མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རོགས་དངུལ་ཟླ་གསུམ་རིང་བཀག་འགོག་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན།

བོད་ཀྱི་དུས་བབ།
༢༠༢༥/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་དང་མཐུན་མིན་བསྐྱར་ཞིབ་སླད་ཉིན་གྲངས་ ༩༠ རིང་ཕྱིའི་རྒྱལ་ཁབ་ཁག་ལ་རོགས་དངུལ་གཏོང་མཚམས་འཇོག་རྒྱུ་ཡིན་ཞིང་། དེ་ལ་བརྟེན་ནས་འཛམ་གླིང་གི་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་དེ་སྲོག་ཉེན་ཡོད་སྐོར་བརྗོད་འདུག

The Donald Trump Administration Has Framed The US Freeze As Part Of A Broader Effort To Realign Foreign Assistance With American Interests. | File Photo

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ནས་བཟུང་འབྱུང་འགྱུར་ཟླ་གསུམ་མམ་ཉིན་གྲངས་ ༩༠ རིང་ཨ་རིས་ཕྱིའི་རྒྱལ་ཁབ་ཁག་ཏུ་རོགས་དངུལ་གཏོང་བཞིན་པའི་ལས་དོན་དང་རོགས་དངུལ་གསར་པ་གཏོང་རྒྱུ་སོགས་མཚམས་འཇོག་བྱས་ཏེ། ད་སྔ་བར་ཨ་རིས་ཕྱིའི་ེརྒྱལ་ཁབ་ཁག་ཏུ་གཏོང་བཞིན་པའི་རོགས་དངུལ་དག་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུ་ (Donald Trump) མཆོག་གི་ཕྱི་འབྲེལ་སྲིད་ཇུས་དང་མཐུན་མིན་བསྐྱར་ཞིབ་བྱ་རྒྱུ་ཡིན་པའི་བཀའ་རྒྱ་བཏང་ཡོད་འདུག བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་ཁང་གཞན་མང་པོ་ཞིག་གིས་ཊོམ་ཕུའི་བཀའ་རྒྱ་དེ་རིང་ཕྱི་ཚེས་ ༢༧ ཉིན་ཕྱིར་ཤོར་བའི་གནས་ཚུལ་ཞིག་ཡིན་སྐོར་བརྗོད་འདུག

དེ་འབྲེལ་གནས་ཚུལ་ནང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རོགས་དངུལ་གཏོང་ཕྱོགས་དེ་ཕྱི་འབྲེལ་སྲིད་ཇུས་དང་མཐུན་གྱི་ཡོད་མེད་བསྐྱར་ཞིབ་ཀྱི་ཆེད་དུ་ཉིན་གྲངས་ ༩༠ རིང་ཕྱིའི་རྒྱལ་ཁབ་ལ་རོགས་དངུལ་གསར་པ་སྤྲོད་མཚམས་འཇོག་པ་དང་། རོགས་དངུལ་སྤྲད་ཟིན་པའི་ལས་དོན་རྣམས་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་ལ། ཨ་རིའི་ཕྱི་སྲིད་བློན་ཆེན་མཱར་ཁོ་རུ་བྷི་ཡོ་ (Marco Rubio) ལགས་ཀྱིས། ཨ་རིས་ཕྱི་ཕྱོགས་སུ་གཏོང་བཞིན་པའི་ཨ་སྒོར་རེ་རེ་ཡིས་ཨ་རི་སྟོབས་ཆེན་དང་བདེ་འཇགས་ཅན། དེ་བཞིན་ཡར་རྒྱས་ཅན་དུ་འགྲོ་བར་ངེས་པར་དུ་ཕན་ཐོགས་དགོས། ཞེས་བརྗོད་འདུག

ཨ་རིའི་རོགས་ཚོགས་ཀྱི་ལས་བྱེད་ཟུར་པ་ཞིག་གིས། ཨ་རིའི་རོགས་དངུལ་མཚམས་འཇོག་བྱས་པ་ལ་བརྟེན་ནས་རྒྱལ་སྤྱིའི་སྟེང་གི་ཚོགས་སྡེ་ཁག་མང་པོའི་ལས་དོན་ཡོངས་རྫོགས་མཚམས་འཇོག་དགོས་པ་དང་། དེ་ལ་བརྟེན་ནས་འཛམ་གླིང་ནང་འཕྲོད་བསྟེན་ཞབས་ཞུ་དང་གཉན་ནད་རེག་དུག ཟས་བཅུད། མངལ་སྤྲུམ་དང་ཕྲུ་གུའི་འཕྲོད་བསྟེན། དེ་བཞིན་ཞིང་ལས་དང་། ཤེས་ཡོན་སོགས་ལ་ཤུགས་རྐྱེན་ཐེབས་ཉེན་ཡོད་སྐོར་བརྗོད་འདུག ཨ་རིའི་རོགས་ཚོགས་ཀྱི་ལས་བྱེད་ཟུར་པ་དང་ད་ལྟའི་རྒྱལ་སྤྱིའི་སྐྱབས་བཅོལ་ཚོགས་པའི་ཚོགས་གཙོ་ཇེ་རི་མི་ (Jeremy Konyndyk) ལགས་ཀྱིས། དེ་ནི་བྱབ་ཆུང་གི་བྱ་སྤྱོད་ཅིག་རེད། ཨ་རིའི་གཞུང་གིས་ཐག་གཅོད་ལྟར་ལག་བསྟར་བྱས་ཚེ། མི་མང་པོའི་ཚེ་སྲོག་ཤོར་གྱི་རེད། ཅེས་དང་། ཕྱིའི་རྒྱལ་ཁབ་ལ་རོགས་དངུལ་གཏོང་ཕྱོགས་ཀྱི་ལས་གཞིར་བསྐྱར་ཞིབ་བྱེད་པ་དེ་ནི་དྲང་བདེན་ཞིག་ལ་ངོས་འཛིན་གྱི་མེད་ལ། དེས་གཏོར་བཤིག་གང་མང་གཏོང་གི་རེད། ཅེས་བརྗོད་འདུག

ད་དུང་། ཨ་རིའི་གྲོས་ཚོགས་སུ་སྲིད་འཛིན་ཊོམ་ཕུས་བཀའ་རྒྱ་བཏང་བ་དེ་ཁྲིམས་འགལ་རེད་ཅེས་གླེང་སློང་བྱས་ཡོད་འདུག་ལ།  ཨ་རིའི་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་རོགས་དངུལ་གཏོང་མཚམས་འཇོག་རྒྱུ་ཡིན་པ་དེས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཨ་རིའི་ཁ་གཏད་ཀྱི་རྒྱལ་ཁབ་ཁག་ནས་རོགས་དངུལ་ལེན་ཐབས་བྱེད་སྲིད་པ་དང་། དེ་ལ་བརྟེན་ནས་ཨ་རི་འཛམ་གླིང་གི་སྣེ་ཁྲིད་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་དེ་མེད་པར་བཟོ་ཉེན་ཡོད་སྐོར་སོགས་བརྗོད་འདུག་ལ། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་མང་པོ་ཞིག་གིས་ཊོམ་ཕུའི་འཛིན་སྐྱོང་གི་ཐག་གཅོད་དེར་སྐྱོན་བརྗོད་ཀྱང་བྱེད་བཞིན་འདུག

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཉིན་གྲངས་ ༩༠ ཡི་བསྐྱར་ཞིབ་དུས་ཡུན་བེད་སྤྱོད་བྱས་ཏེ་རོགས་དངུལ་གྱི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུའི་བརྡ་ལན་སྤྲད་ཡོད་ཅིང་། མ་འོངས་པར་རོགས་དངུལ་སྤྲོད་ཕྱོགས་དེ་དག་ཨ་རི་ཨང་དང་པོ་ (America First) ཡིན་པའི་སྲིད་ཇུས་དང་མཐུན་པ་ཡོང་སླད། འཛིན་སྐྱོང་གི་ངོས་ནས་རོགས་དངུལ་སྤྲོད་ཕྱོགས་ཀྱི་ཚད་གཞི་དམ་དུ་གཏོང་འཆར་ཡོད་འདུག འོན་ཀྱང་། དཔྱད་ཞིབ་པ་ཁག་ཅིག་གིས། ཐབས་ཇུས་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་མཉམ་ལས་ཀྱི་གནས་བབ་ཞན་དུ་གཏོང་བ་དང་། ཨ་རིའི་རྒྱབ་སྐྱོར་ལ་བརྟེན་ཡོད་པའི་ས་ཁུལ་ཁག་ལ་བརྟན་ལྷིང་མེད་པ་བཟོ་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

འཛམ་གླིང་ཁྱོན་ཡོངས་ནས་ཨ་རི་ནི་ཕྱིའི་རྒྱལ་ཁབ་ཁག་ལ་རོགས་དངུལ་སྤྲོད་མཁན་ཆེ་ཤོས་ཤིག་ཡིན་ཞིང་། ཕྱི་ལོ་ ༢༠༢༣ ལོར་ཨ་རིའི་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་ཨ་སྒོར་ཐེར་འབུམ་ ༧༢ ཀྱི་རོགས་དངུལ་བཏང་ཡོད་འདུག ད་ལན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བཀའ་རྒྱ་དེས་ཕྱིའི་རྒྱལ་ཁབ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ཀྱང་། ཨི་ཛི་རེལ་དང་ཨི་ཇིབ་ (Egypt) གཉིས་ལ་དམག་དོན་རོགས་དངུལ་མུ་མཐུད་དུ་སྤྲོད་རྒྱུ་ཡིན་འདུག དེ་ཡང་ལོ་ལྟར་ཨ་རིའི་གཞུང་གིས་ཨི་ཛི་རེལ་ལ་ཨ་སྒོར་ཐེར་འབུམ་ ༣།༣ ཙམ་དང་། ཨི་ཇིབ་ལ་ཨ་སྒོར་ཐེར་འབུམ་ ༡།༣ ཙམ་སྤྲོད་ཀྱི་ཡོད་པ་རེད། ད་ལན་ཨ་རིས་རོགས་དངུལ་མཚམས་འཇོག་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་གཞན་ནས་རོགས་དངུལ་ལེན་ཐབས་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

སྐར་མ ༢༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

སྐར་མ ༥༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

སྐར་མ ༥༩ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese