མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བོད་ནང་དུ་དྲག་གནོན་ཤུགས་ཆེན་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་འཐུས་མི་ཚོས་བོད་ནང་དུ་ཁ་བྲལ་གྱི་ལས་འགུལ་ཐོག་དྲག་གནོན་དོ་ནན་བྱ་རྒྱུ་ཡིན་ཞེས་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་ཀྱི་སྟེང་ནས་ཁས་ལེན་བྱས་ཡོད་འདུག

བོད་མིའི་རང་དབང་སྒེར་ལངས་བྱུང་ཐེངས་ ༦༥ སྐབས་ཞི་བའི་གོམ་བགྲོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༤།༣།༡༠

དེ་རིང་ཨེ་ཤ་ཡའི་ (UCA) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་འཚོག་བཞིན་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་སྐབས་བཅུ་བཞི་བའི་ཚོགས་ཆེན་སྐབས་བཅུ་པ་དང་མི་དམངས་སྲིད་གྲོས་སྐབས་བཅུ་བཞི་བའི་ཚོགས་ཆེན་ཐེངས་གསུམ་པའི་སྟེང་། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་འཐུས་མི་ཚོས་ཁ་གཅིག་གྲགས་སུ། ཁ་བྲལ་ལ་གདོང་ལེན་ཚ་འདེད་བྱ་རྒྱུ་ཡིན་ཞེས་བོད་དོན་དང་འབྲེལ་བའི་ལས་འགུལ་གྱི་རིགས་ལ་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲོད་རྒྱུ་ཡིན་པའི་ཁས་ལེན་བརྟན་པོ་བྱས་ཡོད་སྐོར་བསྒྲགས་འདུག

ད་དུང་ཚོགས་ཆེན་གཉིས་ཀྱི་སྟེང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་འཐུས་མི་ཚོས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དམར་ཤོག་ཚོགས་པའི་ལྟ་གྲུབ་ཅན་དུ་བསྒྱུར་བཞིན་པར་ཡི་རངས་བསྔགས་བརྗོད་དང་ཞི་ཅིན་ཕིན་གྱིས་མགོ་འཁྲིད་དམར་ཤོག་གི་སྲོག་ཤིང་ལ་གུས་བཀུར་རྒྱུན་སྐྱོང་བྱ་རྒྱུ་ཡིན་ལུགས་ཙམ་དུ་མ་ཟད། བརྟན་བརླིང་ནི་ཡར་རྒྱས་ཡིན་པས། རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་རིགས་ཏེ། ཁ་བྲལ་བར་འབོད་པ་དག་ལ་དོ་དམ་དྲག་གནོན་ཤུགས་ཆེན་བྱ་རྒྱུ་ལུགས་སོགས་བསྒྲགས་འདུག

ཡང་ཚོགས་ཆེན་གྱི་སྟེང་ཕྱི་ལོ་ ༢༠༢༤ ལོའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཐོན་སྐྱེད་ཀྱི་སྤྱི་འབོར་བརྒྱ་ཆ་ ༦།༣ ཡར་འཕར་ཡོད་ཅིང་། དེ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་འབོར་ལས་བརྒལ་ནས་འཕར་ཡོད་སྐོར་བསྒྲགས་འདུག་ནའང་། ཉེ་ལམ་བོད་ལ་སྟོད་དིང་རིའི་ཁུལ་དུ་ས་ཡོམ་བྱུང་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་དུ་ཡར་རྒྱས་ཕྱིན་མེད་པའི་དཔང་རྟགས་གསལ་བོར་མཐོང་ཡོད་པ་ཉམས་ཞིབ་པས་འགྲེལ་བརྗོད་གནང་ཡོད།

དེ་བཞིན། རྒྱ་ནག་གི་སྲིད་བློན་ལི་ཆང་ (Li Qiang) གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་སྐབས། རྒྱ་ནག་གིས་ཐའེ་ཝན་གྱི་གནད་དོན་ཞི་བའི་ལམ་ནས་སེལ་བར་འདོད་མོས་ཡོད། འོན་ཀྱང་། ཐའེ་ཝན་རང་བཙན་གྱི་ཕྱོགས་སུ་ཁ་བསྒྱུར་མཁན་དང་ཕྱི་ནས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་གྱི་སྟོབས་ཤུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པའི་བསྒྲགས་གཏམ་ཡང་སྤེལ་འདུག་ཁར། འདི་ལོར་རྒྱ་ནག་གི་རྒྱལ་སྲུང་མ་དངུལ་བརྒྱ་ཆ་ ༧།༢ ཙམ་སྤར་ཏེ་མཐའ་མཚམས་སྲུང་རྒྱ་སྐྱེད་གཏོང་རྒྱུ་དང་། དེའི་ཁྲོད་བོད་ནང་དང་དམིགས་བསལ་བོད་དང་ས་འབྲེལ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་ཕྱོགས་སུ་དམག་དོན་གྱི་འཛུགས་སྐྲུན་རྒྱ་སྐྱེད་ལ་སོགས་པའི་ལས་གཞི་མང་པོ་ཞིག་སྤེལ་རྩིས་ཡིན་པ་ཉམས་ཞིབ་པས་བརྗོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༡ པོ་ནས་བཟུང་རྒྱ་ནག་གཞུང་གིས་ལོ་ ༡༨ སོན་པའི་སྐྱེས་པ་ཚང་མས་ངེས་པར་དུ་དམག་ཞབས་ཐོ་འགོད་བྱེད་དགོས་པའི་བཀོད་ཁྱབ་བཏང་བ་གཞིར་བཟུང་། ཕྱི་ཟླ་ ༡ པོ་ནས་བཟུང་རྒྱ་ནག་གཞུང་གིས་འཕགས་བོད་མཐའ་མཚམས་སོགས་སུ་དམག་སྦྱོང་བྱེད་བཞིན་པའི་དྲིལ་བསྒྲགས་ཤུགས་ཆེན་བྱས་སོང་།

ལོ་རེའི་བོད་མིའི་རང་དབང་སྒེར་ལངས་བསླེབ་ལ་ཉེ་མཚམས་སུ། རྒྱ་ནག་གཞུང་གིས་བོད་ནང་དུ་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཏེ་དམ་དྲག་བྱས་དང་བྱེད་མུས་ཡིན་པ་ལྟར། ད་རེས་ཀྱང་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་འབྲེལ་ཡོད་དཔོན་རིགས་རྣམས་བོད་ཀྱི་ས་ཁུལ་འདྲ་མིན་དུ་མངགས་གཏོང་བྱས་ཏེ། བོད་ནང་དུ་དམ་དྲག་བྱེད་མགོ་བཙུགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese