མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་སླར་ཡང་ཇོ་མོ་གླང་མར་འཛམ་གླིང་གི་ཡུལ་སྐོར་བ་ཚོ་ཤར་གཏོང་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་དིང་རི་ཁུལ་དུ་ས་ཡོམ་གྱི་གོད་ཆག་བྱུང་ནས་ཟླ་གཅིག་ལྷག་གི་རྗེས། རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་སྒར་ས་ཁུལ་སོགས་སུ་བདེ་འཇགས་ཡིན་ལུགས་བཤད་ནས། སླར་ཡང་འཛམ་གླིང་གི་ཡུལ་སྐོར་བ་རྣམས་མངག་གཏོང་བྱ་རྒྱུ་ཡིན་འདུག

བོད་དིང་རི་ཁུལ་དུ་ས་ཡོམ་གྱི་གོད་ཆག་བྱུང་རྗེས། རྒྱ་ནག་གཞུང་གིས་བོད་ནང་གི་ཇོ་མོ་གླང་མའི་ཡུལ་སྐོར་སྤྲོ་འཆམ་པ་དང་སྒར་ས་སོགས་རེ་ཞིག་སྒོ་བརྒྱབ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡ ཉིན་སླར་ཡང་ཇོ་མོ་གླང་མར་ཡུལ་སྐོར་བ་དང་གངས་འཛེག་མཁན་དག་ཤར་གཏོང་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

གནད་དོན་དེའི་ཐད་རྒྱ་ནག་ཚན་རིག་ཞིབ་འཇུག་ཁང་གི་ཁོངས་གཏོགས་ཇོ་མོ་གླང་མའི་གནམ་གཤིས་ཁོར་ཡུག་ཕྱོགས་བསྡུས་ལྟ་ཞིབ་ས་ཚིགས་ཀྱི་འགན་འཛིན་མ་ཝེ་ཆང་གིས། ཇོ་མོ་གླང་མའི་ས་ཁུལ་ལ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་མེད་པ་དང་། གསལ་པོར་མཐོང་ཐུབ་པའི་འཁྱགས་རོམ་ལྷུང་བ་དང་གངས་རུད་ཡང་ན་ས་གཤིས་འགྱུར་ལྡོག་སོགས་ཀྱང་མཐོང་རྒྱུ་མེད་ཅིང་། ཇོ་མོ་གླང་མའི་ཡུལ་སྐོར་སླར་ཡང་སྒོ་འབྱེད་པར་བདེ་འཇགས་ཀྱི་ཆ་རྐྱེན་ཚང་ཡོད། ཅེས་བརྗོད་འདུག

ཡང་ཁོས། ཇོ་མོ་གླང་མར་ཡུལ་སྐོར་བ་ཤར་གཏོང་གི་གྲ་སྒྲིག་སླད། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༢ ཉིན་ཁུལ་དེར་ཞིབ་བཤེར་གྱི་ཚན་ཆུང་ཞིག་བཙུགས་ནས། ཉིན་གྲངས་ ༣༥ རིང་ཇོ་མོ་གླང་མའི་ས་ཚིགས་ཁག་ལ་ཞིབ་བཤེར་དང་གྲ་སྒྲིག་འཐུས་ཚང་བྱས་ཡོད་ལུགས་བཤད་འདུག

དེ་བཞིན་རྒྱ་ནག་ཤིན་ཧྭ་གསར་ཁང་གིས། འདས་ལོར་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མར་རྒྱ་ནག་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ ༥༤༧༦༠༠༠ ལྷག་ཡོང་ཡོད་ཅིང་། དེ་ནི་ཕྱི་ལོ་ ༢༠༢༣ ལོ་དང་བསྡུར་ན་བརྒྱ་ཆ་ ༡༨ འཕར་ཡོད་པ་མ་ཟད། ཡུལ་བ་མང་ཆེ་བ་ནི་ཧྥ་རན་སི་དང་། སིང་གྷ་པུར། མ་ལེ་ཡ་ཤ་གཙོས་ཕྱི་རྒྱལ་བ་མང་དག་ཅིག་ཡོང་ཡོད་ཅིང་། ཉུང་མཐར་ཡང་འདས་ལོ་གཅིག་པུར་ཨ་སྒོར་ས་ཡ་ ༡༥།༣ གྱི་ཡོང་འབབ་བྱུང་ཡོད་ལུགས་བསྒྲགས་འདུག

ཡུལ་སྐོར་བ་མང་དག་ཅིག་ཡོང་མུས་ཡིན་པའི་བོད་ཕྱོགས་ཀྱི་ཇོ་མོ་གླང་མའི་སྒར་ས་ཆེན་མོ་ནི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་ ༥༣༠༠ ཙམ་གྱི་རི་ཁུག་ཏུ་གནས་ཤིང་། རྒྱ་ནག་གཞུང་གིས་འཛམ་གླིང་ས་ཕྱོགས་གང་ས་ནས་ཡོང་བའི་རི་འཛེག་པ་ཚོར་སྡོད་གུར་དང་ཟ་ཁང་ཚོང་ཁང་། དེ་བཞིན་སྒྲོམ་སྟེགས་སྤོ་ལོ་དང་དགོང་ཚོགས་ཁང་སོགས་ཆེད་འཛུགས་ཀྱིས་ཚོང་ལས་ཀྱི་ལྟེ་བ་ཞིག་ཏུ་བསྒྱུར་ཡོད་འདུག་ལ། ཕྱི་ལོ་ ༢༠༢༠ ལོ་ཙམ་ལ་རི་འཛེག་པ་ཞིག་གིས་ཇོ་མོ་གླང་མའི་སྒར་ས་སོགས་སུ་གད་སྙིགས་དང་ཕུང་པོས་ཁེངས་ཡོད་པའི་ཟིན་ཐོ་བཏོན་རྗེས། ཇོ་མོ་གླང་མ་ཚོང་རྫས་ཙམ་དུ་བེད་སྤྱོད་བཏང་དང་གཏོང་བཞིན་པ་ཁོ་ན་མ་ཡིན་པར་གཙང་སྦྲ་བྱེད་དགོས་པའི་གླེང་གཞི་ཆེན་པོ་བྱུང་ཡོད་པ་རེད།

ཨ་རིའི་ཞིབ་འཇུག་སློབ་ཆེན་(University of Maine)གྱིས་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༢ ནང་བཏོན་པའི་ཇོ་མོ་གླང་མའི་འཁྱག་རོམ་བཞུས་པའི་གནད་དོན་ཐད་ཀྱི་སྙན་ཐོའི་ནང་དུ། འདས་པའི་མི་ལོ་ ༢༠ ལྷག་རིང་ཇོ་མོ་གླང་མ་དང་ལྷོ་རྩེ་རི་བོ་གཉིས་ཀྱི་འཁྱག་རོམ་ཕི་ཊི་ ༡༨༠ སྲབ་ཏུ་ཕྱིན་ཡོད་པ་མ་ཟད། རྒྱ་མཚོའི་ངོས་ནས་སྨི་ ༧༩༠༦ ཙམ་ཡོད་པའི་འཁྱག་རོམ་དེ་དག་སྔ་མ་དང་བསྡུར་ན་ཐེངས་༨༠ ལྷག་གི་སྲབ་ཚད་ཇེ་མགྱོགས་སུ་ཕྱིན་ཡོད་ཅིང་། འདས་པའི་མི་ལོ་ཉི་ཤུ་ལྷག་རིང་འཁྱག་པ་ཊོན་( tonne) ཐེར་འབུམ་ ༢༧༠ ཙམ་མེད་པར་ཆགས་ཡོད་སྐོར་བརྗོད་ཡོད་པ་རེད།

བོད་ཀྱི་རི་བོ་ཇོ་མོ་གླང་མ་ནི་འཛམ་གླིང་ཐོག་རི་བོ་མཐོ་ཤོས་ཤིག་ཡིན་སྟབས། གོ་ལ་ཡོངས་ནས་རི་འཛེག་མཁན་མང་པོ་ཡོང་གི་ཡོད་ཅིང་། ལོ་ལྟར་ཉམས་མྱོང་ཡོད་པའི་རི་འཛེག་མཁན་རྣམས་ཇོ་མོ་གླང་མའི་ཡང་རྩེར་འཛེགས་རྒྱུའི་ཐོ་འགོད་བྱས་ཏེ། ལོ་ལྟར་ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོར་ཞུགས་ཀྱིན་ཡོད། ཇོ་མོ་གླང་མའི་རི་རྩེར་འཛེག་པར་འགྲོ་ལམ་གཉིས་ཡོད་པ་ནི། བལ་ཡུལ་དང་བོད་ཀྱི་བྱང་ཕྱོགས་ནས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese