མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་པ་གསུམ་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་ཕོ་བྲང་དང་། རྣམ་རྒྱལ་གྲྭ་ཚང་། རྣམ་ཟུར་བཅས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་ནང་ཆོས་ཀྱིས་འཛམ་བུ་གླིང་དུ་ཞི་བདེ་ཡོང་་བ་དང་སེམས་འཁྲུག་བསྡད་པར་ལྷོད་ལྷོད་ཆགས་པར་གཏན་གཏན་ཕན་ཐོགས་ཀྱི་ཡོད་སྐོར་སོགས་གསུངས་འདུག

༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༣།༥

དེ་རིང་ཕྱི་ཚེས་ ༥ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ།  དགའ་ལྡན་ཕོ་བྲང་དང་། རྣམ་རྒྱལ་གྲྭ་ཚང་། རྣམ་ཟུར་བཅས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་འདིར་དགའ་ལྡན་ཕོ་བྲང་དང་། རྣམ་རྒྱལ་གྲྭ་ཚང་། རྣམ་ཟུར་བཅས་ཀྱིས་དད་པ་དང་དམ་ཚིག་གཡོ་བ་མེད་པར་བརྟན་བཞུགས་གནང་བ་རེད། ངོས་ལ་ཆ་བཞག་ན་འཛམ་བུ་གླིང་ཐོག་ཏུ་ཕན་ཐོགས་གང་འཚམ་ཡོང་ཐུབ་ཀྱི་འདུག ངོས་ཀྱིས་བསམ་པ་རྣམ་དག་ཐོག་གཞིས་བྱེས་བོད་རིགས་ཡོངས་ལ་ཁ་ཕན་ཚིག་ཕན་བྱེད་བསྡད་ཀྱི་ཡོད། དེ་དག་གཏན་གཏན་ཕན་ཐོགས་ཡོང་གི་ཡོད་པ་ལྟ་བུ་འདུག ངོས་ཀྱི་བསམ་ཚུལ་དང་མཐོང་ཚུལ་བཤད་པ་དེ་ཆོས་དད་མེད་མཁན་ཚོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ཧམ་པ་ལྟ་བུ་བཤད་ན་འཛམ་བུ་གླིང་དུ་མི་གྲངས་དུང་ཕྱུར་ཁ་ཤས་ཡོད་པ་ཚང་མས་ངོས་རང་ལ་ཕལ་ཆེར་དགའ་བོ་བྱེད་ཀྱི་འདུག ངོས་རང་གིས་བསམ་པ་རྣམ་དག་བྱས་ཏེ་འཛམ་བུ་གླིང་ཐོག་གི་མི་ཡོད་ཚད་ལ་ཕན་ཐོགས་ཀྱི་ཡོད། དམིགས་བསལ་ཆོས་དང་འབྲེལ་བའི་སྐད་ཆ་མེད་པར་ཡ་རབས་སྤྱོད་བཟང་ཐོག་ནས་མི་ཚེ་བསྐྱལ་ཚེ། སོ་སོའི་མི་ཚེ་སྐྱིད་པོ་ཡོང་བ་དང་། སོ་སོའི་ཉེ་འཁོར་གྱི་མི་རྣམས་སྐྱིད་པོ་ཡོང་བ། མཐར་འཛམ་བུ་གླིང་ཐོག་དོན་དམ་པའི་ཞི་བདེ་ཡོང་བར་ག་ས་གང་དུ་བཤད་བསྡད་ཀྱི་ཡོད། དེར་ཚང་མས་དགའ་བོ་བྱེད་ཀྱི་འདུག ཅེས་གསུངས་འདུག

 ༧མགོན་པོ་གང་ཉིད་མཆོག་གིས།  ངོས་ཀྱིས་བློ་རིག་དང་རྟགས་རིག་སྦྱངས་ཏེ་བློའི་འགྲོ་སྟངས་ཐོག་གང་ལ་གང་འཚམ་ཤེས་ཀྱི་ཡོད་པར་བརྟེན། བློ་ཡི་འགྲོ་སྟངས་སྐོར་ལ་དོ་སྣང་ཡོད་མཁན་གྱི་ཚན་རིག་པ་ཚོས་གོ་བསྡུར་བྱེད་བཞིན་ཡོད། སེམས་མ་ཞི་བ་ཞི་བ་བྱེད་པ། མ་འདུལ་བ་འདུལ་བར་བྱེད་པ། གང་ལྟར་སེམས་ལ་བདེ་སྐྱིད་ཡོང་བའི་བསམ་བློའི་འགྲོ་སྟངས་ལ་སློབ་སྦྱོང་བྱེད་ཀྱི་ཡོད་དུས། སེམས་ཀྱི་ཞི་བདེ་སྐོར་ལ་དོ་སྣང་ཡོད་མཁན་མང་པོས་དགའ་བོ་བྱེད་བཞིན་འདུག ངོས་རང་ཚན་རིག་པ་དང་ཐུག་དུས་ཚན་རིག་པ་འདྲ་བོ་ཆགས་ཀྱི་ཡོད། སེམས་ཁམས་རིག་པའི་སྐོར་བཤད་དགོས་ཚེ་ངོས་རང་ལ་ཧ་ལམ་མཁས་དབང་ལབ་ཆོག་པ་རེད། གང་ལྟར་མི་ལ་ཕན་ཐོགས་པ་ཞིག་ཡོང་གི་འདུག ངོས་རང་གིས་ད་ལྟ་བར་དུ་ཧུར་ཐག་བྱས་པ་ཡིན།  བོད་གངས་ཅན་ལྗོངས་ལ་རིག་གཞུང་གཏིང་ཟབ་ཡོད་པ་སྐྱབས་སུ་མཆི་ཞེས་དད་པ་གཅིག་པུ་མ་ཡིན་པར་རིག་པའི་ཐོག་ནས་བསམ་བློ་བཏང་ཡོང་བར་ང་ཚོ་བོད་པར་དམིགས་བསལ་ཞིག་ཡོད། བསམ་བློའི་ནང་ཆོས་རབ་ཏུ་རྣམ་འབྱེད་ཤེས་རབ་ཀྱིས་དཔྱད་པ་བྱེད་པའི་ནུས་པ་དེ་ང་ཚོའི་གོམས་གཤིས་འདིའི་ཐོག་ནས་གཏན་གཏན་ཡོང་རྒྱུ་རེད།  འདི་ཧ་ཅང་རྩ་ཆེན་པོ་རེད། ཅེས་གསུངས་འདུག

ཡང་༧མགོན་པོ་གང་ཉིད་ཀྱིས། ངོས་རང་ལ་ཆ་བཞག་ན་ཆུང་ཆུང་སྐབས་སུ་བློ་རིག་དང་རྟགས་རིག དེ་ནས་མངོན་པ་མཛོད་སོགས་སུ་བལྟས་པ་རེད། མཛོད་དེ་ཞེ་དྲགས་རིན་ཐང་མཐོང་གི་མི་འདུག མཛོད་ནང་རི་རབ་དང་གླིང་བཞི་སོགས་བཤད་ཡོད་པ་དེ་སྒྲུང་རེད་ཟེར་ཆོག་པ་ཞིག་རེད། ཞེ་དྲགས་གང་ཡང་མི་འདུག གཞན་དབུ་མའི་གཞུང་དང་། རྣམ་འགྲེལ་གྱི་གཞུང་། བསྡུས་གྲྭའི་གཞུང་དེ་དག་ཆོས་ཀྱི་སྐད་ཆ་མིན་པར་སེམས་ཁམས་རིག་པ་དང་བསྟུན་ནས་མི་ལ་ཕན་ཐོགས་ཡོང་བ་དང་། འཛམ་བུ་གླིང་དུ་ཞི་བདེ་ཡོང་བ། སེམས་འཁྲུག་བསྡད་པར་ལྷོད་ལྷོད་ཆགས་པར་གཏན་གཏན་ཕན་ཐོགས་ཀྱི་ཡོད། ང་ཚོ་བོད་ལ་ཡོད་བསྡད་པའི་ཆོས་ཕྱོགས་ཀྱི་རིག་གཞུང་དེ་ཧ་ཅང་ཡག་པོ་རེད། དེ་རིང་སྐབས་སུ་བབ་པ་ཁྱེད་ཚོས་བརྟན་བཞུགས་གནང་བ་རེད། ངོས་རང་ལོ་མང་པོ་བསྡད་ཐུབ་པ་དང་། དེའི་རིང་ལ་འཛམ་བུ་གླིང་མི་ཡོངས་ལ་གང་ལ་གང་འཚམ་གྱིས་ཕན་ཐོགས་བྱ་ཐུབ་རྒྱུ། ལྷག་པར་དུ་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་འདུག ངོས་རང་ལ་དགའ་བོ་བྱེད་མཁན་རྒྱ་རིགས་ནང་མང་དུ་འགྲོ་བཞིན་འདུག དེ་དག་ཚང་མར་བསམ་པ་རྣམ་དག་གིས་ཕན་ཐོགས་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་ལ། ཕན་ཐོགས་ཡོང་ཐུབ་པའི་བཟོ་ཞིག་འདུག དེ་རིང་འདིར་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese