མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རོགས་དངུལ་མཚམས་འཇོག་བྱས་རྐྱེན་གསར་ཁང་མང་པོ་ཞིག་སྒོ་རྒྱག་དགོས་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རོགས་དངུལ་མཚམས་འཇོག་བྱས་རྐྱེན་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བསྡུ་ལེན་བྱེད་པར་དོ་ཕོག་ཤུགས་ཆེན་འགྲོ་རྒྱུ་ཡིན་འདུག

A worker removes the U.S. Agency for International Development sign on their headquarters on Feb. 07, 2025 in Washington, D.C.

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་ཕུའི་གཞུང་གིས། ཨ་རིའི་རོགས་ཚོགས་ཀྱི་ལས་གཞིའི་ཁྲོད་གསར་ཁང་དང་རང་དབང་ཅན་གྱི་བརྒྱུད་ལམ་ཁག་ལ་རྒྱབ་སྐྱོར་ཆེད་རོགས་དངུལ་ཨ་སྒོར་ས་ཡ་ ༢༦༨ ལྷག་གི་ལས་འཆར་འགྲོ་གྲོན་གཏོང་བཞིན་པ་མཚམས་འཇོག་བྱས་ཡོད་པ་ལྟར།  ཨེ་ལོན་མ་སི་ཀས་ཨ་རིའི་གཞུང་ནས་མ་དངུལ་གཏོང་བཞིན་པའི་ཡུ་རོབ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གཉིས་སྒོ་རྒྱག་དགོས་པའི་རེ་འདུན་བཏོན་འདུག

དེ་བཞིན། ཨ་རིའི་དམིགས་བསལ་རྒྱལ་འབྲེལ་ཕོ་ཉ་རི་ཆར་ཌ་གྷི་རི་ནེལ་ (Richard Grenell)  གྱིས་ ཨེག་སི་(X) སྤྱི་ཚོགས་དྲ་ལམ་ཐོག རླུང་འཕྲིན་ཁང་དེ་དག་ནི་ཨ་རིའི་གཞུང་གིས་མ་དངུལ་བཏང་བ་ཞིག་ཡིན་ཡང་། འདས་དོན་གྱི་སྣང་བརྙན་ཙམ་ལས་དོན་དངོས་ཐོག་བེད་སྤྱོད་ལོགས་པར་གཏོང་གིན་ཡོད་པས། ད་ལྟ་ང་ཚོར་གཞུང་འབྲེལ་གྱིས་མ་དངུལ་གཏོང་བཞིན་པའི་གསར་ཁང་འདི་དག་དགོས་མཁོ་མེད། ཅེས་བརྗོད་འདུག

གནད་དོན་དེའི་ཐད། ཨ་རིའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ཁི་ལེ་ཌོན་ཝི་མེར་སི་ལགས་ཀྱིས།  སྲིད་འཛིན་ཊོམ་ཕུའི་ཐག་གཅོད་དེས་ཟང་ཟིང་དང་འཁྲུག་ཆ་བཟོས་ཡོད།  ཁེ་ལས་མིན་པའི་གསར་ཁང་དང་བརྒྱུད་ལམ་ཁག་ཅིག་ལས་མཚམས་བཞག་སྟེ་ལས་བྱེད་མང་པོ་གནས་དབྱུང་བཏང་ཡོད། ཟླ་གསུམ་རིང་གི་ཨ་རིའི་རོགས་དངུལ་གྱི་མཚམས་འཇོག་གི་རྗེས་སུ། གསར་འགྱུར་ལས་དོན་གཉེར་མཁན་མང་པོ་ཞིག་གཏན་དུ་མེད་པ་ཆགས་རྒྱུ་རེད། ཅེས་བརྗོད་འདུག་ལ། ཉེ་ལམ་བར་དུ་ཡུག་ཁུ་རེན་གྱི་གསར་འགྱུར་བརྒྱུད་ལམ་བཅུ་ཆའི་དགུ་ཙམ་ཨ་རིའི་རོགས་དངུལ་ལ་བརྟེན་ཡོད་འདུག

ཡུག་ཁི་རེན་ཀི་ཝ་རུ་རྟེན་གཞི་བྱས་པའི་སི་ལི་ཌ་སི་ཌ་ཝོ་(Slidstvo.Info) གསར་འགྱུར་བརྒྱུད་ལམ་གྱི་དྲ་ཚིགས་གསར་འཛུགས་བྱེད་མཁན་ཨན་ན་བྷ་བྷི་ནེ་སི་( Anna Babinets) ཡིས།  ད་ལྟ་ནི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་རེད། ཨ་རིའི་རོགས་ཚོགས་སྒོ་བརྒྱབ་པས་ང་ཚོའི་གསར་ཁང་གི་རོགས་དངུལ་བརྒྱ་ཆ་ ༨༠ ཤོར་ཡོད། ང་ཚོས་གལ་ཆེན་གསར་འགྱུར་དང་དམག་འཁྲུག་གནད་དོན་སྐོར་ཇེ་ཉུང་དུ་གཏོང་བར་བསམ་བློ་གཏོང་གི་ཡོད། འཛམ་གླིང་མི་མང་གིས་ཡུག་ཁི་རེན་ནང་དུ་ཅི་ཞིག་བྱུང་བཞིན་པའི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཇེ་ཉུང་དུ་འགྲོ་རྒྱུ་རེད། ཅེས་བརྗོད་འདུག

ཉེ་ལམ་ཨ་རིའི་སྲིད་འཛིན་ཊོམ་ཕུས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། རྒྱལ་ཚོགས་ཀྱི་པ་ལི་སི་ཐན་རོགས་སྐྱོར་ཚོགས་པ། དེ་བཞིན། རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་བཅས་ཀྱི་ཚོགས་པ་སྟེ། རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་ཚོགས་ཁོངས་སོགས་ནས་ཕྱིར་ཐོན་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག ཨ་རིའི་རོགས་ཚོགས་ཀྱི་རོགས་དངུལ་གསར་པ་དང་འགྲོ་བཞིན་པའི་ལས་དོན་ཁག་ཟླ་གསུམ་རིང་བཀག་སྡོམ་བྱས་པ་ཙམ་དུ་མ་ཟད།  འཛམ་གླིང་ཁྱོན་ཡོངས་སུ་ཨ་རིའི་རོགས་ཚོགས་ཀྱི་ལས་གཞི་དང་ལས་མི་སྟོང་ཕྲག་མང་པོས་ལས་མཚམས་འཇོག་དགོས་བྱུང་ཡོད་ཅིང་། དམིགས་བསལ་ཨ་རིའི་རོགས་ཚོགས་ཀྱི་དབུས་ལས་ཁུངས་དང་དྲ་རྒྱའང་བཀག་སྡོམ་བྱས་ཡོད་པ་བཞིན། ཨ་རིའི་རོགས་ཚོགས་ཀྱིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ཁག་ལ་རོགས་སྐྱོར་བྱས་ཡོད་པའི་ནང་། ཕྱི་ལོ་ ༢༠༢༣ ལོར་ཨི་རན་དང་། ཨབ་གྷ་ནི་སི་ཐན། ཨུ་རུ་སུ་སོགས་རྒྱལ་ཁབ་ ༣༠ ལྷག་གི་ནང་རང་དབང་གི་གསར་འགོད་པ་གྲངས་ ༦༢༠༠༠  ལ་གསར་འགྱུར་ལས་རིགས་ཀྱི་སྦྱོང་བརྡར་ཐོག་རོགས་སྐྱོར་བྱས་ཡོད་པ་མ་ཟད། གཞུང་འབྲེལ་མིན་པའི་གསར་ཁང་ ༧༠༧ དང་།  གསར་འགྱུར་རང་དབང་གི་ནུས་སྟོབས་ཆེད་དམིགས་པའི་ཚོགས་སྡེ་ཁག་ ༢༧༩ ལ་རྒྱབ་སྐྱོར་བྱས་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་ཕུས་ཨ་རིའི་རོགས་དངུལ་མཚམས་འཇོག་བྱས་པ་དེས་འཛམ་གླིང་གི་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཉུང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། དྲང་བདེན་མིན་པའི་གནས་ཚུལ་ཁྱབ་གདལ་ཤུགས་ཆེ་རུ་ཕྱིན་སྟེ། གསར་འགྱུར་བརྒྱུད་ལམ་ཁག་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་གནས་སྟངས་ཤིག་ཏུ་འགྱུར་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese