མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ལོ་ ༢༡༥༡ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

བོད་ཀྱི་དུས་བབ།
༢༠༢༥/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཧྥིན་ལེན་ཌིའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧྥིན་ལེན་ཌི་སྲིད་འཛིན་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་པའི་སྐུ་ཞབས་ཨེ་ལེག་ཛེན་ཊིར་(Alexander Stubb) ལགས་ཀྱི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཏེ།  ཁོང་གི་མ་འོངས་པའི་ལས་དོན་ལམ་ལྷོངས་ཡོང་བར་ཐུགས་སྨོན་མཛད་པ་དང་སྦྲགས། འདས་པའི་ལོ་ཟླའི་ནང་ངོས་རང་ཁྱེད་ཀྱི་ཆེས་མཛེས་སྡུག་ལྡན་པའི་ཧྥིན་ལེན་ཌི་རྒྱལ་ཁབ་ཏུ་ཐེངས་འགར་བསྐྱོད་མྱོང་ཡོད་ཅིང་།  ངོས་རང་གིས་བྱམས་སྙིང་རྗེ་གོང་མཐོར་དང་། གཅིག་གྱུར་གྱི་འདུ་ཤེས་ཡར་སྐྱེད། དེ་བཞིན་ཆོས་ལུགས་མཐུན་འབྲེལ་གྱི་སྐོར་བཤད་པར་ཧྥིན་ལེན་ཌི་མི་མང་གིས་དོ་དབྱིངས་ཆེན་པོ་གནང་བར་ཡི་རངས་བསྔགས་བརྗོད་བྱེད་ཀྱི་ཡོད། ཅེས་གསུངས།

ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་འཛིན་ལེ་ཆིན་ཏི་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་ཏེ། ཐའེ་ཝན་དུ་དམངས་གཙོ་དར་སྤེལ་འགྲོ་མུས་ཡིན་པ་ནི་ཆེས་དགའ་འོས་པ་ཞིག་རེད། ཐའེ་ཝན་གྱི་མི་མང་རྣམས་དམངས་གཙོའི་ལམ་ལུགས་དར་སྤེལ་ཕྱིན་པ་གཅིག་པུས་ཡར་སྐྱེད་ཡོང་བ་ཞིག་གཏན་ནས་མིན་པར། ཐའེ་ཝན་མི་མང་གིས་རང་གི་ཆེས་ཕྱུག་པའི་སྲོལ་རྒྱུན་རྒྱུན་འཛིན་དང་ལྷན་དུ་འཚོ་བ་ལའང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། ཅེས་དང་། ངོས་རང་གིས་སྐུ་ཉིད་ཀྱིས་འབྱུང་འགྱུར་ཐའེ་ཝན་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་པར་འཕྲད་པའི་དཀའ་ངལ་ཡོངས་རྫོགས་ལ་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཡོད། ཅེས་གསུངས།

འབྲས་ལྗོངས་དང་ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་གཉིས་ལ་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཨ་རུ་ན་ཅལ་དང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ཀྱི་མཚན་ཐོག་ཏུ་ཕྱག་ཡིག་ཅིག་བྲིས་ཏེ། སྐུ་ཞབས་པདྨ་མཁའ་འགྲོ་དང་པེ་རེམ་སིན་ཏ་མཱང་གཉིས་ཀྱི་ཆབ་སྲིད་ཚོགས་པར་རྒྱ་གར་གྱི་མངའ་སྡེ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་བཞིན་ཡོད། འདས་པའི་ལོ་ངོ་འདི་དག་གི་རིང་ལ་ཨ་རུ་ན་ཅལ་མངའ་སྡེ་དང་འབྲས་ལྗོངས་གཉིས་ཡར་རྒྱས་གོང་འཕེལ་ཕྱིན་པའི་ཐུགས་ཚོར་བྱུང་བ་དང་། བློན་ཆེན་རྣམ་པ་གཉིས་ནས་མུ་མཐུད་དབུལ་ཕོངས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཐབས་ལ་བརྩོན་འགྲུས་ལྷོད་མེད་གནང་སྟེ། མངའ་སྡེ་སོ་སོའི་མི་མང་གི་རེ་འདོད་སྐོང་རྒྱུར་དཀའ་ངལ་འཕྲད་རིགས་ལ་གདོང་ལེན་ལེགས་འགྲུབ་ཡོང་བར་ཐུགས་སྨོན་བཅས་བསྩལ།

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་ཁོང་གི་སྲིད་དོན་ཚོགས་པར་ཐེངས་གསུམ་བསྟུད་མར་གཞུང་འཛིན་པའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པ་དང་བསྟུན། རྒྱ་གར་གྱི་བྱམས་སྐྱོང་དང་གཏོང་ཕོད་ལ་བརྟེན་ནས་བཙན་བྱོལ་དུ་ང་ཚོས་ཞི་བདེ་དང་རང་དབང་ཐོག་རང་ཉིད་ཀྱི་གནའ་བོའི་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་ཡོད། རྒྱ་གར་གྱི་མི་རབས་གསར་པའི་གཅེན་གཅུང་ཁྲོད་དུ། ང་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་གོ་རྟོགས་སྤེལ་བར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཅེས་དང་། ཁྱེད་ཀྱི་སྲིད་བློན་གྱི་ལས་ཡུན་གསར་པའི་ནང་དུ། སྐུ་ཉིད་ཀྱིས་འབྱུང་འགྱུར་རྒྱ་གར་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་པར་འཕྲད་པའི་དཀའ་ངལ་ཡོངས་རྫོགས་ལ་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཡོད། ཅེས་ཐུགས་སྨོན་མཛད།

མེག་སི་ཁོའི་བུད་མེད་སྲིད་འཛིན་ཐོག་མར་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མེག་སི་ཁོའི་བུད་མེད་སྲིད་འཛིན་ཐོག་མ་ལྕམ་སྐུ་ཁོ་ལོ་ཌི་ཡ་ཤེན་བྷམ་ (Claudia Sheinbaum) མཆོག་གི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ།  ངོས་རང་གིས་བུད་མེད་རྣམས་ནི་གཞན་ལ་སྙིང་རྗེ་ཆེ་བ་དང་བརྩེ་འདང་ཟབ་པོ་ཡོད་མཁན་ཞིག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད་ལ། ངོས་ཀྱིས་ཀྱང་ཡུམ་ཆེན་མཆོག་གི་དྲུང་ནས་དེ་དག་བསླབས་པ་ཡིན། བུད་མེད་རྣམས་མི་གཞན་གྱི་ན་ཟུག་ལ་སེམས་ཚོར་ཆེ་བ་ཡོད་པར་ཚན་རིག་གི་གྲུབ་དོན་ལས་རྙེད་ཡོད་པས། ངོས་རང་གིས་དུས་ཡུན་རིང་པོ་ནས་བུད་མེད་ཀྱི་མགོ་ཁྲིད་ཀྱི་ནུས་པ་ནི་ཡིད་སྨོན་བྱ་ཡུལ་ཡིན་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། འཛམ་གླིང་གི་མགོ་ཁྲིད་མང་ཆེ་བ་བུད་མེད་ཡིན་ན། འཇིག་རྟེན་འདི་བསམ་ཤེས་དང་། ཞི་བདེ་སྔར་ལས་ལྷག་པ་ཞིག་ཡོང་གི་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད། དོན་དངོས་ཐོག་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་འཐབ་མོ་བ་མང་ཆེ་བ་ནི་སྐྱེས་པ་ཡིན་པ་རེད། བུད་མེད་རྣམས་ཀྱིས་མི་གཞན་གྱི་བདེ་སྡུག་སོགས་ཀྱི་ཐད་ལ་སེམས་ཁུར་དང་བརྩེ་འདང་ཆེ་བ་ཡོད་པ་རེད། ཅེས་དང་། ངོས་རང་ཁྱེད་ཀྱི་རྒྱལ་ཁབ་ཏུ་ཕྱིན་སྐབས། ཁྱེད་ཀྱི་མི་མང་གིས་ངོས་ཀྱིས་སེམས་པ་བཟང་པོ་བྱ་རྒྱུ་དང་ཆོས་ལུགས་མཐུན་འབྲེལ་གྱིས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཀྱིས་མཚོན་པའི་གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་སོགས་ལ་དོ་དབྱིངས་ཆེན་པོ་གནང་བས། ངོས་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཞེས་དང་། ངོས་ཀྱིས་ཁྱེད་ཀྱི་མདུན་དུ་ལྷག་པའི་འགྲན་རྩོད་སོགས་ལས་རྣམ་པར་རྒྱལ་བ་དང་། མེག་སི་ཁོ་མི་མང་གི་རེ་བ་དང་མངོན་འདོད་འགྲུབ་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས།

ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༨ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་རཱ་མ་ཕཱོ་ས་ (Cyril Ramaphosa) མཆོག་སླར་ཡང་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་མཛད། དེ་ཡང་གསུང་འཕྲིན་ནང་ལྷོ་ཨ་ཧྥེ་རི་ཁའི་ནང་མི་རིགས་དབྱེ་འབྱེད་མཚམས་འཇོག་བྱས་པ་ནས་དམངས་གཙོའི་ལམ་ལུགས་བརྟན་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ལྷོ་ཨ་ཧྥེ་རི་ཁའི་ནང་སྐད་དང་ཆོས་ལུགས། རིག་གཞུང་སོགས་མི་འདྲ་བའི་མི་རིགས་མང་པོ་ལྷན་གཅིག་ཏུ་ཞི་བདེ་མཉམ་གནས་ཐུབ་ཀྱི་ཡོད་པ་དེས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་མིག་དཔེ་གལ་ཆེན་སྟོན་གྱི་ཡོད། ངོས་ནས་ཁྱེད་ཀྱི་དབུ་ཁྲིད་འོག ཨ་ཧྥེ་རི་ཁའི་རྒྱལ་ཁབ་དར་རྒྱས་བྱུང་ཞིང་དམིགས་བསལ་གྱིས་མཐུན་རྐྱེན་ཞན་པའི་རིགས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐུབ་པར་རེ་བ་བྱེད་ཀྱིན་ཡོད། ཅེས་གསུངས།

རྒྱ་གར་སྲིད་འཛིན་གྱི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༠ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༦ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པའི་ནང་། རྒྱ་གར་ནི་གནའ་བོའི་དུས་ནས་བྱམས་དང་སྙིང་རྗེའི་དཔལ་ཡོན་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་དང་། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ཞིང་། ཁྱེད་ལ་འཛམ་གླིང་འདིར་ཞི་བདེ་དང་བདེ་སྐྱིད་བསྐྲུན་པར་ནུས་པ་ཧ་ཅང་ཆེན་པོ་ཞིག་མཆིས་ཤིང་། ངོས་རང་འཛམ་གླིང་ནང་རྒྱ་གར་གྱི་སྟོབས་ཤུགས་དང་སྣེ་འཁྲིད་ཀྱི་ནུས་པ་ལ་ཡིད་སྨོན་སྐྱེས་ཀྱི་ཡོད། ཅེས་དང་། བོད་མི་ཚོས་རྒྱ་གར་ནི་འཕགས་པའི་ཡུལ་ཏེ་ནང་ཆོས་ཀྱི་འབྱུང་ཁུངས་སུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ངོས་རང་གིས་ཐུགས་བསྐྱེད་དམ་བཅའ་གཅིག་ནི་ནང་སེམས་ཀྱི་ཞི་བདེ་གོང་མཐོར་དང་། ཁོང་ཁྲོ་སོགས་ཀྱི་གཉེན་པོར་གྱུར་བའི་རྒྱ་གར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་གནའ་བོའི་སེམས་དང་སྲོག་གི་ཐད་ལ་གོ་རྟོགས་གང་ཐུབ་སྤེལ་རྒྱུ་དེ་ཡིན། ཞེས་གསུངས། མཇུག་ཏུ་ཁོང་མོས་དབུ་འཁྲིད་པའི་བྱ་གཞག་ཐམས་ཅད་ལམ་ལྷོངས་དང་སྐུ་གཟུགས་བདེ་ཐང་ཡོང་བའི་ཐུགས་སྨོན་མཛད།

ནཱ་ལནྡྲའི་གཙུག་ལག་སློབ་གཉེར་ཁང་དབུ་འབྱེད་གནང་བར་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་འཚམས་འཕྲིན་བསྩལ་ཏེ།  རྒྱ་གར་གྱི་གནའ་བོའི་ཤེས་རིག་གི་ཞིང་ས་སྟེ། རྒྱ་གར་མངའ་སྡེ་བྷེ་ཧར་ནང་གི་གནས་ཆེན་རྒྱལ་པོའི་ཁབ་ཏུ་དཔལ་ནཱ་ལནྡྲའི་གཙུག་ལག་སློབ་གཉེར་ཁང་གསར་རྒྱག་ལེགས་གྲུབ་ཀྱིས་དབུ་འབྱེད་གནང་ཐུབ་པར་འཚམས་འདྲི་མཛད་ཅིང་། རྒྱ་གར་གྱི་གནའ་བོའི་ཤེས་རིག་ལ་དོ་སྣང་བྱེད་མཁན་གཞོན་སྐྱེས་རྒྱ་གར་ཕྱི་ནང་གཉིས་སུ་ཇེ་མང་དུ་འགྲོ་བཞིན་པ་དེར་ངོས་རང་སེམས་འགུལ་སྐྱེ་གི་འདུག གནའ་བོའི་ཤེས་རིག་དེ་དག་ལ་འཛམ་བུ་གླིང་འདི་སྙིང་རྗེ་ལྡན་པ་ཞིག་ཏུ་སྐྲུན་ཐུབ་པའི་ནུས་པ་ཡོད། ངོས་ནས་གནའ་བོའི་རྒྱ་གར་གྱི་ཤེས་རིག་ལ་དོ་སྣང་དང་གོ་རྟོགས་སྤེལ་རྒྱུར་དམ་བཅས་པ་བཞིན། ལོ་རྒྱུས་ཀྱི་གནས་ཆེན་དེར་ནཱ་ལནྡྲའི་གཙུག་ལག་སློབ་གཉེར་ཁང་གསར་པ་ཞིག་འཛུགས་སྐྲུན་གནང་བ་ནི་ངོ་མཚར་སྐྱེ་འོས་པ་ཞིག་ཡིན་པ་དང་། གཙུག་ལག་སློབ་གཉེར་ཁང་དེ་ཉིད་དར་ཞིང་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།

འཁྲུངས་སྐར་དུས་ཆེན་ལ་གསུང་འཕྲིན་བསྩལ།

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༦ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་བཞུགས་གནས་མགྲོན་ཁང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༩ ལ་ཕེབས་པའི་འཁྲུངས་སྐར་གསུང་འཕྲིན་བསྩལ་བའི་ནང་། དེ་རིང་ངོས་ཀྱི་སྐྱེས་སྐར་དུས་ཆེན་ལ་གཞིས་བྱེས་མི་མང་མང་པོ་ཞིག་གིས་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད། སྤྲོ་སེམས་འཁོལ་ནས་བསྡད་ཡོད་པ་རེད། དུས་ཚོད་འདིར་གཞིས་བྱེས་བོད་མི་སྡེར་གཏོགས་ཧི་མ་ལ་ཡའི་རི་རྒྱུད་སོགས་ཚང་མས་ངོས་ཀྱི་སྐྱེས་སྐར་ལ་སྨོན་ལམ་རྒྱག་གི་ཡོད་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ལོ་དགུ་བཅུ་ཡས་མས་ལ་སླེབས་ཡོད། ད་ལྟ་གཟུགས་པོ་མ་བདེ་བ་གང་ཡང་མི་འདུག རྐང་པ་ཕྲན་བུ་མ་བདེ་བ་ཞིག་འདུག་མ་གཏོགས་གཞན་གཟུགས་པོ་བདེ་ཐག་ཆོད་རེད། གང་ལྟར་གཞིས་བྱེས་བོད་མི་ཚང་མས་ངོས་ཀྱི་སྐྱེས་སྐར་དུས་ཆེན་ཐོག་ལ་སྨོན་ལམ་རྒྱག་པ་སོགས་བྱེད་ཀྱི་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལྟར་ངོས་རང་མདོ་སྨད་ཀྱི་ས་ཆ་ནས་སྐྱེས་པའི་མི་ཞིག་ལ་༧རྒྱལ་དབང་གི་མིང་ཐོགས་ནས་གཞིས་ལ་བསྡད་པའི་རིང་དུ་ཧུར་ཐག་བྱས་པ་ཡིན་ལ། ལྷག་པར་ང་ཚོ་བཙན་བྱོལ་བྱས་ཏེ་བསྡད་པའི་རིང་ལ་གང་ཡོང་ཅི་ཡོང་ཧུར་ཐག་བྱས་པ་ཡིན། དེའི་ཚོད་ཀྱིས་ཕན་ཐོགས་ཀྱང་རྒྱ་ཆེན་པོ་ཡོད་པ་ལྟ་བུ་འདུག འཛམ་གླིང་འདིར་དོ་སྣང་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག་པས་ངོས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དག་ཕྲན་བུ་འགྲུབ་ཡོད་བསམ་པ་དྲན་གྱི་འདུག ཅེས་གསུངས།

དབྱིན་ཇིའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༦ ཉིན་༧གོང་ས་རྒྱལ་རིན་པོ་ཆེ་མཆོག་ནས། དབྱིན་ཇིའི་སྲིད་བློན་གསར་པ་སི་ཊར་མཱེར་ (Keir Starmer) མཆོག་གི་ངལ་རྩོལ་ཆབ་སྲིད་ཚོགས་པར་དབྱིན་ཇིའི་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོའི་རྒྱལ་ཁ་ཐོབ་སྟེ་ཁོང་སྲིད་བློན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི་མཛད་ཡོད་ཅིང་།   དེང་སྐབས་འཛམ་གླིང་ཐོག་དཀའ་རྙོག་མང་པོ་ཞིག་ལ་གདོང་ལེན་གནང་དགོས་པ་ཆགས་ཡོད།  དབྱིན་ཡུལ་ངོས་ནས་གཅིག་ལ་གཅིག་རྟེན་ཤུགས་ཆེ་རུ་འགྲོ་བའི་འཛམ་གླིང་འདིའི་ནང་ཞི་བདེ་དང་བརྟན་ལྷིང་ཐོག་ཞབས་འདེགས་རླབས་ཆེན་བསྒྲུབ་ཐུབ་པར་ཡིད་ཆེས་ཡོད།  ངོས་རང་དབྱིན་ཡུལ་ནང་ཐེངས་འགའ་ཕྱིན་སྐབས་དབྱིན་ཡུལ་མི་མང་གིས་ངོས་ཀྱི་གཞི་རྩའི་མིའི་བྱམས་བརྩེའི་རིན་ཐང་དང་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་གྱི་ལས་དོན་དེར་དོ་སྣང་ཤུགས་ཆེན་གནང་བར་ཡིད་སྨོན་བྱེད་ཀྱི་ཡོད། ཅེས་གསུངས།

ཡུ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོ་གཉིས་ལ་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༢ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྕམ་རོ་བྷར་ཊ་མེཊ་སོ་ལ་ (Roberta Metsola) མཆོག་དང་ལྕམ་ཨུར་སུ་ལ་ཝོན་དེར་ལེ་ཡེན་ (Ursula von der Leyen) མཆོག་གཉིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐྱར་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་ཏེ། འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ཡུ་རོབ་མཉམ་འབྲེལ་གྱི་དགོངས་པས་ཚོགས་མི་རྒྱལ་ཁབ་ཁག་དང་ས་ཁུལ་དེའི་ནང་ཞི་བདེ་སྲུང་སྐྱོབ་བྱས་ཡོད་པར་བརྟེན། ༧མགོན་པོ་གང་ཉིད་མཆོག་གིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་དགོངས་པ་ལ་བསྔགས་བརྗོད་མཛད་པ་དང་བསྟུན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་བྱུང་བའི་འབྲེལ་ལམ་བསྐྱར་གསོ་དང་མཉམ་ལས་ཀྱི་དགོངས་པའི་ཐོག་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱལ་ཁབ་སོ་སོའི་ས་གནས་ཀྱི་ཁེ་ཕན་ལས་སྤྱིའི་བདེ་དོན་གལ་ཆེ་བར་བརྩིས་ཡོད་པ་མ་ཟད། དེས་འཛམ་གླིང་ནང་ཕན་ཚུན་གཅིག་རྟེན་ཇེ་ཆེར་འགྲོ་བཞིན་པ་དང་དཀའ་ངལ་ཅན་དུ་གྱུར་སྐབས་ཤེས་རབ་དང་བསམ་བློ་སྨིན་པའི་རྣམ་པ་མཚོན་གྱི་ཡོད། ཅེས་གསུངས།

རྒྱ་གར་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དགུང་གྲངས་ ༧༤ ཕེབས་པའི་འཁྲུངས་སྐར་ལ་འཚམས་འཕྲིན་བསྩལ་ཡོད་པ་དང་། འཚམས་འཕྲིན་ནང་རྒྱ་གར་གྱི་འཚེ་མེད་ཞི་བ་དང་སྙིང་རྗེའི་སྲོལ་རྒྱུན་གྱིས་འཛམ་གླིང་ཡོངས་ལ་མིག་དཔེ་བསྟན་ཡོད། དེ་བཞིན་རྒྱ་གར་ནི་ནུས་པ་ལྡན་པའི་དམངས་གཙོའི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་པ་དང་། རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཆེན་པོ་ཡོད་པར་བརྟེན། རྒྱ་གར་གྱིས་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གྱུར་བའི་འཛམ་གླིང་ནང་ཞི་བདེ་དང་གྲོས་མོལ་ཡོང་བར་ཞབས་འདེགས་སྒྲུབ་པའི་ནུས་པ་གལ་ཆེན་ཡོད།  དེ་བཞིན་ངོས་ཀྱིས་གོ་སྐབས་འདི་བརྒྱུད་ནས་ལོ་ངོ་དྲུག་ཅུ་རེ་ལྔའི་རིང་རྒྱ་གར་གཞུང་དམངས་གཉིས་ཀྱིས་ངོས་དང་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསལ་འདུག

ཨ་རིའི་སྲིད་འཛིན་ཟུར་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇིམ་མི་ཁར་ཊར་ (Jimmy Carter) མཆོག་དགུང་གྲངས་ ༡༠༠ ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པའི་ནང་། ངོས་རང་གིས་ཁྱེད་ཀྱིས་ནང་མི་དང་ལྷན་སྤྲོ་སྣང་ལྡན་པའི་ཐོག་ནས་སྐྱེས་སྐར་སྲུང་གཙི་བྱེད་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱི་སྐུ་ཚེའི་བཞུད་ལམ་ནི་ཆེས་དོན་སྙིང་ལྡན་པ་ཞིག་ཡིན་པའི་ཁར། ཁྱེད་ཀྱིས་ཤེས་གསལ་བཞིན་ངོས་རང་གིས་དུས་ཡུན་རིང་པོ་ནས་ཁྱེད་ཀྱི་རླབས་ཆེན་གྱི་མཛད་རྗེས་ལ་ཡིད་སྨོན་བྱེད་ཀྱི་ཡོད་ལ།  རླབས་ཆེན་མཛད་རྗེས་དེ་དག་མུ་མཐུད་དུ་རྒྱུན་འཁྱོངས་མུས་ཡིན་པ་ནི་ཡིད་དུ་འོང་བ་ཞིག་རེད། དེ་བཞིན་ཁྱེད་ཀྱིས་གཞན་དོན་གྱི་སླད་དུ་ཐུགས་ཁུར་བྱེད་མུས་ཡིན་པ་ནི་ང་ཚོས་ཆེས་ཡིད་སྨོན་བྱ་དགོས་པ་ཞིག་ཡིན་པས། ངོས་རང་གིས་སྙིང་དབུས་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་ན་འདོད། ཅེས་གསུངས།

ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ཐེངས་ ༦༥ པ་ཤི་གྷེ་རུ་ཨི་ཤི་བྷ་ (Shigeru Ishiba) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་། འདས་པའི་ལོ་ངོ་མང་པོའི་ནང་ངོས་རང་ཉི་ཧོང་དུ་ཡང་ཡང་འགྲོ་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། ངོས་ནས་འགྲོ་བ་མིའི་གཞི་རྩའི་རིན་ཐང་སྙིང་རྗེ་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་བར་འབད་བརྩོན་དང་། རྡུལ་ཕྲན་མཚོན་ཆ་ཚུད་པའི་གོ་མཚོན་མེད་པའི་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཐད་ལ་རྒྱལ་ཁབ་འདིའི་མི་མང་རྣམས་ཀྱིས་དོ་སྣང་དང་སྤྲོ་སེམས་བསྟན་པར་རྗེས་སུ་ཡི་རངས་ཡོད། ཁྱེད་ཀྱིས་ཉི་ཧོང་མི་མང་གི་རེ་བ་དང་མངོན་འདོད་ལྟར་ལས་དོན་མཐའ་དག་བསྒྲུབ་ཐུབ་རྒྱུ་དང་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས།

ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པར་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཕྱི་ལོ་ ༢༠༢༤ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ཉི་ཧོང་གི་ནི་ཧོན་ཧེ་ཌན་ཡོ་ (Nihon Hidankyo)  ཚོགས་པར་ཐོབ་པར་འཚམས་འདྲི་མཛད་པའི་ནང་།  དེ་སྔ་ངོས་རང་ཉི་ཧོང་དུ་ཕྱིན་སྐབས་ཁྱེད་ཚོ་ཁག་ཅིག་དང་ཐུག་རྒྱུའི་གོ་སྐབས་བྱུང། ངོས་ཀྱིས་ཁྱེད་རྣམ་པའི་ཕྱག་ལས་ལ་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད། ནོར་ཝེའི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ངོས་ནས་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ནི་ཧོན་ཧེ་ཌན་ཡོ་ཚོགས་པས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་ཐབས་དང་། རྡུལ་ཕྲན་མཚོན་ཆ་ནམ་ཡང་བེད་སྤྱོད་བྱ་མི་ཉན་པ་ར་སྤྲོད་བྱེད་ཆེད་སྐུ་ལས་ཧུར་ཐག་བསྐྱོན་པར་ཆེ་མཐོང་གིས་ ༢༠༢༤ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ནི་ཧོན་ཧེ་ཌན་ཡོ་ཚོགས་པར་ཕུལ་བར་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་གསུངས།

ཇཱ་མུ་ཀ་ཤི་མུར་གྱི་སྤྱི་ཁྱབ་བློན་ཆེན་ལ་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་ཇཱ་མུ་ཀ་ཤི་མུར་དབུས་འཛིན་སྐྱོང་མངའ་ཁུལ་གྱི་སྤྱི་ཁྱབ་བློན་ཆེན་ཨོ་མཱར་ཨབ་དྷུལ་ལཱ་ཧ་ (Omar Abdullah ) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་། ངོས་ཀྱིས་སྐུ་ཞབས་ཤེ་ཁ་ཨབ་བྷུལ་ཧ་ནས་རྩིས་པའི་ཁྱེད་ཀྱི་མི་རབས་གསུམ་གྱི་ཁྱིམ་རྒྱུད་སྐོར་ཧ་ཅང་གསལ་བོ་ངོ་ཤེས་ཀྱི་ཡོད་པ་མ་ཟད། ངོས་ཀྱིས་ང་ཚོའི་གྲོགས་པོའི་མཛའ་འབྲེལ་ཧ་ཅང་གཙིགས་ཆེན་དུ་འཛིན་གྱི་ཡོད། ཅེས་དང་། སྐུ་ཞབས་ཨོ་མཱར་ཨབ་དྷུལ་ལཱ་ཧ་ལགས་ཀྱིས་མ་འོངས་གདོང་ལེན་གནང་དགོས་ཀྱི་རིགས་དང་གོ་སྐབས་སོགས་དམ་འཛིན་གྱིས་ཇཱ་མུ་ཀ་ཤི་མུར་གྱི་མི་མང་གི་མངོན་འདོད་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་མཛད།

ཊོམ་ཕུ་མཆོག་ལ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐེངས་གཉིས་པ་ཐོབ་པར་འཚམས་འདྲི་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་ཌོ་ནལ་ཊོ་ཕུ་མཆོག་ལ་རྒྱལ་ཁ་ཐེངས་གཉིས་པ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་ཏེ།  ཨ་རི་ནི་དམངས་གཙོ་དང་རང་དབང་། ཁྲིམས་ཀྱི་དབང་བསྒྱུར་གྱི་མཚོན་དོན་དུ་བརྩི་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱིས་ཨ་རིའི་དམངས་གཙོའི་མཐོང་སྣང་དང་དབུ་ཁྲིད་ལ་རེ་བ་ཆེན་པོ་བཅོལ་ཡོད། འཛམ་གླིང་གི་ས་ཕྱོགས་གང་སར་འཁྲུག་ཆ་དོད་པོ་ཆགས་པའི་དུས་སྐབས་འདིར། ཁྱེད་ཀྱིས་ཞི་བདེ་དང་བརྟན་ལྷིང་ལ་དབུ་ཁྲིད་བྱེད་པའི་རེ་བ་ཡོད། ཅེས་གསུངས།

གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

ཆུ་ཚོད་ ༢༠ སྔོན་ལ།
དྲ་ལམ་གྱི་པར།
Mobile App

ཁུང་ཙིའི་སློབ་གླིང་ཁག་སྒོ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༢༠ སྔོན་ལ།
Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

༢༠༢༥/༠༨/༠༡
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

༢༠༢༥/༠༨/༠༡
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

༢༠༢༥/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese