མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་མི་སེར་ལག་འཁྱེར་རྫུན་མ་བཀོལ་མཁན་རྣམས་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་གཅད་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་བཏོན་པའི་གྲོས་གཞིའི་ཁྲོད་རྒྱ་གར་གྱི་མི་སེར་ལག་འཁྱེར་རྫུན་མ་བཟོ་མཁན་རིགས་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཆད་དང་ཧིན་སྒོར་འབུམ་བཅུ་ཡི་ཉེས་ཆད་གཅད་རྒྱུ་ཡིན་འདུག

Representational image .photo :Telangana Today

ཉེ་ལམ་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་རྒྱ་གར་གྲོས་ཚོགས་སུ་རྒྱ་གར་གྱི་གནས་སྤོར་དང་འབྲེལ་བའི་གྲོས་གཞི་ (India’s new immigration Bill) གསར་པ་ཞིག་བཏོན་ཡོད་ཅིང་། གལ་ཏེ་གནས་སྤོར་གྲོས་གཞི་དེ་རྒྱ་གར་གྲོས་ཚོགས་སུ་གཏན་འབེབས་བྱུང་ཚེ། རྒྱ་གར་གྱི་མི་སེར་ལག་འཁྱེར་རྫུན་མ་བཀོལ་ནས་རྒྱ་གར་དུ་འཛུལ་མཁན་དང་། ཁྲིམས་མཐུན་མིན་པའི་ཐོག་ནས་རྒྱ་གར་མི་སེར་ལག་འཁྱེར་བཟོས་ཏེ་ཐོངས་མཆན་བཀོལ་མཁན་རྣམས་ལ་མི་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཆད་དང་ཧིན་སྒོར་འབུམ་བཅུ་ཡི་ཉེས་ཆད་གཅད་རྒྱུ་ཡིན་འདུག

རྒྱ་གར་གྱི་གནས་སྤོར་དང་འགྲོ་འོང་གི་གནད་དོན་དང་འབྲེལ་བའི་ཆེས་མཐོའི་མི་སྣ་ཞིག་གིས། ཁྲིམས་འཆར་འདིས་རྒྱ་གར་ནང་ཁྲིམས་འགལ་གྱིས་གནས་སྡོད་བྱེད་མཁན་གྱི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོང་རྒྱུ་མ་ཟད། རྒྱ་གར་ནང་དུས་ཡུན་ལས་བརྒལ་ཏེ་གནས་སྡོད་བྱེད་མཁན་ཕྱི་རྒྱལ་བ་རྣམས་ཀྱི་འགྲོ་འོང་ལ་རྗེས་འདེད་གཏོང་རྒྱུར་དེ་བས་ཀྱང་ཕན་ཐོགས་ཡོད་ཅིང་། དེས་བརྩི་སྲུང་གི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུར་ཡང་ཕན་ཐོགས་ཡོད།  ཅེས་བརྗོད་འདུག

ཕྱི་ཟླ་ ༣ ཚེས་ ༡༡ ཉིན་གྲོས་ཚོགས་འོག་མའི་གྲོས་འཆར་ནང་། རྒྱ་གར་དུ་འཛུལ་མཁན་ནམ་གནས་སྡོད་མཁན། ཡང་ན་རྒྱ་གར་ནས་ཕྱིར་ཐོན་ཆེད་མི་སེར་ལག་འཁྱེར་བེད་སྤྱོད་བྱས་པ། ཡང་ན་འགྲུལ་བཞུད་ཡིག་ཆ་གཞན། དེ་བཞིན་ཕྱིར་སྐྱོད་ཐོངས་མཆན་བེད་སྤྱོད་གཏོང་མཁན་སུ་ཞིག་ཡིན་རུང་། ལོ་གཉིས་ལས་མི་ཉུང་བའི་བཙོན་འཇུག་ཉེས་ཆད་གཅད་རྒྱུ་ཡིན་ཡང་། ལོ་བདུན་བར་དུ་བསྲིང་ཆོག་པ་མ་ཟད་དངུལ་ཆད་ཀྱང་སྒོར་འབུམ་གཅིག་ལས་མི་ཉུང་བ་དང་འབུམ་བཅུ་བར་དུ་སྤར་ཆོག ཅེས་གསལ་འདུག་ལ། ནང་སྲིད་ལྷན་ཁང་གིས་བཏོན་པའི་གྲོས་གཞི་དེའི་ཁྲོད།  མགྲོན་ཁང་དང་གཙུག་ལག་སློབ་གྲྭ། སློབ་གསོའི་སྡེ་ཚན། སྨན་ཁང་དང་སྨན་གཡོག་ཁང་ཚོས། རྒྱ་གར་ནང་གནས་སྡོད་ཀྱི་དུས་ཡུན་རྫོགས་ཟིན་པའི་ཕྱི་རྒྱལ་བ་རྣམས་ཀྱི་གནས་ཚུལ་ངེས་པར་དུ་སྙན་སེང་ཞུ་དགོས་སྐོར་སོགས་གསལ་འདུག

ཕྱི་ལོ་ ༢༠༢༥ ལོའི་ཕྱི་རྒྱལ་མི་སེར་དང་གནས་སྤོར་བཅའ་ཁྲིམས་ནི་ཕྱི་རྒྱལ་མི་སེར་དང་གནས་སྤོར་དང་འབྲེལ་བའི་ཁྲིམས་བཟོ་ཞིག་ཡིན་ཞིང་། དེ་ནི་རྒྱ་གར་གྱི་ཕྱི་མིའི་སྐྱོད་སྡོད་དང་རྒྱ་གར་གྱི་གནས་སྤོར་དང་འབྲེལ་བའི་ཁྲིམས་འཆར་བཞིའང་དེའི་ཁོངས་སུ་འདུས་ཡོད་སྐོར་གསལ་ཡོད་པ་མ་ཟད། དོན་གནད་གསར་པ་ཁག་ཅིག་ཀྱང་ཁ་སྣོན་བྱས་ཡོད་ཅིང་། སྤྱིར་རྒྱ་གར་གྱི་ཕྱི་རྒྱལ་མི་སེར་རྣམས་གནས་སྤོར་དང་འབྲེལ་བའི་གནད་དོན་རྣམས་བཅའ་ཁྲིམས་བཞི་བརྒྱུད་ནས་འཛིན་སྐྱོང་བྱེད་བཞིན་ཡོད་པ་ལས།  དེ་དག་ནི་ཕྱི་ལོ་ ༡༩༢༠ ལོའི་ཕྱི་སྐྱོད་ལག་དེབ་(རྒྱ་གར་ནང་འཛུལ་ཞུགས།) བཅའ་ཁྲིམས་དང་། ཕྱི་ལོ་ ༡༩༣༩ ལོའི་ཕྱི་རྒྱལ་མི་སེར་ཐོ་འགོད་བཅའ་ཁྲིམས། ཕྱི་ལོ་ ༡༩༤༦ ལོའི་ཕྱི་རྒྱལ་མི་སེར་བཅའ་ཁྲིམས། ཕྱི་ལོ་ ༢༠༠༠ ལོའི་གནས་སྤོར་(སྐྱེལ་འདྲེན་པའི་འགན་འཁྲི།)བཅའ་ཁྲིམས་བཅས་ཡིན་འདུག

རྒྱ་གར་ཕྱི་དྲིལ་ལས་ཁུངས་དང་ཡན་ལག་ལས་ཁུངས་ཁག་གིས། རྒྱལ་ཁབ་གཞན་གྱི་མི་སེར་རྣམས་ལ་རྒྱ་གར་གྱི་ཐོངས་མཆན་སྤྲོད་ཆོག་པ་མ་ཟད། རྒྱ་གར་ནང་གནས་སྡོད་གནས་སྤོར་ལས་ཁུངས་ (BoI)  ཀྱིས། རྒྱལ་ཁབ་༡༦༧ གྱི་མི་སེར་ལ་རིགས་མི་འདྲ་བ་བདུན་དང་། ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཡུ་ཨེ་ཨི་ ( UAE) བཅས་ཀྱི་མི་སེར་ལ་འབྱོར་འཕྲལ་ཐོངས་མཆན་སྤྲོད་ཀྱིན་ཡོད་ཅིང་། རྒྱ་གར་ནང་གནས་སྡོད་དང་གནས་སྤོར་ལས་ཁུངས་དང་། རྒྱ་གར་དབུས་གཞུང་། དེ་བཞིན་མངའ་སྡེ་ཁག་གི་དབུས་གཞུང་བཅས་ཀྱིས་རྒྱ་གར་ནང་ཕྱི་རྒྱལ་མི་རིགས་འགྲོ་འོང་། གནས་སྡོད། དེ་བཞིན་སློབ་གཉེར་སོགས་དང་འབྲེལ་བའི་གནད་དོན་རིགས་ལ་སྟངས་འཛིན་དང་དོ་དམ་བྱེད་ཀྱི་ཡོད།

རྒྱ་གར་གྱི་མི་སེར་ཐོབ་ཐང་རྩ་ཁྲིམས་ནང་། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ལོའི་ཟླ་ ༧ ཚེས་ ༡ ཉིན་བར་རྒྱ་གར་ནང་སྐྱེས་པ་ཡིན་ན་རྒྱ་གར་མི་སེར་གྱི་ཐོབ་ཐང་ཡོད་སྟབས། ཕྱི་ལོ་ ༢༠༡༡ ལོར་བོད་རིགས་བུད་མེད་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ལྡི་ལི་མཐོ་རིམ་ཁྲིམས་ཁང་བརྒྱུད་ཡོངས་གྲགས་ཐོག རྒྱ་གར་གྱི་མི་སེར་ཐོབ་ཐང་ཐོབ་ཡོད་ཅིང་། དེ་ནི་བོད་མི་ཞིག་ལ་ཁྲིམས་མཐུན་ཐོག་རྒྱ་གར་མི་སེར་གྱི་ཐོབ་ཐང་འཐོབ་མཁན་ཐོག་མར་གྱུར། དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༥ ཉིན་བཀའ་དྲུང་ཡིག་ཚང་གིས་རྒྱ་གར་མི་སེར་ལག་འཁྱེར་བཟོ་མཁན་གྱི་བོད་མི་རྣམས་ལ་སྤེལ་བའི་གསལ་བསྒྲགས་དང་ལམ་སྟོན་ཁྲོད། རྒྱ་གར་མི་སེར་ཞུ་མཁན་གྱི་བོད་མི་ཚོས་སྐྱབས་བཅོལ་ལག་དེབ་དང་། ཕྱིར་སྐྱོད་ལག་དེབ་ཕྱིར་སྤྲོད། དེ་བཞིན་བཙན་བྱོལ་བོད་མིའི་གནས་སྡོད་བྱེད་མཁན་ཞིག་མིན་པའི་ཁར། བཙན་བྱོལ་བོད་མིའི་རོགས་དངུལ་རིགས་གཏན་ནས་བླང་ཆོག་གི་མེད་སྐོར་གསལ་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese