མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་འཛམ་ཐང་རྫོང་ཁོངས་ཀྱི་ནགས་ཚལ་ལ་མེ་སྐྱོན་ཆེན་པོ་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁ་སང་ཕྱི་ཚེས་ ༥ ཉིན་ནས་རྐ་མདའི་མེ་སྐྱོན་མཚམས་བཞག་ཐུབ་ཡོད་ལུགས་བསྒྲགས་ཡོད་ཀྱང་ད་ལྟའང་མུ་མཐུད་ནས་ནགས་ཚལ་ནང་མེ་སྐྱོན་འབྱུང་མུས་ཡིན་འདུག

མེས་འཚིགས་པའི་ནགས་ཚལ་དང་སེམས་ཅན། འདི་ག་གསར་ཁང་ལ་མཁོ་སྤྲོད་བྱས་པའི་པར། ༢༠༢༥།༢།༦

ཁ་སང་ཕྱི་ཚེས་ ༥ ཉིན་བོད་རྔ་བ་ཁུལ་འཛམ་ཐང་རྫོང་གི་རྐ་མདའི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ་ས་གནས་མི་མང་སོགས་ཀྱིས་སེམས་འཚབ་ཆེན་པོ་བྱུང་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༥ ཉིན་རྒྱ་ནག་མེ་གསོད་རུ་ཁག་གིས་མེ་སྐྱོན་མཚམས་བཞག་ཡོད་སྐོར་དང་། ད་ལྟའི་བར་དུ་མི་རྒྱུ་གཉིས་ལ་གནོད་སྐྱོན་གང་ཡང་བྱུང་མེད་སྐོར་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། དེ་རིང་ཕྱི་ཚེས་ ༦ ཉིན་གྱི་རྒྱ་གར་གྱི་ཆུ་ཚོད་ ༡༢ དང་སྐར་མ་ ༤༥ སྟེང་རྐ་མདའི་ནགས་རིར་ད་དུང་ཡང་མེ་འབར་མུས་ཡིན་པ་མ་ཟད། ས་གནས་དཔོན་རིགས་ཚོས་དེ་རིང་མེ་ཡོངས་སུ་གསོད་ཚར་བ་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་སྐོར་བརྗོད་བྱུང་།

དེའི་ཐད་འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། ད་ལྟ་རྐ་མདའི་ནགས་རིར་མེ་འབར་མུས་ཡིན་ལ། མེ་སྐྱོན་དེ་ནགས་གསེང་དུ་ཡོད་པའི་གློག་སྡོང་དག་གི་གློག་སྐུད་འཚིགས་ནས་མེ་ཤོར་བ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཀྱང་། ད་ལྟའང་མེ་སྐྱོན་དེའི་འབྱུང་རྐྱེན་ཏག་ཏག་ཅིག་ཤེས་རྟོགས་བྱུང་མེད་པའི་ཁར། ནགས་ཚལ་ཁུལ་དེ་སྔོན་མ་ནས་རྒྱ་གཞུང་གིས་བདག་བཟུང་བྱེད་མུས་ཡིན་པ་ལས། བོད་མི་སྒེར་གྱི་ས་ཆ་དེ་འདྲ་མིན་ལ། ཁ་སང་མེ་གསོད་རུ་ཁག་གིས་རི་འདབས་ཀྱི་མེ་གསོད་ཐབས་བྱས་པ་ལས་རི་མགོའི་མེ་གསོད་ཐུབ་མེད་སྐོར་བརྗོད་བྱུང་།

ཡང་འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། འཛམ་ཐང་ཁུལ་དུ་མེ་སྐྱོན་ཤུགས་ཆེན་འབྱུང་མུས་ཡིན་པའི་སྐབས་འདིར། བོད་ནང་གི་དྲ་ཚོམས་དང་མི་སྒེར་སོགས་ལ་མེ་སྐྱོན་བྱུང་ཡུལ་གྱི་བརྙན་དང་པར་བསྐུར་ནས། མེ་སྐྱོན་ཞི་སླད་མ་ཎི་དང་སིདྷི་གཙོས་སྨོན་ལམ་གསུང་འདོན་གནང་རྒྱུར་རེ་སྐུལ་བྱེད་ཀྱི་ཡོད་སྐོར་དང་།  ནགས་རིར་གནས་པའི་རི་སྐྱེས་སྲོག་ཆགས་དང་འབའ་འབུ་སེམས་ཅན་གྲངས་མེད་ཅིག་ལ་འཚིག་སྐྱོན་བྱུང་ཡོད་སྐོར་བརྗོད་བྱུང་།

འདི་གའི་གསར་འགོད་པས་མེ་སྐྱོན་དང་འབྲེལ་བའི་བརྙན་ཐུང་གསུམ་ལག་སོན་བྱུང་བའི་ནང་། རྐ་མདའི་ནགས་རིར་མེ་ལྕེ་དམར་ལྷེམ་ལྷེམ་ངང་ཤུགས་ཆེན་འབར་ཏེ། རི་འདབས་གྲོང་རྡལ་གྱི་མཁའ་དབྱིངས་སུ་དུད་ཞགས་འཁོར་ཏེ་འཇིགས་སུ་རུང་བ་ཞིག་འདུག་ལ།  གྲོང་རྡལ་གྱི་ཧ་ཅང་ཐག་ཉེ་ས་ན་མེ་ལྕེ་མཆེད་བཞིན་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢ ཉིན་བོད་ཉག་ཆུ་རྫོང་ཁོངས་ཀྱི་ནགས་རི་ཞིག་ལ་གློ་བུར་དུ་མེ་སྐྱོན་བྱུང་ཡོད་ཅིང་། ནགས་རི་དེར་མེ་སྐྱོན་བྱུང་བ་ཐེངས་གསུམ་པ་དེ་ཡིན་འདུག  འདས་ལོའི་ཕྱི་ཟླ་ ༡༢ ནང་ཉག་ཆུ་རྫོང་གི་ཧི་ཁུག་ཡུལ་ཚོ་ཁྲིན་ཞང་སྡེ་བའི་ཉེ་འགྲམ་གྱི་རི་ངོས་སུ་མེ་སྐྱོན་ཤོར་ཡོད་པ་དང་། ཟླ་དེའི་ཕྱི་ཚེས་ ༡༠ ཉིན་མེ་ཤུགས་ཆེ་རུ་ཕྱིན་ཏེ་ཡུལ་མིའི་སྡོད་ཁང་སོགས་ལ་འཚིག་སྐྱོན་བྱུང་ཡོད་པ་མ་ཟད། མི་གྲངས་ ༡༤༠ ལྷག་ཉག་ཆུ་རྫོང་ཐོག་ཏུ་གནས་སྤོར་དགོས་བྱུང་ཡོད་འདུག

དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ས་ལེ་ཤང་སེ་ཆུང་གྲོང་ཚོའི་ཉེ་འཁྲིས་ཀྱི་ནགས་ཚལ་ཞིག་ཏུ་མེ་སྐྱོན་བྱུང་སྟེ།  རི་སྐྱེས་སྲོག་ཆགས་མང་པོ་ཞིག་ལ་གནོད་འཚེ་ཐེབས་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese