མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བོད་དོན་འཐབ་རྩོད་ཅེས་པའི་གློག་བརྙན་སྟོན་མི་ཆོག་པའི་གནོན་ཤུགས་སྤྲད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཨའེ་ཊི་ཝི་བརྙན་འཕྲིན་ཁང་གིས་ཆེད་སྒྲིག་བྱས་པའི་བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་དེ་སྟོན་མི་ཆོག་པའི་གནོན་ཤུགས་སྤྲད་འདུག

A poster of the documentary film by ITV

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་མཚན་མོར་དབྱིན་ཡུལ་དུ་ཡོད་པའི་ཨའེ་ཊི་ཝི་ (ITV) བརྙན་འཕྲིན་ཁང་གིས་བོད་དོན་འཐབ་རྩོད་ (Battle for Tibet) ཅེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོས་ཏེ་འགྲེམས་སྤེལ་བྱེད་གཏན་ཁེལ་ཡོད་ཀྱང་། ཉིན་དེར་དབྱིན་ཡུལ་རྒྱ་ནག་གཞུང་ཚབ་ཁང་གིས། གློག་བརྙན་དེའི་ནང་ཕྱོགས་ལྷུང་དང་རྫུན་གཏམ་གྱིས་ཁེངས་ཡོད། ཅེས་བརྗོད་དེ་གློག་བརྙན་དེ་སྟོན་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲད་ཡོད་འདུག

དངོས་བྱུང་གློག་བརྙན་དེའི་ནང་དུ་རྒྱ་ནག་གཞུང་གིས་ཚད་མཐོའི་འཕྲུལ་རིག་བརྒྱུད་བོད་ནང་གི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་ནན་པོ་བྱེད་བཞིན་པ་དང། དམིགས་བསལ་གྱིས་དགོན་སྡེ་ཁག་དང་སྤྱི་པའི་ས་ཁུལ་དུ་ལྟ་སྐོར་བ་རྣམས་ལ་གནམ་ཐང་ལྟར་ཞིབ་བཤེར་ནན་པོ་བྱེད་བཞིན་པ་གསལ་སྟོན་བྱས་ཏེ། རྒྱ་ནག་གིས་བོད་ནང་དུ་ཆོས་དད་རང་མོས་དང་སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནད་དོན་གསལ་པོ་བསྟན་ཡོད་འདུག

དེ་བཞིན་གློག་བརྙན་དེའི་ནང་རྒྱ་ནག་གི་བོད་ཕྲུག་ཚོ་དམིགས་འབེན་དུ་བཟུང་སྟེ་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་དཔེར་ན། བོད་ཕྲུག་ས་ཡ་གཅིག་ཙམ་བཅའ་སྡོད་སློབ་གྲྭར་བཅུག་སྟེ་བོད་ཀྱི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་ཐབས་བྱས་དང་བྱེད་མུས་ཡིན་པའི་སྐོར་དང་། རྒྱ་རིགས་དགེ་རྒན་ཚོས་བོད་ཕྲུག་རྣམས་ལ་རྡུང་རྡེག་ཚད་མེད་གཏོང་གི་ཡོད་པ་སོགས་མི་རིགས་དབྱེ་འབྱེད་བྱེད་ཀྱིན་ཡོད་པ་བསྟན་ཡོད་འདུག

རྒྱལ་སྤྱིའི་དངོས་བྱུང་གློག་བརྙན་ལྟ་ཡུལ་ (PBS’s FROTLINE) དང་ཨའེ་ཊི་ཝི་སོགས་ཀྱི་དྲ་ལམ་ནས་གློག་བརྙན་དེར་ལྟ་མི་ཐུབ་པ་བཟོས།

དངོས་བྱུང་གློག་བརྙན་དེ་ནི་དབྱིན་ཇིའི་ཨའེ་ཊི་ཝི་ (ITV) བརྙན་འཕྲིན་ཁང་གི་གསར་འགོད་པ་ལྕམ་གྷི་སི་བྷིན་མོ་ཧཱ་མ་ཌི་ (Gesbeen Mohammad) ལགས་བོད་ནང་དངོས་སུ་ཕྱིན་ཏེ་གསང་བའི་ཐོག་ནས་ལོ་ངོ་གཅིག་གི་རིང་གནས་ཚུལ་མཁོ་སྒྲུབ་དང་བརྙན་པར་སོགས་བླངས་ནས་བཟོ་སྐྲུན་བྱས་པ་ཞིག་ཡིན་འདུག

གློག་བརྙན་དེའི་ནང་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༧༥ རིང་བོད་ནང་དབང་སྒྱུར་བྱས་ཏེ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་རྣམས་གསལ་སྟོན་དང་། ཨ་རིའི་གསར་འགོད་པ་གྲགས་ཅན་བྷ་བྷི་ར་སྒྲེ་མེག་ལགས་དང་། འབུམ་རམས་པ་རྒྱལ་ལོ་ལགས། ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་སོགས་ལ་བཅར་འདྲི་བྱས་ཏེ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་གསལ་སྟོན་བྱས་འདུག

གྷི་སི་བྷིན་མོ་ཧཱ་མ་ཌི་ལགས་ནི་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཆེད་ལས་ཞིབ་འཇུག་གནང་མཁན་གྱི་གསར་འགོད་པ་ཞིག་ཡིན་པ་མ་ཟད། དབྱིན་ཡུལ་དང་ཨ་རིའི་བརྙན་འཕྲིན་ཁང་ཆེ་ཁག་གི་ནང་དུ་དངོས་བྱུང་གློག་བརྙན་བཟོ་སྐྲུན་གནང་མཁན་ཞིག་ཀྱང་ཡིན་པ་རེད། ཕྱི་ལོ་ ༢༠༡༥ ལོ་ནས་ཞིབ་འཇུག་གསར་འགྱུར་ལས་རིགས་ཐོག་ཕྱག་ལས་གནང་བ་ནས། དབྱིན་ཇིའི་ཨའེ་ཊི་ཝི་དང་། བྷི་བྷི་སི་གསར་ཁང་སོགས་ལ་ཕྱག་ལས་གནང་མྱོང་འདུག་ལ། ཕྱི་ལོ་ ༢༠༢༢ ལོར་ཁོང་མོས་གཙོ་སྒྲུབ་བྱས་པའི་ཨུ་རུ་སུའི་དམག་འཁྲུག་སྐོར་གྱི་དངོས་བྱུང་གློག་བརྙན་དང་། ཕྱི་ལོ་ ༢༠༢༠ ལོའི་ཧོང་ཀོང་གི་འཐབ་འཁྲུག་སོགས་ཀྱི་དངོས་བྱུང་གློག་བརྙན་ལ་རྒྱལ་སྤྱིའི་སྟེང་གྲགས་ཆེ་བའི་ (Bafta and Emmy) ཆེ་བསྟོད་དང་གཟེངས་རྟགས་ཐོབ་མྱོང་འདུག ཁོང་མོས་རྒྱ་ནག་དང་། ཨུ་རུ་སུ། ཨི་རན་སོགས་གནས་ཚུལ་མཁོ་སྤྲོད་དཀའ་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པའི་རྒྱལ་ཁབ་ཁག་ཏུ་དངོས་སུ་བསྐྱོད་དེ་གསང་བའི་ལམ་ནས་གནས་ཚུལ་མཁོ་སྒྲུབ་དང་བརྙན་པར་སོགས་བཀོད་སྒྲིག་གནང་གི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese