མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་ཆེས་མཐོ་མི་སྣ་ཐུག་འཕྲད་བྱས་པ་བརྒྱུད་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་འབྲེལ་གྱི་ལས་དོན་སྤེལ་རྒྱུར་གྲོས་མཐུན་བྱུང་འདུག

India’s Foreign Secretary Vikram Misri (left) meets Chinese Foreign Minister Wang Yi in Beijing on Monday.(AP)

ཁ་སང་ཕྱི་ཚེས་ ༢༧ ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཝི་ཀི་རམ་ (Vikram Misri) མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཟེར་བ་དང་ཐུག་འཕྲད་བྱས་ཏེ། རྒྱ་དཀར་ནག་གཉིས་ཀྱི་མཉམ་ལས་ཀྱི་ནུས་པ་སྐྱེད་ཐབས་དང་འབྲེལ་ལམ་སྲ་བརྟན་ཡོང་ཐབས་ཟེར་བ་ཞིག་གི་འོག་ནས། འདི་ལོའི་དབྱར་དུས་ནས་རྒྱ་ནག་གིས་རྒྱ་གར་གྱི་གནས་མཇལ་བ་རྣམས་བོད་ཀྱི་གངས་རིན་པོ་ཆེར་གནས་མཇལ་གཏང་རྒྱུ་དང་། རྒྱ་དཀར་ནག་གཉིས་ཀྱི་མཁའ་ལམ་སྒོ་ཕྱེ་ནས་གནམ་གྲུ་ཤར་གཏོང་བྱ་རྒྱུ་སོགས་ཚུད་པའི་མཉམ་ལས་ཀྱི་ཐད་ལ་གྲོས་མཐུན་བྱུང་ཡོད་འདུག

གནད་དོན་དེའི་ཐད་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། ཕྱོགས་གཉིས་བར་གྲོས་མཐུན་བྱུང་བ་བཞིན། འདི་ལོའི་དབྱར་དུས་ནས་རྒྱ་ནག་གཞུང་གིས་རྒྱ་གར་གྱི་གནས་མཇལ་བ་རྣམས་བོད་ཀྱི་གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་དང་། ཕྱོགས་གཉིས་ཀྱི་འཕྲུལ་རིག་གི་ནུས་པ་གོང་མཐོར་གཏང་རྒྱུ། དེ་བཞིན་འཕྲུལ་རིག་དང་། ཆུ། བོད་ནས་རྒྱ་གར་དུ་བཞུར་གྱིན་པའི་ཆུ་བོ་དག་དང་འབྲེལ་བའི་མཉམ་འབྲེལ་ལས་དོན་ཐད་ལ་གོ་བསྡུར་གྱི་ལྷན་ཚོགས་འཚོག་རྒྱུ། ཕྱོགས་གཉིས་ཀྱི་ཤེས་རིག་བརྗེ་ལེན་གྱི་ངོ་བོའི་ཐོག་ནས་ཤེས་ཡོན་པ་དང་། བསམ་བློ་བ། གནད་དོན་དཔྱད་ཞིབ་པ་སོགས་ཀྱི་ལྷན་ཚོགས་རིགས་མང་ཙམ་བསྡུ་སྐོང་དང་མཁའ་ལམ་སྒོ་འབྱེད། དེ་བཞིན་ཕྱི་ལོ་ ༢༠༢༥ ལོར་རྒྱ་དཀར་ནག་གཉིས་ཀྱི་བར་མཉམ་ལས་མགོ་བཙུགས་ནས་མི་ལོ་ ༧༥ འཁོར་བའི་དུས་དྲན་གཙི་སྲུང་དང་སྦྲགས། ཕྱོགས་གཉིས་ཀྱི་མཉམ་ལས་དང་ཡིད་ཆེས་སླར་གསོ་བྱ་རྒྱུ་སོགས་གསལ་འདུག

གནད་དོན་དེའི་ཐད་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཝི་ཀི་རམ་མཆོག་གིས། འཛམ་གླིང་གི་ལྷོ་རྒྱུད་རྒྱལ་ཁབ་དག་གི་བདེ་འཇགས་དང་ཁྲིམས་མཐུན་གྱི་རང་དབང་སྲུང་སྐྱོབ་དང་།  རྒྱ་དཀར་ནག་གི་མི་དམངས་ཀྱི་ཁེ་ཕན་དང་ཕྱོགས་གཉིས་ཀྱི་གཞི་རྩའི་ཁེ་ཕན་ཡར་སྐྱེད་སླད། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་འཕེལ་རྒྱས་སུ་གཏོང་བར་འབད་འབུངས་བྱེད་མུས་ཡིན་སྐོར་སོགས་གསུངས་འདུག

ད་ལན་ཡང་། འདས་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་ཞི་ཅིན་ཕིན་གཉིས་ཀྱི་ཐུག་འཕྲད་སྐབས་བྱུང་བའི་གྲོས་མོལ་གཞི་བཞག་གི་ཐོག་ནས། ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ཧིན་བོད་མཐའ་མཚམས་སོགས་དང་འབྲེལ་བའི་དཀའ་རྙོག་ཞི་ཐབས་སྐོར་ལའང་གླེང་སློང་བྱས་ཡོད་ཀྱང་། ཉེ་ལམ་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་ ༡༣༧ ལྷག་བཏང་ནས་བོད་ཀྱི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆེས་ཆེ་བའི་གློག་འདོན་ས་ཚིགས་གསར་འཛུགས་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་སྟབས། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆེས་ཆེ་བའི་གློག་འདོན་ཆུ་རགས་གསར་རྒྱག་བྱ་རྒྱུ་ཡིན་པ་དེས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཤུགས་ཆེན་བཟོས་པ་མ་ཟད། གནད་དོན་དེ་ནི་འབྱུང་འགྱུར་རྒྱ་དཀར་ནག་གཉིས་ཀྱི་ཆེས་རྩོད་གླེང་ཆེ་བའི་ཁ་མཆུ་ཞིག་ཏུ་འགྱུར་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག་ལ། ཆུ་རགས་དེའི་དབང་གིས། རྒྱ་གར་གཙོས་ཨེ་ཤ་ཡའི་ལྷོ་རྒྱུད་རྒྱལ་ཁབ་མང་དག་ཅིག་གི་རང་བྱུང་ཁོར་ཡུག་དང་འཚོ་གནས་ལ་དཀའ་ངལ་འཕྲད་ཉེན་ཡང་ཡོད་པ་རེད།

གཞན་ཡང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཨ་ཇི་ཐི་དྷོ་ཝལ་(Ajit Doval ) དང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡི་གཉིས་ཀྱི་སྣེ་འཁྲིད་པའི་ཚོགས་ཆུང་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཐུག་འཕྲད་བྱས་ཏེ། རྒྱ་དཀར་ནག་གཉིས་ཀྱི་ཧིན་བོད་མཐའ་མཚམས་ཀྱི་རྩོད་གླེང་ཞི་འཇགས་ཡོང་ཐབས་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཡར་རྒྱས་གཏོང་ཐབས་ཚུད་པའི་དོན་ཚན་དྲུག་ལ་མོས་མཐུན་བྱུང་ཡོད།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་ལུང་གཞོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན།  ཕྱོགས་གཉིས་བར་ཐེངས་མང་པོར་གྲོས་མོལ་བྱས་ཡོད་ཀྱང་འདས་པའི་ལོ་ཤས་རིང་རྒྱ་དཀར་ནག་གཉིས་བར་ཧིན་བོད་མཐའ་མཚམས་ཁུལ་དུ་གདོང་ཐུག་ཡང་ཡང་བྱུང་ནས་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱིས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་པོ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་བཞིན་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese