མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བཅོས་མའི་རིག་ནུས་ཀྱིས་བོད་ཀྱི་ལོ་རྒྱུས་འགྲེལ་ལོག་བྱེད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཌིབ་སིག་བཅོས་མའི་རིག་ནུས་གསར་པ་དེས་ཨ་རིའི་འཕྲུལ་རིག་ཁྲོམ་རར་གཡོ་འགུལ་ཐེབས་བཅུག་ཡོད་པ་མ་ཟད། བོད་གཙོས་རྒྱ་ནག་གིས་བཙན་བཟུང་བྱས་པའི་གྲངས་ཉུང་མི་རིགས་སོགས་ཀྱི་གནད་དོན་ཐད་ལན་འདེབས་གང་ཡང་བྱེད་ཀྱིན་མེད་པའི་གནས་ཚུལ་འཐོན་མུས་ཡིན་འདུག 

Deepseek logo and the Chinese flag are seen in this illustration taken January 27, 2025. REUTERS/Dado Ruvic/Illustration

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས་ཨ་རིའི་བཅོས་མའི་རིག་ནུས་དང་འཕྲུལ་རིག་ཡར་སྐྱེད་ཀྱི་སླད་ཨ་སྒོར་ཐེར་འབུམ་ ༥༠༠ ཡི་མ་འཇོག་བྱ་རྒྱུའི་ཡོངས་གྲགས་གསལ་བསྒྲགས་བྱས་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གིས་ཌིབ་སིག་ (DeepSeek) ཟེར་བའི་བཅོས་མའི་རིག་ནུས་ཤིག་གསར་བསྐྲུན་གྱིས་རྒྱལ་སྤྱིའི་ཚོང་རར་བཀྲམ་རྗེས། དེ་བཀོལ་སྤྱོད་དང་ཕབ་ལེན་བྱེད་མཁན་ཧ་ཅང་མང་པོ་ཞིག་བྱུང་སྟེ། ཨ་རིའི་འཕྲུལ་རིག་ཁྲོམ་རའི་མ་རྐང་ལ་ཨ་སྒོར་ཐེར་འབུམ་ ༡༠༠ ལྷག་གི་གྱོང་གུད་ཐེབས་ཡོད་ཅིང་། རྒྱ་ནག་གི་འཕྲུལ་རིག་མཉེན་ཆས་དེའི་ཁྲོད་རྒྱ་ནག་གཞུང་གི་ལྟ་བ་ལངས་ཕྱོགས་དྲིལ་བསྒྲགས་བྱེད་པ་ལས། དམར་ཤོག་རིང་ལུགས་ཀྱི་ལངས་ཕྱོགས་དང་འགལ་བའི་གནད་དོན་རིགས་གསལ་ཁ་མེད་པ་རེད། 

གནད་དོན་དེའི་ཐད་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས། རྒྱ་ནག་གི་ལས་ཁུངས་ཤིག་གིས་ཌིབ་སིག་བཅོས་མའི་རིག་ནུས་ཤིག་གསར་འགྲེམས་བྱས་པ་དེས། ཨ་རིའི་བཅོས་རིག་དང་འབྲེལ་བའི་ཚོང་དོན་ལྟེ་གནས་ཁང་དག་རྨོངས་གཉིད་ལས་སད་དེ་རྣམ་པར་རྒྱལ་དགོས་པའི་ཅོང་བརྡ་བཏང་བ་རེད། བཅོས་རིག་གསར་བསྐྲུན་ཐད་དངུལ་སྒོར་ཐེར་འབུམ་དང་ཐེར་འབུམ་གཏོང་མི་དགོས་པར། འགྲོ་གྲོན་ཉུང་ཤས་ཤིག་གིས་གྲུབ་འབྲས་གཅིག་མཚུངས་ཐོབ་ན། དེ་ནི་བཟང་ཕྱོགས་ཤིག་རེད། ཅེས་གསུངས་འདུག ཌིབ་སིག་བཅོས་མའི་རིག་ནུས་ཀྱི་མཉེན་ཆས་བཟོ་སྐྲུན་སླད་ཨ་སྒོར་ས་ཡ་དྲུག་ལས་བཏང་མེད་ཀྱང་། འདས་པའི་ཉིན་ཤས་རིང་ཌེབ་སིག་ནི་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་བཟོ་སྐྲུན་བྱས་པའི་ཅ་ཊི་ཇི་པེ་ཊི་(ChatGPT) ལས་ཨ་རིའི་ནང་བཀོལ་སྤྱོད་བྱེད་མཁན་ཆེས་མང་བའི་མཉེན་ཆས་ཤིག་ཏུ་གྱུར་ནས། ཨ་རིའི་བཅོས་མའི་རིག་ནུས་ཀྱི་མ་རྐང་ཁྲོམ་རར་སྔར་མེད་ཀྱི་འགུལ་ཤུགས་ཤིག་ཐེབས་འདུག 

 དེ་བཞིན་བཅོས་མའི་རིག་ནུས་ཀྱི་མཉེན་ཆས་འདིས་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་ལྟ་བ་དང་དྲིལ་བསྒྲགས་ཇི་བཞིན་འགྲེལ་བཤད་རྒྱག་པ་དང་། བོད་གཙོས་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་གནད་དོན། དེ་བཞིན་རྒྱ་ནག་དམར་ཤོག་གི་ལངས་ཕྱོགས་དང་འགལ་བའི་གནད་དོན་རིགས། ཆབ་སྲིད་ཀྱི་ཚོར་སྣང་སྐྱེན་པའི་གནད་དོན་སོགས་བཀག་སྡོམ་བྱས་ཡོད་སྟབས ང་ཚོས་གནད་དོན་འདི་དག་གི་ཐད་དྲི་བ་དྲིས་ཚེ་གསལ་བཤད་གང་ཡང་མི་བྱེད་པར། “དགོངས་པ་མ་ཚོམས། གནད་དོན་དེར་ངས་ཤེས་རྟོགས་མེད། གནད་དོན་གཞན་ཞིག་ཤོད། “ ཅེས་ལན་ཤར་ཡོང་བ་ལས། དྲང་ལྡོག་གཉིས་ཀའི་ཆ་ནས་བརྡ་ལན་གང་ཡང་མི་སྟེར་བས། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཌིབ་སིག་ནི་རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱ་ནག་གཞུང་གི་ལྟ་བ་ལངས་ཕྱོགས་དྲིལ་བསྒྲགས་བྱེད་པ་དང་བོད་གཙོས་གྲངས་ཉུང་མི་རིགས་ཀྱི་གནས་ཚུལ་ལོག་འགྲེལ་བྱེད་ཆེད་ཀྱི་ལག་ཆ་ཡག་ཤོས་ཤིག་ཏུ་འགྱུར་ཉེན་ཡོད་པ་མ་ཟད། རྒྱལ་སྤྱིའི་དྲ་ལམ་སོ་སོར་རྒྱ་ནག་གིས་སླར་ཡང་གནས་ཚུལ་ལོག་འགྲེལ་བྱེད་སའི་ལམ་ཁ་གསར་པ་ཞིག་བདམས་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག 

 འཛམ་གླིང་ཁྱོན་ཡོངས་སུ་འཕྲུལ་རིག་དར་ཁྱབ་ཆེན་པོ་ཕྱིན་པ་དང་བསྟུན། འཛམ་གླིང་རྒྱལ་ཁབ་མང་པོས་གཅིག་རྗེས་གཉིས་མཐུད་ཀྱིས་འཕྲུལ་རིག་དར་རྒྱས་གོང་འཕེལ་དུ་གཏོང་བའི་ལས་ལ་གཞོལ་ནས། འདས་པའི་མི་ལོ་ཉི་ཤུའི་རིང་འཕྲུལ་རིག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པའི་མུར། འཛམ་གླིང་ཡོངས་སུ་བཅོས་མའི་རིག་ནུས་འཕེལ་རྒྱས་གཏོང་སླད། ཕྱི་ལོ་ ༢༠༢༤ ལོར་ཨ་རི་དང་། རྒྱ་ནག དབྱིན་ཡུལ། ཁེ་ན་ཌ། ཉི་ཧོང་སོགས་ཀྱིས་མ་འཇོག་ཆེན་པོ་བྱས་ཏེ། ད་ལྟ་བར་ཨ་རི་ནི་འཛམ་གླིང་གི་འཕྲུལ་རིག་དང་། ལྷག་པར་བཅོས་མའི་རིག་ནུས་སོགས་ཀྱི་ཐད་ནས་ཡང་རྩེར་སོན་པའི་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་།  རྒྱ་ནག་གིས་གློ་བུར་དུ་འཛམ་གླིང་ཡོངས་སུ་རིན་འབབ་ཆུང་བའི་ཚད་མཐོའི་བཅོས་མའི་རིག་ནུས་ཤིག་བཀྲམ་པས།  ད་ལྟ་ཨ་རི་དང་། ཨོ་གླིང་། དབྱིན་ཡུལ་གྱི་བཅོས་རིག་གི་མ་རྐང་ཁྲོམ་རར་གྱོང་གུད་ཐེབས་མུས་ཡིན་སྟབས། འཕྲུལ་རིག་ཆེད་མཁས་པ་ཁག་ཅིག་གིས། རྒྱ་ནག་གི་མ་འཇོག་ཉུང་ཉུང་ཞིག་གི་ཐོག་ནས་ཨ་རིས་བཟོས་པའི་བཅོས་རིག་སོགས་དང་འདྲ་བ་ཞིག་བཟོས་ནས་འཕེལ་རྒྱས་སུ་འགྲོ་བ་དེས། ད་ལྟ་ཨ་རི་ནི་འཛམ་གླིང་གི་འཕྲུལ་རིག་དང་བཅོས་མའི་རིག་ནུས་ཀྱི་ཐད་ལ་ནུས་པ་མཐོ་ཤོས་འདོན་མཁན་ཡིན་པའི་འདུ་ཤེས་དང་ཚོང་དོན་ལའང་དོ་ཕོག་གཏོང་ཉེན་ཡོད་པའི་ཚོད་དཔག་ཀྱང་བྱས་འདུག 

དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་དར་ཁྱབ་ཆེ་ཆེར་འགྲོ་མུས་ཡིན་པའི་བཅོས་མའི་རིག་ནུས་ནི། འཕྲུལ་རིག་ཆེད་མཁས་པ་དག་གིས་འཕྲུལ་རིག་གི་ཀླད་པར་ཡིག་མཛོད་དང་ཤེས་རིག་སྣ་མང་གི་རྒྱུ་ཆ་བླུགས་ཏེ། མིའི་རིགས་ཀྱི་བསམ་བློའི་འཆར་སྒོ་བཞིན་འཕྲུལ་རིག་གི་ཀླད་པས་ཡི་གེ་འབྲི་རོགས་དང་། བསམ་འཆར་བཤད་རོགས། དེ་བཞིན་ལྐོག་གྱུར་གྱི་གནད་དོན་མང་པོ་ཞིག་གི་ཐད་ལ་ཕྱོགས་མང་པོ་ནས་བསམ་ཚུལ་སྤུངས་རོགས་སོགས་བྱེད་ཀྱིན་ཡོད་པ་རེད། རྒྱ་ནག་ནས་བཏོན་པའི་ཌིབ་སིག་ནི་ད་ལྟ་རང་ལོ་བཞི་བཅུ་ཡིན་པའི་ལིང་ཝན་ཧྥང་(Liang Wenfeng ) ཟེར་བ་ཞིག་གིས། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་ལྷོ་རྒྱུད་ཀྱི་ཧང་ཀྲུ་གྲོང་ཁྱེར་དུ་གསར་འཛུགས་བྱས་པའི་ཌིབ་སིག་འཕྲུལ་རིག་བཟོ་ཚོང་ཁང་གིས་བཟོ་སྐྲུན་བྱས་པ་ཞིག་ཡིན་ཞིང་། ཉེ་ལམ་ལིང་ཟེར་བས་རྒྱ་ནག་གི་སྲིད་བློན་ལི་ཆང་དང་འཕྲུལ་ལས་ཆེད་མཁས་མི་སྣ་མང་དག་དང་ལྷན་འཕྲུལ་རིག་ཚོགས་འདུ་ཞིག་ཏུའང་མཉམ་ཞུགས་བྱས་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese