྱི་དབུ་ཁྲིད་འོག་ཨ་རིའི་བོད་དང་བོད་མིར་རྒྱབ་སྐྱོར་གྱི་སྲིད་ཇུས་ཁག་གོང་སྤེལ་དང་ཤུགས་ཇེ་ཆེར་གཏོང་བར་མུ་མཐུད་མཉམ་ལས་མཉམ་འདེགས་ཡོང་བར་རེ་བས་ཁེངས་ཡོད། མཐར་ང་ཚོས་ཁྱེད་ལ་བསྐྱར་དུ་འཚམས་འདྲི་ཞུ་བཞིན་ཡོད། ཅེས་གསུངས་འདུག

མཇུག་ཏུ་སྲིད་སྐྱོང་མཆོག་གིས། སྲིད་འཛིན་ཊོམ་ཕུ་དང་ཕྱི་སྲིད་བློན་ཆེན་རའུ་བྷི་ཡོ་གཉིས་ཀྱི་ཕྲག་ཏུ་བབས་པའི་ལས་དོན་ལམ་ལྷོངས་ཡོང་ཞིང་། རང་དབང་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་ཐུན་མོང་གི་རིན་ཐང་གོང་སྤེལ་ཐད་མུ་མཐུད་མཉམ་ལས་གཞོལ་འདེགས་བྱེད་པའི་རེ་བ་ཡོད་སྐོར་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

སྐར་མ ༥༠ སྔོན་ལ།
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

ཆུ་ཚོད་ ༢ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ། ལི་ཤུའོ་ཝུ། པར་དྲ་ལམ་ནས་བླངས།
Mobile App

རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

ཆུ་ཚོད་ ༢ སྔོན་ལ།
རྒྱལ་མཚན་ནོར་བུས་ལྟ་སྐོར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

ཆུ་ཚོད་ ༢ སྔོན་ལ།
རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

༢༠༢༦/༡༠/༢༦
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

༢༠༢༦/༡༠/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese