མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩིས་ལོ་ ༢༠༢༥ ་་ ༢༠༢༦ ལོའི་སྔོན་རྩིས་གཏན་འབེབས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བ་དབུ་ཚུགས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནང་ངོས་འཛིན་གསལ་བོ་ཡོང་བར་ཐབས་ལམ་མྱུར་དུ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དགུ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༥།༣།༡༧

ལོ་རེའི་ཕྱི་ཟླ་གསུམ་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གཉིས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབས་གནང་སྲོལ་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་ཉི་འོད་དྲོ་ཞིང་འཇམ་ལ་བོད་མི་མང་སྤྱི་འཐུས་རྣམ་པས་བོད་ཆས་གཙང་མ་རེ་གྱོན་ཏེ། གྲོས་ཚོགས་ཀྱི་ཚོགས་ཁང་དུ་འཛུལ་ནས་ཡུན་རིང་མ་འགོར་བའི་བར་ཏེ། སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་དབུ་འཛུགས་གནང་སོང་བ་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་དང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས། སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་ལགས་བཅས་ཀྱིས་ཉིན་འགའི་རིང་དགོངས་པ་ཞུས་པ་མ་གཏོགས། གཞན་སྤྱི་འཐུས་ཚང་མ་ལྷན་འཛོམས་ཀྱི་ཐོག་ནས་འབྱུང་འགྱུར་ལས་ཉིན་ ༡༣ རིང་རྩིས་ལོ་ ༢༠༢༥ ་་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་རྒྱུ་ཡིན་ཞིང་། དམིགས་བསལ་གྱིས་ད་ལན་ཁྲིམས་ཞིབ་ཁང་དང་འབྲེལ་བའི་ཁྲིམས་ཡིག་དོན་ཚན་གསུམ་དང་། ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་སྟངས་འཛིན་གྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་ས་ཁང་སྒྲིག་གཞི།  མཛད་གཙོ་རྣམ་པའི་ཐོང་ཐང་དང་འཕོ་འགྱུར་གྱི་སྒྲིག་གཞི་སོགས་བཅའ་ཁྲིམས་དོན་ཚན་ཁག་ཅིག་བསྐྱར་བཅོས་གནང་རྒྱུ་ཡིན་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། གསུམ་བཅུའི་དུས་དྲན་ནི་བོད་མི་ཡོངས་ཀྱིས་དུས་ནམ་ཡང་བརྗེད་དུ་མེད་པའི་དུས་དྲན་གལ་ཆེན་པོ་ཞིག་ཆགས་ཡོད། ཡིན་ནའང་ཡིད་སྐྱོ་བ་དང་གནས་སྟངས་སྡུག་པོ་ཞིག་ནི་བོད་ནང་གི་བོད་མི་རྣམས་ཆགས་བསྡད་ཡོད། ཕྱི་ཟླ་གསུམ་པ་མགོ་བཙུགས་པ་ནས་བོད་ནང་དུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད། ང་ཚོས་གོ་ཐོས་སུ་ཕྱི་ཟླ་གསུམ་པའི་སྐབས་བོད་ནང་གི་མཐོ་སློབ་ཁག་གི་སློབ་མ་རྣམས་ཕྱི་ལོགས་སུ་འགྲོ་མི་ཆོག་པ་དང་། འདུ་འཛོམས་དང་སོ་སོའི་བསམ་ཚུལ་སྟོན་པའི་གོ་སྐབས་མེད་པ་རེད། ས་གནས་དང་དགོན་སྡེ་ཁ་ཤས་སུ་ཕྱི་ཟླ་གསུམ་པ་ཧྲིལ་པོར་སློབ་གསོའི་ལས་འགུལ་སྤེལ་བའི་གནས་སྟངས་བྱུང་འདུག ང་ཚོའི་ངོས་ནས་ཉིན་མོ་དེར་གལ་ཆེན་པོ་བརྩིས་ཡོད་པ་བཞིན་རྒྱ་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག རྒྱ་གཞུང་གིས་བོད་མིའི་བསམ་ཚུལ་ལེན་ཐུབ་ཚེ་གནས་ཚུལ་ཆ་ཚང་རྟོགས་ཀྱི་ཡོད་ཀྱང་། ལོ་ངོ་ ༦༦ རིང་རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱས་ཡོད་པ་དང་། ད་དུང་མུ་མཐུད་དུ་དྲག་གནོན་བྱས་ཏེ་གནས་རྒྱུ་ཡིན་མིན་དྲི་བ་ཆགས་ཡོད། གསུམ་བཅུའི་དུས་དྲན་གྱི་ཕྱི་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གཞུང་ལ་འཐབ་རྩོད་དང་འབྲེལ་བའི་(voice for voiceless )དབྱིན་ཡིག་གི་ཕྱག་དེབ་གསར་བ་ཞིག་དབུ་འབྱེད་གནང་ཡོད།  རྒྱལ་སྤྱིའི་གསར་ལམ་ཁག་ནས་དེའི་ཐོག་དོ་སྣང་ཧ་ཅང་ཆེན་པོ་ཞིག་བྱུང་སོང་། དེའི་ནང་ནས་ཀྱང་༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་ཐོག་གནས་ཚུལ་མང་པོ་ཐོན་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་བཅུའི་དུས་དྲན་གསུང་བཤད་ནང་ཡང་སྲིད་ཕེབས་ཕྱོགས་སྐོར་ཁ་གསལ་འཁོད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་སྐུའི་ཡང་སྲིད་དང་བོད་ཀྱི་གནད་དོན་ཐོག་དོ་སྣང་ཤུགས་ཆེན་འགྲོ་བ་དང་བསྟུན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་དེའི་ཐོག་ལན་འདེབས་གནང་བའི་གནས་སྟངས་བྱུང་སོང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་དེ་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་འགྲོ་སྟངས་ཐོག་འགྲོ་དགོས་པ་ཞིག་ཆགས་ཡོད། ལྷག་པར་དུ་ཡང་སྲིད་ཞེས་པ་སྐུ་གོང་མའི་མཛད་པ་འཕྲིན་ལས་མཐའ་སྐྱོང་གནང་མཁན་ཞིག་ཆགས་ཡོད། རྒྱ་ནག་གིས་ཆབ་སྲིད་ཀྱི་དགོས་མཁོ་དང་འབྲེལ་བའི་ཐོག་ནས་ལག་པ་བརྐྱངས་བསྡད་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་ནང་། རྒྱ་ནག་མི་མང་བཅས་ཀྱིས་ཡིད་ཆེས་བྱེད་མི་ཐུབ་པའི་གནས་སྟངས་གསལ་བོ་ཆགས་ཡོད། དེའི་ཐོག་ང་ཚོས་བསྒྲུབ་དགོས་པའི་གནད་དོན་ཅིག་ཡོད། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡང་སྲིད་ཕེབས་ཕྱོགས་སྐོར་ཡོངས་ཁྱབ་ཡིག་ཆ་ཞིག་གསལ་བསྒྲགས་གནང་ཡོད། དེའི་ནང་དུ་༧གོང་ས་མཆོག་ནས་ངོས་རང་རྒྱལ་བ་དགེ་འདུན་གྲུབ་པའི་སྐུ་ཚེའི་དུས་ཚོད་ཅིག་ལ་ཕེབས་ཚེ།༧སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་གནས་སྟངས་ཐོག་ཡིག་ཐོག་ནས་གསལ་བོ་འཇོག་རྒྱུ་ཡིན་པའི་བཀའ་ཕེབས་ཡོད། ཉེ་ཆར་བཏོན་པའི་༧གོང་ས་མཆོག་གི་ཕྱག་དེབ་དེའི་ནང་དུ་༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་ཁ་གསལ་གྱིས་གསལ་བསྒྲགས་གནང་རྒྱུའི་དགོངས་གཞི་ཞིག་འདུག རྒྱལ་སྤྱིའི་སྤྱི་ཚོགས་ནང་༧སྐུའི་ཡང་སྲིད་བྱེད་ཕྱོགས་ཐད་ངོས་འཛིན་གསལ་བོ་བྱུང་བར་ཐབས་ལམ་མྱུར་དུ་བྱ་རྒྱུ་གལ་ཆེན་པོ་རེད།  ཅེས་གསུངས་སོང་།

དེ་བཞིན་ཚོགས་གཙོ་མཆོག་གིས། ཉེ་ལམ་རྒྱ་ནག་གི་སྲིད་གྲོས་ཚོགས་ཆེན་དང་རྒྱ་ནག་འཐུས་མི་ཚོགས་ཆེན་གཉིས་འཚོགས་པ་རེད། དེ་ལ་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་ཐོག་ནས་བལྟས་ཚེ། རྒྱ་ནག་ནང་དཔལ་འབྱོར་གནས་བབ་ཐོག་གདོང་ལེན་བྱ་དགོས་པའི་བགྲོ་གླེང་གནང་ཡོད། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཁག་ནས་བོད་ཕྱི་ཕྱོགས་ཀྱིས་བོད་ནང་གི་གནས་སྟངས་འགྲེལ་བརྗོད་གནང་བ་དངོས་ཡོད་མིན་པ་དང་། བོད་ནང་དུ་ཡར་རྒྱས་དང་བདེ་སྐྱིད་ཡོད་པ་མུ་མཐུད་དུ་དྲིལ་བསྒྲགས་བྱེད་བཞིན་འདུག  གསུམ་བཅུའི་དུས་དྲན་སྐབས་རྒྱ་གཞུང་གིས་བོད་ནང་དམིགས་བསལ་དམ་དྲག་བྱེད་བཞིན་ཡོད་ཀྱང་། གཞིས་ལུས་བོད་མིའི་ལྷག་བསམ་དང་སེམས་ཤུགས་ཧ་ལས་པ་ཆགས་བསྡད་ཡོད། ཡིན་ནའང་། རྒྱ་གཞུང་གི་འོག་ཏུ་འགྲོ་དགོས་མཁན་རིགས་ཀྱིས་དེ་ལྟར་བཤད་བསྡད་ཡོད། དངོས་ཡོད་གནས་ཚུལ་ཐོག་དེ་ལྟར་མིན་པའི་ལན་རྒྱག་ཐུབ་པའི་གདོང་སྤོབས་ཡོད། ང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༦ འགྲོ་བཞིན་པའི་དུས་ཡུན་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དང་། བོད་པའི་མི་རབས་རྒན་པ་དང་ད་ལྟའི་མི་རབས། རྒྱལ་སྤྱིའི་སྤྱི་ཚོགས། གནས་ཡུལ་རྒྱ་གར་གཞུང་གི་མཐུན་སྦྱོར་དང་རྒྱབ་སྐྱོར་སོགས་ལ་བརྟེན་ནས། བོད་ཀྱི་རྩ་དོན་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང་སོགས་གསོན་པོར་གནས་ཐུབ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དོ་སྣང་བསླེབས་པའི་གནས་སྟངས་ཤིག་ཆགས་ཡོད། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་། གནད་ཡོད་མི་སྣ་རྣམས་ཀྱིས་ནུས་པ་ཆེ་རུ་གཏོང་བར་མུ་མཐུད་འགན་འཁུར་གྱི་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་ཚོགས་ཐོག་ཏུ་རྒྱ་གར་གྱི་སྲིད་བློན་ཟུར་པ་མན་མོ་ཧན་སིངྒ་མཆོག་དང་། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇི་མིའི་ཀ་ཊར་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་ལགས། ༧སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་འགྲུབ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས། བོད་མི་མང་སྤྱི་འཐུས་སྐབས་དྲུག་པའི་སྤྱི་ཟུར་ཆོས་རྗེ་སྒ་ཨཿདབྱངས་སྤྲུལ་སྐུ་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་པ་དང་བཅུ་བཞི་པའི་སྤྱི་ཟུར་འཁོར་ཚ་བསོད་ནམས་དགྲ་འདུལ་ལགས། བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་སྤྱི་ཟུར་སྨན་པ་ཁྱུང་ལུང་ཐོགས་མེད་ལགས་བཅས་དགོངས་པ་རྫོགས་ཡོད་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་བཏོན་གནང་སོང་བ་མ་ཟད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྔོན་རྩིས་འགོད་འབུལ་སྐོར་གྱི་གསུང་བཤད་གནང་ཞིང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཚོགས་ཆུང་གི་སྙན་ཐོ་སྒྲོག་སྦྱངས་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese