མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅིངས་གྲོལ་དམག་གིས་ཐའེ་ཝན་ལ་གནམ་མཚོ་གཉིས་ནས་འཇིགས་སྐུལ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་ཐའེ་ཝན་གྱི་མངའ་ཁོངས་སུ་དམག་དོན་གནམ་གྲུ་ ༥༨ དང་མཚོ་གྲུ་ ༩ སྡེབ་གཏོང་བྱས་ཏེ་ཐའེ་ཝན་གྱི་མཁའ་མཚོ་གཉིས་སུ་དམག་དོན་གྱི་ལས་དོན་སྤེལ་འདུག

Taiwan detected 59 Chinese aircraft around the self-ruled island, the defence ministry said on March 18, 2025, photo :the japantimes’

འདས་པའི་ལོ་ཤས་རིང་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་ཐའེ་ཝན་མཚོ་འགག་ཁུལ་དུ་སུན་གཙེར་ཡང་ཡང་བཟོ་མུས་ཡིན་པ་ལྟར།  འདས་པའི་ཆུ་ཚོད་ཉེར་བཞིའི་རིང་རྒྱ་ནག་གིས་ཐའེ་ཝན་གྱི་རྒྱལ་སྲུང་མངའ་ཁུལ་དུ་དམག་དོན་གནམ་གྲུ་ ༥༨ དང་དམག་དོན་མཚོ་གྲུ་ ༩ སོགས་སྡེབ་གཏོང་བྱས་ཏེ། རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་གནམ་མཚོ་གཉིས་ནས་ཐའེ་ཝན་མི་དམངས་ལ་འཇིགས་སྐུལ་བྱས་ཡོད་སྟབས། ཐའེ་ཝན་དམག་དོན་བདེ་སྲུང་ཚན་པས་ཀྱང་གནམ་མཚོ་གཉིས་སུ་དམག་མི་མངགས་ནས་རྒོལ་ལན་བསློགས་འདུག

གནད་དོན་དེའི་ཐད་ཐའེ་ཝན་གྱི་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱིས། འདས་པའི་ཆུ་ཚོད་ཉེར་བཞི་ལྷག་གི་རིང་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་དམག་དོན་གནམ་གྲུ ༥༨ དང་མཚོ་གྲུ་ ༩ ཐའེ་ཝན་གྱི་མཚོ་གླིང་དུ་དྲག་པོས་དམག་སྦྱོང་བྱས་ཡོད་ཅིང་། དེའི་ཁྲོད་ནས་དམག་དོན་མཁའ་གྲུ་ ༤༣ གྱིས་ཐའེ་ཝན་གྱི་བདེ་སྲུང་ས་ཐིག་གི་ནང་དུ་འཛུལ་ནས་འཇིགས་སྐུལ་བྱས་ཡོད་སྟབས། ཐའེ་ཝན་མཐའ་སྲུང་དམག་དོན་ཚན་པས་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བའི་འཇིགས་སྐུལ་ལ་འགོག་སྲུང་དང་། རྒྱུན་དུ་རྒྱ་ནག་གི་ཚུལ་མཐུན་མིན་པའི་དམག་སྦྱོང་གི་རིགས་ལ་རྒོལ་སྲུང་བྱེད་ཀྱི་ཡོད། ཅེས་བསྒྲགས་འདུག་ལ། ད་ལན་འདས་ལོའི་ཕྱི་ཟླ ༡༠ རྗེས་ནས་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་ཐའེ་ཝན་གྱི་མཁའ་མཚོ་གཉིས་སུ་དམག་དོན་གནམ་གྲུ་མངག་གཏོང་བྱེད་ཐེངས་མང་ཤོས་སུ་གྱུར་འདུག

དེ་བཞིན་ཁ་སང་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་མའེ་ཉིང་གིས། ད་ལན་གྱི་དམག་སྦྱོང་དེ་ནི་ཐའེ་ཝན་རྒྱལ་ཁབ་ཏུ་རྒྱབ་སྐྱོར་བྱེད་མཁན་དང་ཐའེ་ཝན་རང་བཙན་འདོད་པའི་ཁ་བྲལ་རིང་ལུགས་པའི་སྟོབས་ཤུགས་ཟེར་བར་དམིགས་པའི་ཉེན་བརྡ་ཞིག་ཡིན། ཞེས་དང་། ཨ་རིས་ཐའེ་ཝན་བེད་སྤྱད་དེ་རྒྱ་ནག་གི་ལམ་བུ་བཀག་འགོག་བྱེད་པའི་སྲིད་ཇུས་ལག་བསྟར་དང་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་དག་ལ་དམིགས་པའི་ཉེན་བརྡ་ཡིན་ལུགས་བརྗོད་འདུག ཨ་རིས་ཐའེ་ཝན་ལ་ཕྱི་འབྲེལ་སྲིད་ཇུས་བཟུང་ནས་ངོས་ལེན་བྱེད་ཀྱིན་མེད་ཀྱང་། རྒྱལ་ཁབ་དེའི་བདེ་འཇགས་ཐད་ལ་རྒྱབ་སྐྱོར་བྱེད་མུས་ཡིན་པའི་ཁར། འདི་ལོའི་ཕྱི་ཟླ་ ༢ ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཡིག་ཆར་གསལ་བའི་ང་ཚོས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད། ཅེས་པའང་བླངས་འདུག

གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས། རྒྱ་ནག་གིས་མི་གྲངས་ས་ཡ་ ༢༣ ལྷག་ལས་མེད་པའི་ཐའེ་ཝན་མཚོ་འགག་ཏུ་སྟོབས་ཤུགས་རྒྱ་སྐྱེད་ཐུབ་ཚེ། ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དུ་སྟབས་བདེ་བོའི་ཐོག་ནས་འགུལ་སྐྱོད་བྱེད་ཐུབ་པ་མ་ཟད།  ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡོད་པའི་གྷུ་ཝམ (Guam ) མཚོ་གླིང་དང་ཨ་རིའི་ཧཱ་ཝའེ་( Hawaii) མངའ་སྡེར་ཡོད་པའི་ཨ་རིའི་དམག་སྒར་ལ་འཇིགས་སྐུལ་བྱེད་སྲིད་སྐོར་བརྗོད་ཀྱི་འདུག

རྒྱ་ནག་གིས་ཐའེ་ཝན་མཚོ་འགག་ཁུལ་དུ་དྲག་པོའི་དམག་དོན་གྱི་ལས་འགུལ་མང་པོ་ཞིག་སྤེལ་མུས་ཡིན་པར། ཨ་རི་དང་། ཨོ་གླིང་། ཉི་ཧོང་བཅས་ཀྱིས་རྒྱ་ནག་གཞུང་གིས་ཐའེ་ཝན་གཞུང་མང་གཉིས་ཀྱི་བདེ་འཇགས་ལ་གནོད་པའི་དམག་དོན་ལས་འགུལ་སྤེལ་མཚམས་འཇོག་དགོས་པའི་ཉེན་བརྡ་གཏོང་མུས་ཡིན་ལ། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དེ་གཉིས་ཀྱིས་ཨ་རི་དང་མཉམ་དུ་ཐའེ་ཝན་གྱི་མཚོ་འགག་བདེ་འཇགས་ཡོང་བར་མཉམ་ལས་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་ལ། ལྷག་པར་ཕྱི་ལོ་ ༢༠༢༠ ལོ་ཙམ་ནས་རྒྱ་གར་གྱིས་ཁོ་ཝ་ཊི་ (Quad) ནང་འཛུལ་ཞུགས་བྱས་ཏེ། ཨེ་ཤ་ཡའི་ཁུལ་དུ་རྒྱ་ནག་གཞུང་གི་དབང་ཤུགས་ལ་འགོག་རྒོལ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་སྲུང་བྱེད་ཐབས་ཀྱི་མཉམ་འབྲེལ་དམག་སྦྱོང་སྤེལ་གྱིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese