མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་གཅིག་སྟོང་ཕྱིར་ཕུད་བཏང་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ནས་གྲྭ་བཙུན་གཅིག་སྟོང་ཕྱིར་ཕུད་བཏང་བ་མ་ཟད། ཡུལ་སྐོར་སྤྲོ་འཆམ་པ་ཚུད་པའི་ཁུལ་དེར་མཇལ་སྐོར་ཡོང་མཁན་རྣམས་ལའང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག 

རྒྱ་ནག་གཞུང་གིས་བླ་རུང་སྒར་དུམ་བུ་གཉིས་སུ་བཏང་། བོད་ཀྱི་དུས་བབ་ཀྱི་པར།

འདས་ལོའི་ཕྱི་ཟླ་ ༡༡ གི་ཟླ་མཇུག་ཙམ་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་གྲྭ་བཙུན་གྲངས་  ༥༠༠༠ ལྷག་ལས་བསྡད་ཆོག་གི་མེད་ཀྱང་། ད་ལྟ་མང་པོ་ཞིག་ཁྲིམས་འགལ་དང་ཁྲིམས་མཐུན་གྱི་ཡིག་ཆ་མེད་སྐོར་སོགས་ལ་ཁ་གཡར་ནས། གྲྭ་བཙུན་གྲངས་ ༡༠༠༠  ལྷག་རིམ་པས་དགོན་པ་ནས་ཕྱིར་ཕུད་བྱས་ཏེ། ད་ལྟ་ཕྱིར་ཕུད་བཏང་ཟིན་པའི་གྲྭ་བཙུན་རྣམས་ཀྱི་གྲྭ་ཤག་གཏོར་མེད་ཀྱང་། གྲྭ་བཙུན་རྣམས་ཀྱི་ད་ལྟའི་གནས་སྟངས་ཐད་གསལ་ཁ་གང་ཡང་མེད་པ་རེད། 

རྒྱ་ནག་གིས་བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་བཙུན་མ་ཞིག་གིས་འདི་གའི་གསར་འགོད་པར། རྒྱ་ནག་གཞུང་གི་ལས་བྱེད་དང་གསེར་རྟ་རྫོང་གི་དམག་མི་སོགས་ཀྱིས་བརྟག་དཔྱད་མང་པོ་ཞིག་བྱས་པ་བརྒྱུད། ང་ཚོ་གྲྭ་བཙུན་གཅིག་སྟོང་དགོན་པར་འདུག་མི་ཆོག་པར་རིམ་པས་དགོན་པ་ནས་བུད་དགོས་པའི་བཀའ་ཕབ་བྱུང་། ཞེས་བརྗོད་བྱུང་། 

ཡང་འབྲེལ་ཡོད་བོད་མི་ཞིག་གིས། རྒྱ་ནག་གཞུང་གིས་ཁྲིམས་མཐུན་གྱི་ལག་ཁྱེར་མེད་ལུགས་ལ་ཁ་གཡར་ནས། ད་ལྟ་གྲྭ་བཙུན་ ༡༠༠༠ ཕྱིར་ཕུད་བཏང་བ་རེད། འོན་ཀྱང་། སྔོན་མ་ལག་ཁྱེར་ཡོད་མཁན་གྱི་འདས་གྲོངས་སུ་གྱུར་བའི་ནང་མི་ཡིན་ན་མུ་མཐུད་བསྡད་ཆོག་ནའང་། གསར་དུ་ཞུགས་མཁན་གྲྭ་བཙུན་རྣམས་ཀྱིས་སྒར་དུ་སྡོད་ཆོག་པའི་ལག་ཁྱེར་ཐོ་འགོད་བྱ་ཆོག་གི་མེད་པའི་སྐོར་བརྗོད་བྱུང་། 

ཡང་འབྲེལ་ཡོད་ཅིག་གིས། ད་ལྟ་གསེར་རྟ་བླ་རུང་སྒར་དུ་མུ་མཐུད་རྒྱ་ནག་གཞུང་གི་ལས་བྱེད་དང་ཉེན་རྟོག་པ་ཉུང་མཐར་ ༤༠༠ ཙམ་གྱིས་བརྟག་ཞིབ་དང་དོ་དམ་བྱེད་ཀྱིན་ཡོད་ཅིང་། སྔོན་མ་ཡུལ་སྐོར་བ་རྣམས་ཀྱིས་ཁ་པར་སོགས་ཁུར་ནས་པར་ལེན་ཆོག་གི་ཡོད་ཀྱང་། དེང་སང་ཡུལ་སྐོར་བ་རྣམས་ཀྱིས་དགོན་པར་མཇལ་སྐོར་འགྲོ་སྐབས་ཁ་པར་དང་པར་ཆས་སོགས་ཁུར་ཆོག་གི་མེད་སྐོར་བརྗོད་བྱུང་། 

ཡང་འབྲེལ་ཡོད་ཅིག་གིས་གསར་འགོད་པར། འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་གཞུང་ལམ་བརྒྱག་རྒྱུ་ཡིན་ལུགས་ལ་ཁ་གཡར་གྱིན་ཡོད་པས། གྲྭ་བཙུན་རྣམས་ཀྱི་གྲྭ་ཤག་རྣམས་གཏོར་རྒྱུ་ཡིན་པའི་ཚོད་དཔག་ཀྱང་བྱེད་ཀྱིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ད་ལན་བླ་རུང་སྒར་ནས་ཕྱིར་ཕུད་བྱས་པའི་གྲྭ་བཙུན་དང་འབྲེལ་བའི་གནས་ཚུལ་རིགས་ཕྱིར་བསྒྲགས་དང་དྲ་ལམ་སོགས་སུ་སྤེལ་ཚེ། ཁྲིམས་སྒྲིག་བཞིན་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་ཡོད་སྐོར་བརྗོད་བྱུང་། 

དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༡ ནང་བོད་དཀར་མཛེས་ཁུལ་བྲག་མགོ་རྫོང་དང་ཉེ་འཁོར་གྱི་རྫོང་ཁག་ཁག་ནས་དམག་མི་ ༤༠༠ ཙམ་དང་ཐད་འཕུར་གནམ་གྲུ་སོགས་གསེར་རྟ་བླ་རུང་སྒར་དུ་མངགས་གཏོང་བྱས་ཏེ། གནམ་གྲུ་བརྒྱུད་ནས་བླ་རུང་དགོན་པར་ལྟ་རྟོག་བྱེད་བཞིན་ཡོད་པ་སོགས་དམ་དྲག་ཤུགས་ཆེན་བྱས་ཡོད་པ་མ་ཟད། འདི་ལོ་ནས་བླ་རུང་སྒར་དུ་གྲྭ་བཙུན་རྣམས་ལོ་བཅོ་ལྔ་མ་གཏོགས་འདུག་མི་ཆོག་པ་བཟོ་རྩིས་ཡིན་འདུག

ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་དགོན་དང་ལྔ་རིག་སློབ་གླིང་གཉིས་བར་ལྕགས་ར་བརྒྱབ་སྟེ་ལོགས་ཁ་བཟོས་ཡོད་པ་མ་ཟད། དགོན་པ་དང་སློབ་གླིང་གཉིས་ལ་དོ་དམ་ལས་ཁུངས་བཙུགས་ཏེ། དེའི་འགན་འཛིན་དང་དྲུང་ཡིག་བཅས་ལ་དམར་ཤོག་ཚོགས་མི་ ༦ བསྐོ་བཞག་བྱས་ཏེ་བླ་རུང་སྒར་གྱི་འཛིན་སྐྱོང་དང་ཉིན་རེའི་བྱེད་སྒོ་ཡོངས་ལ་སྟངས་འཛིན་ནན་མོ་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༠ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 1

  1. Tseten Gyurmae says:
    ལོ་ 1 སྔོན།

    རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་གཅིག་སྟོང་ཕྱིར་ཕུད་བཏང་འདུག ཅེས་པའི་གསར་གནས་ཀྱི་མགོ་བརྗོད་དེ་མཐོང་བ་ཙམ་གྱི་ང་རང་ལ་ནི་དེ་རྗེས་གནས་ཚུལ་ཁག་ཀློག་པ་དང་ཁྱད་མེད་པའམ་མ་ཀློག་ནའང་འཐུས་པའི་གོ་ཤེས་ཡོད། རྒྱ་དམར་པོའི་བོད་ལ་བཙན་འཛུལ་བྱས་པ་དེ་ལས་ཞི་ཆེ་བ་དང་ཛ་དྲག་པའི་གནས་ཞིག་ཨ་ཡོད་པའི་ང་ལ་ནི་མེད། དུས་དེ་ལ་བརྟེན་ནས་ད་བར་བོད་པའི་ཆོས་དང་རིག་གཞུང་། མི་རིགས། བོད་ཀྱི་ས་གཞིར་ཆགས་པའི་དུད་འགྲོ་སེམས་ཅན་སོགས་རྩ་མེད་དུ་བཏང་ནས་བོད་ཅེས་པའི་དྲི་དབྱིབས་ཙམ་ཡང་མེད་པ་བཟོས་དང་བཟོ་བཞིན་པའི་ལས་འཆར་དུ་འཁོད་མིན་འདུག་གམ། ཡིན་ཀྱང་བཙན་བྱོལ་བོད་མི་ང་ཚོ་ནི་མགོ་རུལ་པ་སྣ་བས་མ་འཚོར་བ་ལས་སྡུག་པའི་ཚིག་སྐམ་གྱི་ངའི་ཆོལ་ཁ་དང་ཁོ་ཚོའི་ཆོལ་ཁ། ང་ཚོའི་ཆོས་ལུགས་དང་ཁ་ཚོའི་ཆོས་ལུགས་སོགས་སུ་དགོས་མེད་ཞེན་ཆགས་ཀྱི་རྒྱལ། དོན་དུ་ནི་རྩོད་བྱེད་ཀྱི་ས་གཞིའི་ས་རྡོ་ཙམ་ཡང་སོ་སོར་དབང་རྒྱུ་འཕར་བཞག་ད་གནས་སུ་རྩོད་རྟེན་ཙམ་དུ་ཡང་མེད་ངེས། དེ་ན་རྩོད་དགོས་ན་རྒྱ་ལ་རྩོད་ཤོག དོན་ངོ་མ་དེ་ན་ཡོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese