མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆར་ཌི་གྷེར་ལགས་སུ་སི་པན་གྱི་ཆེས་མཐོའི་གློག་བརྙན་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༥/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གྲོགས་པོ་སྐུ་ཞབས་རི་ཆར་ཌི་གྷེར་ལགས་ཀྱིས་འགྲོ་མིའི་བདེ་རྩར་རོགས་འདེགས་དང་གློག་བརྙན་སྒྱུ་རྩལ་ལ་ཞབས་འདེགས་རླབས་ཆེན་ཞུས་པར་ངོས་འཛིན་གྱིས་སི་པན་གྱི་ཆེས་མཐོའི་གློག་བརྙན་གཟེངས་རྟགས་ཤིག་འབུལ་རྒྱུ་ཡིན་འདུག

US actor Richard Gere, who recently moved to Spain, will be honoured at the country’s top film honours, the Goya awards, in February

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། དུས་ཡུན་རིང་པོར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆར་ཌི་གྷེར་ (Richard  Gere)  ལགས་སུ་ཡུ་རོབ་རྒྱལ་ཁབ་སི་པན་གྱི་རྒྱལ་ཡོངས་ཆེས་མཐོའི་གློག་བརྙན་གཟེངས་རྟགས་ (International Goya Award) འབུལ་གཏན་ཁེལ་བ་ཡོངས་བསྒྲགས་བྱས་འདུག་པ་དང་། གཟེངས་རྟགས་དེ་ནི་རི་ཆར་ཌི་གྷེར་ལགས་ཀྱིས་འགྲོ་མིའི་བདེ་རྩར་རོགས་སྐྱོར་དང་གློག་བརྙན་སྒྱུ་རྩལ་ལ་ཞབས་འདེགས་ཞུས་པར་ངོས་འཛིན་བྱས་པ་ཞིག་ཡིན་འདུག

དེ་འབྲེལ་སི་པན་གྱི་ཆེས་མཐོའི་གློག་བརྙན་མཐུན་ཚོགས་ཀྱིས། ཟླ་འདིའི་ཕྱི་ཚེས་  ༨ ཉིན་སི་པན་གྱི་ལྷོ་ཕྱོགས་གྲོང་ཁྱེར་ (Granada) ནང་གློག་བརྙན་འཁྲབ་སྟོན་པ་རི་ཆར་ཌི་གྷེར་ལགས་སུ་རྒྱལ་སྤྱིའི་གྷོ་ཡ་ (International Goya) གློག་བརྙན་གཟེངས་རྟགས་ཕུལ་རྒྱུ་ཡིན། ཁོང་གིས་འཁྲབ་སྟོན་གནང་བའི་གློག་བརྙན་སྒེག་ཉམས་ལྡན་པའི་མཛངས་མ་དང་(American Gigolo) སོགས་ཀྱིས་གློག་བརྙན་སྒྱུ་རྩལ་གྱི་ལོ་རྒྱུས་ཁྲོད་གློག་བརྙན་བཟོ་སྐྲུན་དང་འཁྲབ་སྟོན་ཐད་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད། ཅེས་བརྗོད་འདུག

དམིགས་བསལ་ཐེངས་འདིའི་གློག་བརྙན་གཟེངས་རྟགས་འབུལ་དོན་ངོས་འཛིན་གྱི་ཁྲོད། སྐུ་ཞབས་རི་ཆར་ཌི་གྷེར་ལགས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གཞིར་བཞག་ཐོག་བོད་དོན་ལས་འགུལ་ལ་ཡུན་རིང་རྒྱབ་སྐྱོར་གནང་ཞིང་། བོད་ཀྱི་ཆོས་དང་རིག་གཞུང་ཉར་ཚགས་བྱེད་པར་རྒྱབ་སྐྱོར་གནང་བ། དེ་བཞིན། འཛམ་གླིང་ནང་སྐྱབས་བཅོལ་བ་དང་གནས་ཡུལ་མེད་པའི་མི་མང་པོར་རོགས་སྐྱོར་གནང་བ་སོགས་གཙོ་འདོན་བྱས་འདུག

གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆར་ཌི་གྷེར་ལགས་ནི། བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་མཁན་ཞིག་དང་དུས་རྟག་ཏུ་༸གོང་ས་མཆོག་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་ཞིག་ཡིན་པར་མ་ཟད། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་ཨོ་རྩེད་འགྲན་ཚོགས་མ་ཚོགས་པའི་ཡར་སྔོན་ཏུ་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མཚམས་འཇོག་དང་བོད་ལ་རང་བཙན་སྤྲོད་དགོས་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་གནང་བ་དང་།  ལོ་དེར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཐེངས་མང་སྤེལ་ཡོད་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་སྐད་གསེང་མཐོན་པོས་བོད་ཀྱི་བདེན་དོན་གླེང་སློང་གནང་བ་ཉུང་ཉུང་མིན་ལ། དམིགས་བསལ་འདས་པའི་ལོ་ངོ་མང་པོའི་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ཕྱག་ལས་གནང་སྟེ། བོད་ནང་འགྲོ་འོང་འདྲ་མཉམ་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན་ཡོད། ད་ལྟ་དགུང་ལོ་ ༧༦ ཡིན་པའི་སྐུ་ཞབས་རི་ཆར་ཌི་གྷེར་དང་ཁོང་གི་བཟའ་ཟླ་ (Alejandra Silva)གཉིས་ལ་བུ་གཉིས་ཅིང་། འདས་ལོར་ཨ་རི་ནས་རང་ཉིད་ཀྱི་བཟའ་ཟླའི་རྒྱལ་ཁབ་སི་པན་དུ་གནས་སྤོར་བྱས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese