མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཚེ་འདས་རྣམས་ཀྱི་ཆེད་དུ་ཞག་ཞེ་དགུའི་རིང་ལྷག་དཀར་སྐོར་བྲོ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་དིང་རི་ཁུལ་དུ་ས་ཡོམ་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་ཐེབས་པར་བརྟེན་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཞག་ཞེ་དགུའི་རིང་ལྷག་དཀར་སྐོར་བྲོ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས་འདུག

ཞག་ཞེ་དགུའི་རིང་ལྷག་དཀར་སྐོར་བྲོ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས། པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས། ༢༠༢༥།༡།༣༠

ཁ་སང་ཕྱི་ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པ་བོད་ཀྱི་སྟོད་དིང་རི་ས་ཁུལ་གྱིས་གཙོས་ས་གནས་ཁག་འགའ་ཤས་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧།༡ བརྒྱབ་སྟེ་མི་རྒྱུ་ཕྱུགས་གསུམ་ལ་གོད་ཆགས་ཧ་ཅང་ཆེན་པོ་བྱུང་ཡོད་པར། ས་ཡོམ་གྱི་འཇིགས་པའི་ཁྲོད་གསོན་པོར་གནས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། ཚེ་སྲོག་ཤོར་བ་རྣམས་ལ་མྱ་ངན་གུས་འདུད་མཚོན་སླད། བཙན་བྱོལ་ནང་གནས་འཁོད་བོད་མི་རྣམས་ནས་བདུན་རེའི་ལྷག་དཀར་སྐོར་བྲོ་འཁྲབ་མཚམས་བཞག་ཡོད་པ་ལྟར། མུ་མཐུད་ཞག་ཞེ་དགུ་མ་འཁོར་བར་ལྷག་དཀར་སྐོར་བྲོ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་འཁོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་བོད་དིང་རི་རྫོང་དང་། ངམ་རིང་རྫོང་། ལྷ་རྩེ་རྫོང་། ངམ་རིང་རྫོང་ཁོངས་སོགས་སུ་ས་འགུལ་ཚད་རིམ་ ༧།༡ ཅན་ཞིག་བརྒྱབ་སྟེ། དིང་རི་རྫོང་ཁོངས་སུ་ཁང་པ་དང་གཞུང་ལམ་སོགས་ལ་རྡིབ་སྐྱོན་བྱུང་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་ཅིང་། ས་ཡོམ་གྱི་ཤུགས་རྐྱེན་རྒྱ་གར་དང་། བྷང་ལ་ཌེ་ཤི། བལ་ཡུལ་སོགས་ཀྱི་ས་འབྲེལ་ཁུལ་དུའང་བསླེབས་ཡོད་འདུག་ལ། ད་བར་ཉུང་མཐར་མི་གྲངས་ ༡༢༦ རྐྱེན་འདས་དང་། མི་གྲངས་ ༣༣༨ ལ་རྨས་སྐྱོན་ཐེབས་ཡོད་པ་དང་། ཁང་པ་ ༣༦༠༩ ལྷག་ལ་རྡིབ་སྐྱོན་བྱུང་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གཞུང་གིས་དིང་རིའི་ཕྱོགས་སུ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པར་བརྟེན། ས་ཡོམ་ཁྲོད་གནོད་འཚེ་ཐེབས་པའི་ཛ་དྲག་གི་གནས་ཚུལ་གཅིག་ཀྱང་སྤེལ་བཅུག་མེད་ལ། རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་མིའི་གྲངས་འབོར་སོགས་དང་འབྲེལ་བའི་གནས་ཚུལ་རིགས་ལ་བཀག་སྡོམ་ཤུགས་ཆེན་བྱས་ཡོད།

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱབ་ཙམ་ལ་བོད་མགོ་ལོག་རྨ་སྟོད་ཕྱོགས་སུ་ཚད་རིམ་ ༥།༨ ཅན་གྱི་ས་ཡོམ་ཞིག་བརྒྱབ་སྟེ་མི་ཁག་ཅིག་ལ་གནོད་འཚེ་བཏང་ཡོད་པའི་གནས་ཚུལ་འདུག་ཀྱང་། རྒྱ་ནག་གཞུང་གིས་ས་ཡོམ་རྒྱག་ས་དེ་ནི་རི་ཁུལ་ཡིན་པས་མི་རྒྱུ་གཉིས་ལ་གནོད་འཚེ་གང་ཡང་ཐེབས་མེད་སྐོར་བསྒྲགས་འདུག འཛམ་གླིང་གི་རིག་མཛོད་ཆེན་མོ་ཝེ་ཁེ་ཕེ་ཌི་ཡ་ (Wikipedia) ལྟར་ན། བོད་དིང་རི་ཁུལ་དུ་ས་ཡོམ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་ཅིང་། བོད་དང་ས་འབྲེལ་ཡིན་པའི་བལ་ཡུལ་ནང་གི་མི་གྲངས་ ༡༣ ལ་རྨས་སྐྱོན་ཕོག་ཡོད་སྐོར་སོགས་གསལ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese