མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་གིས་ཨོ་གླིང་དུ་གནས་སྡོད་བོད་མི་སེང་གེར་ཁྲིམས་ཆད་བཅད་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་དུ་གནས་སྡོད་བོད་མི་སེང་གེ་ཟེར་བས་༧གོང་ས་མཆོག་ལ་མཚན་སྨད་དང་བོད་མིའི་སྒྲིག་འཛུགས་རྩ་མེད་གཏོང་དགོས་པ་སོགས་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་བར་བརྟེན། རྒྱ་གར་གཞུང་གིས་སེང་གེ་རྒྱ་གར་དུ་ཡོང་མི་ཆོག་ཁར་ད་དུང་ནག་ཉེས་གཞན་མང་པོ་བསགས་ཡོད་པའི་གནས་ཚུལ་ཐོན་འདུག

Photo Credit: Lawforeverything.com

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་བསྒྲགས་པའི་རྒྱ་གར་དབུས་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། འདས་ལོར་༧གོང་ས་མཆོག་ལ་མཚན་སྨད་དང་འཇིགས་སྐུལ་བྱས་པའི་གནད་དོན་དང་འབྲེལ་ནས། ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱས་པའི་རྒྱ་གར་གཞུང་གི་ཉེས་ཁྲིམས་གསར་པ་ (BNS) ཞེས་པའི་འོག་ནས་ཨོ་གླིང་དུ་གནས་སྡོད་བོད་མི་སེང་གེ་ཟེར་བ་རྒྱ་གར་ནང་ཡོང་རྒྱུ་བཀག་སྡོམ་བྱས་ཡོད་པའི་ཁར།  ཁོས་རྒྱ་གར་གྱི་སྤྱི་ཚོགས་བརྟན་ལྷིང་ལ་གནོན་སྐྱོན་དང་གཏོར་བཤིག་བཏང་སྟེ་རྒྱ་གར་གྱི་སྤྱི་ཚོགས་དཀྲུགས་ཐབས་བྱས་ཡོད་པ་སོགས་ཀྱི་ནག་ཉེས་བསགས་ཡོད་འདུག

རྒྱ་གར་གྱི་གསར་ཁང་ (News18) གིས་སྤེལ་བའི་གནས་ཚུལ་ནང་། སེང་གེ་ཡིས་ (waging war against India) རྒྱ་གར་ལ་འཁྲུག་རྐྱེན་ནམ་འཐབ་འཁྲུག་བསླངས་ཡོད་པའི་ནག་ཉེས་བསགས་ཡོད་པར་བརྗོད་འདུག་པས། ཕྱི་ལོ་ ༢༠༢༤ ལོའི་རྒྱ་གར་གྱི་ཉེས་ཁྲིམས་ (BNS) གསར་བའི་ནང་གསེས་དོན་ཚན་ ༡༤༧ པ་ལྟར་ན། རྒྱ་གར་གཞུང་ལ་འཐབ་འཁྲུག་བསླངས་ཚེ། ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་ཕོག་གི་ཡོད་པ་གསལ་འདུག

དེ་འབྲེལ་གནས་ཚུལ་ནང་། ༧གོང་ས་མཆོག་ལ་འཇིགས་སྐུལ་བྱས་པའི་གནད་དོན་དེར་རྒྱ་གར་གཞུང་གིས་ཆེས་གཟབ་ནན་གྱིས་ལྟ་ཞིབ་བྱེད་བཞིན་ཡོད་ཅིང་། ༧གོང་ས་མཆོག་དང་འབྲེལ་བའི་གནད་དོན་དེས་བོད་པའི་སྤྱི་ཚོགས་ཙམ་དུ་མ་ཟད། རྒྱལ་སྤྱིའི་སྟེང་གི་རྒྱ་གར་གྱི་མཚན་སྙན་ལའང་གནོན་སྐྱོན་བཟོ་ཡི་ཡོད། སེང་གེ་ཡིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གནས་ཚུལ་བྱུང་རྗེས། རྒྱ་ནག་གཞུང་གིས་བོད་མི་ཁག་ཅིག་བཀོལ་སྤྱོད་བྱས་ཏེ་བཙན་བྱོལ་བོད་མིའི་བར་འགལ་ཟླ་བསླངས་ཏེ་སྤྱི་ཚོགས་ཀྱི་འཆམ་མཐུན་གཏོར་བརླག་གཏོང་ཐབས་བྱས་ཡོད་ཅེས་གསང་བའི་ལས་ཁུངས་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད་པ་སོགས་བརྗོད་འདུག

འདས་ལོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་། སྤྱི་འཐུས་མང་པོས་བོད་མི་སེང་གེས་སྒེར་གྱི་ངོ་དེབ་སྟེང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་དང་འཇིགས་སྐུལ་བྱས་པའི་གནད་དོན་གླེང་སློང་ཤུགས་ཆེན་བྱས་ཏེ། བཀའ་ཤག་ནས་ཚོགས་ཆུང་འཛུགས་དགོས་པ་དང་སྐུ་ཚབ་དོན་གཅོད་ལས་ཁུངས་སོགས་བརྒྱུད་ནས་ཨོ་གླིང་གཞུང་ལ་ཞུ་གཏུགས་གནང་དགོས་པ་སོགས་ཀྱི་གླེང་སློང་བྱུང་ཡོད་ལ། དེ་བཞིན། འདས་ལོའི་ཕྱི་ཟླ་ ༩ ནང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གཙོ་བྱས་པའི་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་རིགས་ཚོགས་པ་ཁག་གིས་ཀྱང་སེང་གེ་ལ་སྐྱོན་བརྗོད་དང་ངོ་རྒོལ་བསྒྲགས་གཏམ་སྤེལ་ཡོད།

དེ་འབྲེལ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་། དབུས་གཙང་དང་མདོ་སྟོད། མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བཅས་ཀྱིས་ངོ་རྒོལ་བསྒྲགས་གཏམ་སྤེལ་བའི་ནང་། དང་པོ། ཉེ་ཆར་ཨོ་གླིང་ལྷོ་ཕྱོགས་ས་ཁུལ་ཨ་ཌེལ་ལེ་ཌེ་ (Adelaide) ཞེས་པར་གནས་སྡོད་དངོས་མིང་ལ་སེང་གེ་དང་། དྲ་མིང་གངས་སེང་ཟེར་མཁན་ཞིག་སྙིང་ཁམས་གདོན་གྱིས་བརླན་ཏེ། རང་ཅག་གངས་ཅན་པ་ཡོངས་ཀྱི་དཔྲལ་བའི་མིག་དང༌། ཁོག་པའི་སྙིང་ལྟ་བུ་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་ཚད་ལས་བརྒལ་བའི་མཚན་སྨད་དང༌། ༧མགོན་པོ་གང་གི་སྐུ་སྲོག་ལ་འཇིགས་སྐུལ་བྱས་པ་མ་ཟད། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ལ་དགྲ་བོའི་འདུ་ཤེས་བཟུང་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་བའི་བསམ་ངན་སྦྱོར་རྩུབ་ཀྱིས་བརྒྱུད་སྐུལ་བྱས་པར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བརྒྱད་ཀྱི་ཁྱབ་ཁོངས་རྒྱ་ཆེའི་མི་མང་ཡོངས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། གཉིས་པ། སེང་གེ་ཟེར་བས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་སྲོག་ལ་དོ་ཕོག་གཏོང་སེམས་ཀྱིས་སྒྲ་གཟུགས་གཉིས་ཐོག་ནས་མཚན་སྨད་བསམ་ཡུལ་ལས་འདས་པ་བྱས་པར་བརྟེན། ཚོགས་པ་ཁག་བརྒྱད་ཀྱི་ངོས་ནས་མི་དེ་བོད་མི་རིགས་ཀྱི་ཆིག་སྒྲིལ་གཏོར་བཤིག་པ་དང་འཇིགས་སྐུལ་བར་ངོས་འཛིན་ཐོག་གནས་ཡུལ་རྒྱ་གར་གཞུང་དང༌། ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ། ཁོས་སྤྱི་ཚོགས་སུ་བཀྲམ་པའི་སྒྲ་གཟུགས་གཉིས་དང༌། ཁོའི་ལོ་རྒྱུས་སོགས་མཁོ་སྤྲོད་ཀྱིས་༧མགོན་པོ་གང་ཉིད་ཀྱི་༧སྐུའི་བདེ་འཇགས་དང་འབྲེལ་བའི་ཐོག རྒྱ་གར་ལ་ཡོང་མི་འཇུག་པའི་འབོད་སྐུལ་ཞུ་རྒྱུ་ཡིན། གསུམ་པ། འཇིགས་སྐུལ་བ་སེང་གེས་༧གོང་ས་མཆོག་ལ་འཇིགས་སྐུལ་བྱས་པའི་བྱ་སྤྱོད་འདི་འཛམ་གླིང་རྒྱལ་སྤྱི་དང༌། གནས་ཡུལ་རྒྱལ་ཁབ་ཀྱིས་འཇིགས་སྐུལ་བར་ངོས་འཛིན་གང་ཡོད་ལྟར། དབུས་བོད་མིའི་སྒྲིག་འཛུགས་གཙོས་འབྲེལ་ཡོད་ནས་ཁྲིམས་གཏུགས་ཞུ་དགོས་པའི་འབོད་སྐུལ་དང༌། ཁྲིམས་གཏུགས་སོགས་ལས་འགུལ་སྤེལ་སྐབས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བརྒྱད་ནས་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ཡིན། བཞི་པ། མིང་ལ་སེང་གེ་ཟེར་བའི་བཀའ་དྲིན་བསམ་མེད་ཀྱི་མི་དེའི་རྒྱབ་ལྗོངས་རྩད་གཅོད་དང་འབྲེལ་ཡོད་སུ་ཡོད། བདེ་སྲུང་གཙོས་འབྲེལ་ཡོད་ཁག་གིས་སེང་གེ་ཟེར་བའི་མི་དེའི་རྒྱབ་ལྗོངས་དང་འབྲེལ་ཡོད་སུ་ཡིན་མིན་རྩད་གཅོད་ཀྱིས་ཞིབ་དཔྱོད་ནན་འདྲོངས་དང༌། དེ་རིགས་རྒྱ་ཡན་དུ་མི་གཏོང་བར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།

འདས་ལོར་བོད་མི་སེང་གེ་ཡིས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་གཉིས་རྩ་མེད་དུ་གཏོང་དགོས་པ་སོགས་བློ་ཡུལ་ལས་འདས་པའི་སྐྱོན་བརྗོད་བྱས་པ་དང་། ཁོས་ལོ་ཤས་གོང་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མགོ་བཙུགས་ཡོད་པར་བརྟེན། ནང་མི་གཉེན་ཉེ་སོགས་ཀྱིས་ཁ་ཏ་བསླབ་བྱ་བརྒྱབ་པར་ཉན་འཇོག་བྱས་མེད་པ་རེད། སེང་གེ་ནི་ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་དུ་འབྱོར། ཕྱི་ལོ་ ༢༠༠༧ ལོར་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གཞིས་སྤོའི་ལས་གཞིའི་ཁོངས་ནས། ཨོ་གླིང་དུ་འགྲོ་རྒྱུའི་གོ་སྐབས་ཐོབ། ཁོའི་དྲ་མིང་ལ་གངས་སེང་དང་ཆོས་མིང་ལ་བློ་བཟང་རྒྱ་མཚོ་ཟེར་ཞིང་། ཨོ་གླིང་གི་ལྷོ་ཕྱོགས་ས་ཁུལ་ Adelaide ཞེས་པར་སྡོད་ཀྱིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༤ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese