མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་སྐུ་མགྲོན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་རྒྱ་ནག་གུང་ཁྲན་གྱིས་བོད་ནག་གསུབ་གཏོང་བའི་རེ་བ་བརྒྱབ་ཡོད་ཀྱང་ཁོ་ཚོས་ཐུབ་ཡོད་པ་མ་རེད་ཅེས་གསུངས་འདུག

གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་སྐུ་མགྲོན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༥།༣།༡༠ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༦ པའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཕེབས་པའི་སི་ལོ་ཝ་ཀི་ཡའི་སྲིད་འཛིན་ཟུར་པ་ཨན་ཌི་རེ་ཇི་ཀི་སི་ཀ་ (Andrej Kiska ) མཆོག་དང་།ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་ཀུ་ཀེ་ལེ་ད་རཱི་ཌི་ (Juku-Kalle Raid)མཆོག་གིས་སྣེ་འཁྲིད་པའི་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་སྩལ་ཡོད་འདུག

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུམ་བཅུའི་དུས་དྲན་དང་འབྲེལ་ནས། སྐབས་དེར་ང་ཚོ་བོད་པ་རྣམས་དངོས་གནས་དྲང་གནས་འུ་ཐུག་སྟེ་སྐད་འབོད་བྱས་པ་རེད། ངོས་ཀྱིས་ཀྱང་སྐབས་དེར་བྱེད་ཁག་པོ་བྱུང་། ཐབས་ཤེས་གང་ཡང་མ་བྱུང་བར་བརྟེན་ནོར་བུ་གླིང་ཁ་ནས་འཐོན་རྒྱུ་ཐག་བཅད་པ་རེད། ནོར་བུ་གླིང་ཁ་ནས་ཚུར་ཅུང་ཙམ་འབྱོར་རྗེས་སེམས་ཏོག་ཙམ་སྐྱོ་བྱུང་། ལྷ་སའི་གཙང་བོ་ནས་ཆུའི་ཕར་ཕྱོགས་སུ་བརྒལ་དུས། ངོས་ཀྱི་རྟ་ཁྲིད་མཁན་ས་གནས་གྲོང་གསེབ་པ་དེས་ས་འདི་ནས་མ་གཏོགས་ལྷ་ས་གཟིགས་ཐུབ་ཀྱི་མེད་པས། ས་འདི་ནས་ལྷ་སར་ཞལ་གཟིགས་གནང་རོགས་ཟེར། དེ་ནས་ངོས་ཀྱིས་རྟ་ཁ་ལྷ་སའི་ཕྱོགས་སུ་བསྒྱུར་ཏེ་སྨོན་ལམ་བརྒྱབ་པ་ཡིན། ལྷ་སའི་གཙང་བོ་བརྒལ་སྟེ་ལྷོ་རྒྱུད་ཀྱི་རི་སྒང་དུ་སླེབས་སྐབས། རྒྱ་ནག་གཞུང་གི་བཙན་དབང་འོག་ནས་ཐར་སོང་བསམ་པའི་དགའ་སྣང་ཞིག་ཀྱང་བྱུང་། རྒྱ་ནག་གུང་ཁྲན་གྱིས་བོད་ནག་གསུབ་གཏོང་བའི་རེ་བ་བརྒྱབ་ཡོད་ཀྱང་ཁོ་ཚོས་ཐུབ་ཡོད་པ་མ་རེད།  ཅེས་གསུངས་འདུག

དེ་བཞིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་གཞུང་འབྲེལ་མཛད་སྒོ་གྲུབ་རྗེས། གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སི་ལོ་ཝ་ཀི་ཡའི་སྲིད་འཛིན་ཟུར་པ་ཨན་ཌི་རེ་ཇི་ཀི་སི་ཀ་མཆོག་དང་།ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་ཀུ་ཀེ་ལེ་ད་རཱི་ཌི་མཆོག་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་ཅིང་། སྐབས་དེར་སྐུ་ཞབས་ཇུ་ཀུ་ཀེ་ལེ་རེཌ་མཆོག་གིས། ཨེ་སི་ཊོ་ནི་ཡས་བོད་དོན་ཐོག་ལངས་ཕྱོགས་བརྟན་པོ་ཡོད་པ་ནན་བརྗོད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གི་འཁྱོག་བརྗོད་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གིས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཞུ་དགོས་པའི་སྐོར་དང། དེ་བཞིན་རྒྱ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ཀྱིས་འཛམ་གླིང་གི་མགོ་ཁྲིད་རྣམས་ལ་འཇིགས་སྐུལ་བྱེད་བཞིན་ཡོད་སྐོར་གསུངས་འདུག

སི་ལོ་ཝ་ཀི་ཡའི་སྲིད་འཛིན་ཟུར་པ་ཨན་ཌི་རེ་ཇི་ཀི་སི་ཀ་མཆོག་དང་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་ཀུ་ཀེ་ལེ་ད་རཱི་ཌི་མཆོག་གཉིས་ཀྱིས་གསར་འགོད་ལྷན་ཚོགས་བསྐོངས། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༥།༣།༡༠

སྐུ་ཞབས་ཨན་ཌི་རེ་ཇི་ཀི་སི་ཀ་མཆོག་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཁོང་སྒེར་གྱི་འབྲེལ་ལམ་སྐོར་དང་། ཁོང་གིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་བའི་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད།  ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཀྱིས་མགོན་པོ་གང་ཉིད་ཀྱི་མི་ཚེ་དང་། བོད་ཀྱི་ལོ་རྒྱུས། བོད་མིའི་ཡུན་རིང་འཐབ་རྩོད་ཐོག་གོ་རྟོགས་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་སྐོར་གསུངས་འདུག

ཡང་ཁོང་གིས། ལོ་ངོ་ ༣༠ གོང་དུ་དཔེ་མཛོད་ཁང་ནས་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་མཛད་པའི་ཕྱག་དེབ་ཅིག་བཀླགས་ཏེ་སེམས་འགུལ་ཧ་ཅང་ཐེབས་པ་དང་།  རྗེས་སུ་སི་ལོ་ཝ་ཀི་ཡའི་སྲིད་འཛིན་གྱི་ལས་ཡུན་སྐབས་སུ་མི་མང་ལ་ཕན་ཐོགས་བྱུང་ཡོད། དེ་བཞིན་༧གོང་ས་མཆོག་སི་ལོ་ཝ་ཀི་ཡའི་རྒྱལ་ཁབ་ཏུ་གདན་འདྲེན་ཞུ་ཐུབ་པར་དགའ་ཚོར་བྱུང་བ་མ་ཟད།  སྐབས་དེར་མགོན་པོ་གང་ཉིད་མཆོག་ནས་རང་ཉིད་ཀྱིས་ཡུལ་དེར་བཙུགས་པའི་བྱིས་པའི་དགེ་རྩ་ཚོགས་པར་ཞལ་འདེབས་གནང་བ་དེས་ཕྲུ་གུ་རྣམས་ལ་བཀའ་དྲིན་ཆེན་པོ་བྱུང་སྐོར་གསུངས་འདུག

དེ་བཞིན་ཁོང་གིས། རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ལ་ངོ་རྒོལ་བྱེད་དགོས་པ་དང་།  བོད་ནང་གི་བོད་མིའི་དཀའ་ངལ་འཛམ་གླིང་ཡོངས་སུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པ་མ་ཟད། བོད་ཀྱི་བདེན་པའི་འཐབ་རྩོད་ལ་ངོས་འཛིན་གྱིས་རྒྱབ་སྐྱོར་ཤུགས་ཆེན་ཡོང་བའི་འབོད་སྐུལ་དང་།  བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་དོན་ཐོག་དམིགས་བསལ་འབད་བརྩོན་བྱེད་དགོས་སྐོར་གསུངས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese