མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་རང་གི་རྨི་ལམ་དང་བསམ་བློའི་ནང་ལ་༧རྒྱལ་དབང་གོང་མ་ཚོའི་བྱིན་རླབས་ཀྱི་རྒྱུན་ཞིག་ཡོད་པའི་ཚོར་སྣང་བྱུང་། 

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གདན་ས་བཀྲ་ཤིས་ལྷུན་པོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཕྱོགས་སྒྲིག་བྱས་པའི་པོད་ ༢༩ ཅན་གྱི་དཔེ་ཚོགས་ཤིག་དབུ་འབྱེད་མཛད། 

གདན་ས་བཀྲ་ཤིས་ལྷུན་པོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༢།༡༢

དེ་རིང་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་ཀྱི་གཟིམ་ལམ་སོགས་སུ་༧རྒྱལ་མཆོག་སྐུ་གོང་མ་རྣམས་ཀྱི་བྱིན་རླབས་གྱི་རྒྱུན་ཞིག་ཡིན་པའི་ཚོར་སྣང་སྦྱིན་གྱིན་ཡོད་སྐོར་སོགས་གསུངས་བ་དང་སྦྲགས། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཕྱོགས་སྒྲིག་བྱས་པའི་དཔེ་ཚོགས་ཤིག་ཀྱང་དབུ་འབྱེད་མཛད། 

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་བཀྲ་ཤིས་ལྷུན་པོས་བརྟན་བཞུགས་ཕུལ་བ་རེད། ༧རྒྱལ་དབང་དགེ་འདུན་གྲུབ་པ་དང་། བསོད་ནམས་རྒྱ་མཚོ་ལ་སོགས་པ་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད། ངོས་རང་ཡང་༧རྒྱལ་དབང་སྐུ་ཕྲེང་གོང་མ་དག་གི་སྐྱེས་སྤྲུལ་ཆགས་བསྡད་ཡོད་རེད། སྐབས་རེར་ངོས་རང་གི་རྨི་ལམ་དང་བསམ་བློའི་ནང་ལ་༧རྒྱལ་དབང་གོང་མ་ཚོའི་བྱིན་རླབས་ཀྱི་རྒྱུན་ཞིག་ཡོད་པའི་ཚོར་སྣང་ཡོང་གི་འདུག བཀྲ་ཤིས་ལྷུན་པོ་དགོན་པ་དང་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཅིག་ཡོད་པ་ཡིན་དུས། དེའི་ཐོག་ནས་དེ་རིང་བརྟན་བཞུགས་གནང་བ་དེ་དགའ་པོ་བྱུང་། ཚེ་རབས་མང་པོའི་ལས་དང་འབྲེལ་བའི་ཆ་ནས་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོང་གི་ཡོད་རེད། ངོས་རང་སྐྱེས་ས་མདོ་སྨད་ཀྱི་ཕྱོགས་ནས་ཡོང་བ་རེད་དེ། སྐྱེས་རབས་མང་པོའི་འབྲེལ་བའི་ཆ་ནས་བཀྲ་ཤིས་ལྷུན་པོ་དང་དམིགས་བསལ་གྱི་འབྲེལ་བ་ཆགས་བསྡད་ཀྱི་ཡོད། ཅེས་གསུངས་འདུག 

དེ་རིང་བརྟན་བཞུགས་དང་འབྲེལ་ནས་བཀྲ་ཤིས་ལྷུན་པོ་དགོན་གྱི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གདན་ས་བཀྲ་ཤིས་ལྷུན་པོ་ལ་ཕེབས་ནས་ཟླ་བ་གཅིག་ལྷག་འགྲོ་ཡི་ཡོད། དེ་རིང་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་སླད་མདོ་ལུགས་ལྟར་བརྟན་བཞུགས་གོ་སྒྲིག་ཞུས་ཡོད་རེད། འདས་པའི་མི་ལོ་གཉིས་ལྷག་གི་རིང་གདན་ས་བཀྲ་ཤིས་ལྷུན་པོས་ཕྱོགས་སྒྲིག་བྱས་པའི་༧རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་ནས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བར་མཛད་རྣམ་པོད་ ༢༩ དབུ་འབྱེད་དང་། ང་རང་ཚོ་ཆོས་ཉམས་ལེན་བྱེད་མཁན་དང་དམ་པ་དམ་ཚིག་ཡོད་མཁན་ཞིག་ཡིན་ན། མཛད་རྣམ་དེ་དག་སྟབས་བདེ་པོ་དང་གཟིགས་བདེ་པོའི་ཐོག་ནས་ཕྱོགས་སྒྲིག་ཞུས་ཡོད། ཅེས་དང་། ད་ལན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཟླ་ངོ་གཅིག་ལྷག་བཞུགས་པ་ནི་ཁུལ་དེའི་དགོན་སྡེ་ཆེ་ཁག་དང་། མཁན་བླ་སྤྲུལ། དེ་བཞིན་དགེ་བའི་བཤེས་གཉེན་སོགས་ཀྱི་ཐུན་མོང་གི་བསོད་ནམས་དང་མཉམ་རུབ་ཀྱི་ནུས་པ་ལས་བྱུང་བ་ཞིག་ཡིན་སྐོར་སོགས་གསུངས་སོང་། 

ཕྱི་ཚེས་ ༡༧ ཉིན་རྒྱུད་སྨད་གྲྭ་ཚང་གིས་རྒྱུད་སྨད་ཚོགས་ཆེན་འདུ་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཟླ་འདིའི་ཕྱི་ཚེས་ ༡༨  ཉིན་༧མགོན་པོ་གང་ཉིད་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཕྱི་ཚེས་ ༢༢ ཉིན་བཞུགས་སྒར་དྷ་སར་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese