མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་སྐུ་གྲོངས།

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་དགུང་ལོ་ ༩༦ ཐོག་སྐུ་གྲོངས་བར་བོད་ནང་གི་ཤེས་ཡོན་པ་མང་པོས་རྗེས་དྲན་དང་མྱ་ངན་ཞུ་ཡི་འདུག

མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས། དྲ་ལམ་གྱི་པར།

ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་མཚན་མོའི་ཆུ་ཚོད་ ༨།༥༠ ཡས་མས་ཤིག་ལ་བོད་ནང་གི་ལོ་རྒྱུས་མཁས་དབང་དང་སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་དགུང་ལོ་ ༩༦ སྟེང་སྐུ་གྲོངས་ཡོད་སྟབས། བོད་ནང་གི་རྩོམ་པ་པོ་དང་སྙན་ངག་པ། དེ་བཞིན་ཤེས་ཡོན་པ་མང་པོས་ཁོང་ཉིད་ལ་རྗེས་དྲན་དང་མྱ་ངན་ཞུ་བཞིན་འདུག

མཁས་དབང་ཁོང་སྐུ་གྲོངས་པའི་གནས་ཚུལ་ཐོན་རྗེས། རྒྱའི་བཙོན་ཁང་དུ་མི་ལོ་བཞི་ཡི་རིང་སྡུག་སྦྱོང་མནར་གཅོད་མྱོང་མཁན་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱིས། སྐྱེས་བུ་ཁོང་ཅག་བགྲེས་ཤིང་ཕེབས་ཀྱིན་གང་ཞིག་ནས་ང་ཚོར་འཇིག་ཉེན་ཞིག་འབྱུང་གིན་པའི་ཚོར་བ་ཞིག་ཀྱང་ནམ་རྒྱུན་བླ་ལྷག་གིས་སྐྱེས་ཤིང་། སེམས་ལ་སྐྱོ་ཤས་ཐན་ཐུན་རེའང་ནར་མར་སྐྱེ། འོན་ཀྱང་འདི་ནི་བློ་ཆུང་བདག་གི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཙམ་ཡིན་ཡང་སྲིད། དམ་པ་ལགས་བདེ་བར་ཕེབས། ས་ལམ་ལ་བར་ཆད་མེད་པར་སྨོན། ཞེས་དང་། དེ་བཞིན་འདས་ལོའི་ལོ་མཇུག་ཙམ་ལ་ཀློད་གྲོལ་ཐོབ་པའི་ན་གཞོན་སྙན་ངག་པ་དཔལ་མགོན་ལགས་ཀྱིས། གངས་ཀྱི་བདེ་སྡུག་བཏེགས་པའི་ཀ་ཆེན་ཞིག་འགྱེལ་སོང་། ཡིད་ཕམ་པ། ཞེས་བརྗོད་འདུག

ཡང་བོད་ནང་གི་བོད་མི་ཞིག་གིས། གངས་དཀར་གྱི་གཤོག་པ་རེ་རེ།  ཆོམ་སྒྲ་དང་བཅས་ཉིལ་བའི་ཤུལ་དུ།  འཁྱག་རླུང་གིས་མནར་བའི་བྱ་ཁྱུའི་ཚོགས།  གྲང་ཤི་མི་ཐེབས་སམ་སྙམ་པའི་དངངས་སྐྲག་ཅིག་ངང་གིས་སྐྱེས་ཨང་། ཞེས་དང་། ཡང་བོད་མི་ཞིག་གིས། སྐད་དང་རིག་གནས་ཀྱི་རྒྱུན་ཐག་ཕྲ་ཞིང་ཕྲ་བའི་དུས་སྐབས་འདིར་རྒན་ཁོང་ལྟ་བུ་རིག་གནས་ཕུལ་བྱུང་ཅན་ཉམས་སུ་བླངས་བའི་ཞུམ་མེད་ཀྱི་སྙིང་སྟོབས་ཆེན་པོ་མངའ་ཞིང་། རིགས་ཀྱི་རྩ་ལག་སྦྲེལ་བར་སྐད་དང་ཡི་གེ་གལ་ཆེན་པོར་མཐོང་བའི་ཟད་མེད་ཀྱི་འདུ་ཤེས་ཟབ་མོ་ནམ་ཡང་ཐུགས་སུ་ཉར་བའི་སྐྱེས་ཆེན་དག་ཅི་འདྲའི་མཁོ་ཞིང་མཁོ་བ་ལའང་། མཁས་པའི་དབང་བོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུ། ཞེས་བརྗོད་འདུག་ལ། དེ་བཞིན་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཞོགས་ལྗང་དང་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་སོགས་ཀྱིས་ཀྱང་སྒེར་གྱི་སྐད་འཕྲིན་དུ་རྗེས་དྲན་དང་མྱ་ངན་ཞུས་སོང་། 

སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ནི་ཕྱི་ལོ་ ༡༩༣༠ ལོར་བོད་རྒྱལ་མོ་ཚ་བ་རོང་གི་བཙན་ལྷར་སྐྱེས་ཤིང་ ཕྱི་ལོ་ ༡༩༧༧ ལོར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་གནང་། ཕྱི་ལོ་ ༡༩༨༩ ལོར་སློབ་དཔོན་ཆེན་མོའི་མཚན་གནས་ཐོབ། ཕྱི་ལོ་ ༡༩༩༧ ལོར་ལས་ཁྱུར་ངལ་གསོ་གནང་། ཁོང་གི་གསུང་རྩོམ་ལ《བརྡ་དཀྲོལ་གསེར་གྱི་མེ་ལོང་།》དང་《རྒྱལ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས།》 《རྒྱལ་རོང་ཁ་སྐད་ཚིག་མཛོད》 《ཨ་མདོའི་སྐད་དང་རྒྱལ་རོང་སྐད་དཔྱད་སྡུར་དབྱེ་ཞིབ།》 《བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས།》 《རྒྱལ་རོང་གི་ལོ་རྒྱུས་དང་རིག་གནས།》(རྒྱ་ཡིག)སོགས་དང་། འགྱུར་ཡིག་ལ《རླངས་ཀྱི་པོ་ཏི་བསེ་རུ།》དང《བཀའ་ཆེམས་དེབ་ཐེར།》 《བོད་ཀྱི་ལོ་རྒྱུས་ཀུན་དགའ་མེ་ལོང་།》སོགས་དང་། གནའ་དཔེ་དཔེ་སྒྲིག་སྐོར་ལ《གེ་སར་སྒྲུང་བཤད་པ་རྣམ་བདུན》དང《གེ་སར་སྒྲུང་ཟངས་མདོག་དཔལ་རི།》 《ཇོ་ནང་ཆོས་འབྱུང་།》 《ཇོ་ནང་ཆོས་འབྱུང་གི་ལྷན་ཐབས།》སོགས་བོད་ཁམས་སུ་སྙན་གྲགས་ཆེན་པོ་རྒྱས་ཡོད་པ་རེད།  

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese