མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཆུང་གྲྭ་ཚང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

གནས་ཆུང་གྲྭ་ཚང་གི་བརྟན་བཞུགས་བསྟར་འབུལ་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་བརྒྱ་དང་སུམ་ཅུ་ལྷག་བཞུགས་རྒྱུ་ཡིན་པའི་བཀའ་སློབ་བཟང་པོ་སྩལ་འདུག 

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༣།༢༤

དེ་རིང་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་འདུས་སྤྱི་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེ་ལྷ་དཀར་པོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་མུ་མཐུད་དུ་བསྟན་པ་དང་འགྲོ་བའི་དོན་དུ་ཧུར་ཐག་འབད་ཐག་གནང་རྒྱུ་ཡིན་སྐོར་སོགས་གསུངས་འདུག 

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས།  ད་བར་དུ་ངོས་རང་གིས་ཆོལ་ཁ་གསུམ་གྱི་མི་རིགས་ཚང་མར་སངས་རྒྱས་ཀྱི་བསྟན་པ་ཉམས་པར་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་སླད་སྨོན་ལམ་རྒྱག་གིན་ཡོད་ལ་འབད་བརྩོན་བྱེད་ཀྱིན་ཡོད། དེང་སང་འཛམ་གླིང་ནུབ་ཕྱོགས་སུ་ནང་ཆོས་ལ་དོ་སྣང་གསར་པ་སླེབ་མཁན་དེ་དག་གིས་ཀྱང་ང་རང་ཚེ་རིང་པོ་ཡོང་རྒྱུར་རེ་འདུན་དང་མོས་པ་ཆེན་པོ་བྱེད་ཀྱི་འདུག དེ་འདྲ་ཡིན་དུས་ངོས་རང་གིས་བསྟན་པ་དང་འགྲོ་བའི་དོན་ད་བར་ཧུར་ཐག་བྱས་པ་ཡིན། ངོས་རང་གིས་ད་དུང་ཡང་ཧུར་ཐག་འབད་ཐག་བྱེད་ཀྱི་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དེ་རིང་གནས་ཆུང་གྲྭ་ཚང་གིས་བརྟན་བཞུགས་གནང་བ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསུངས་འདུག 

དེ་བཞིན་གནས་ཆུང་གྲྭ་ཚང་གི་དགེ་བཤེས་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་ཁང་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞབས་ཕྱིས་ཞུ་མཁན་དེ་དཔལ་ལྡན་ལྷ་མོ་དང་གནས་ཆུང་ཆོས་རྒྱལ་ཆགས་ཡོད་རེད། དཔལ་ལྡན་ལྷ་མོས་བརྡ་འཕྲིན་ ( Message )དེ་གནས་ཆུང་བརྒྱུད་ནས་ཕུལ་གྱི་ཡོད་རེད། ཅེས་དང་། གནས་ཆུང་གིས་བཀའ་ལུང་ག་དུས་གནང་ནའང་དམ་ཚིག་གཙང་མ་བྱ་རོགས་བྱོས། ཚང་མས་རྡོག་རྩ་གཅིག་སྒྲིལ་བྱ་རོགས་བྱོས་ཞེས།  ཉེ་ཆར་རང་ཚེས་བཅུའི་སྐབས་སུ་སྤྱི་འཐུས་ཚོགས་གཙོ་ལ་བཀའ་གནང་སོང་ལ། དེའི་སྔོན་ལའང་བཀའ་གནང་བ་རེད། གང་ཡིན་ཟེར་ན་ང་རང་ཚོ་ཚང་མ་གཟབ་གཟབ་བྱོས། ལྷག་པར་འགན་འཁུར་མཁན་སྤྱི་འཐུས་རྣམ་པ་ཚང་མས་ད་ལྟའི་དུས་འདིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་སྐབས་ལ་གཟབ་གཟབ་མ་བྱས་པ་ཡིན་ན། གལ་སྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དེ་འདྲ་བྱུང་སོང་ན། བོད་འདི་མུན་པ་མུན་ནག་གི་གནས་སུ་གྱར་གྱི་རེད་གདའ། ཞེས་བཀའ་ལུང་ཐེངས་གཉིས་གསུམ་གནང་ཚར་བ་རེད། ཅེས་དང་། ཡང་ཉེ་ཆར་གྱི་བཀའ་ལུང་དེའི་ནང་དུའང་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་ཐོག་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་གསུང་ཇི་བསྒྲུབ་ཞུ་རྒྱུ་ཡིན། ཞེས་མནའ་བསྐྱལ་དམ་བཅའ་ཞིག་བྱེད་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད། ཅེས་བཀའ་ལུང་ཕེབས་ཡོད་རེད། དེ་འདྲ་ཡིན་དུས་གཞུང་གི་འགན་འཁུར་མཁན་དང་མང་ཚོགས་ཚང་མས་རྡོག་རྩ་གཅིག་སྒྲིལ་གནང་ཐུབ་པ་ཡིན་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་རྒྱུ་དང་ཞབས་བརྟན་གལ་ཆེ་ཤོས་དེ་འདི་རེད་བསམ་གྱི་འདུག ཅེས་འགྲེལ་བརྗོད་གནང་སོང་། 

དེ་བཞིན་གནས་ཆུང་སྐུ་རྟེན་ཐུབ་བསྟན་དངོས་གྲུབ་མཆོག་གིས། དེ་རིང་རྒྱལ་པོ་ཚེ་ལྷ་དཀར་པོའི་ཆོ་གའི་སྒོ་ནས་བརྟན་བཞུགས་ཕུལ་བ་རེད། དེ་རིང་ང་ཚོ་སྐལ་བ་བཟང་བ་ཞིག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཏུ་དགུང་ལོ་བརྒྱ་དང་སུམ་ཅུ་ཙམ་བཞུགས་ཀྱི་ཡིན་ཞེས་བཀའ་གསལ་པོ་ཐེངས་གཉིས་ལ་ཕེབས་སོང་། ང་རང་གིས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་རོགས་ཞེས་ཟུར་མཇལ་སྐབས་ཞུས་དུས། སེམས་ཁྲལ་མ་གནང་། ངོས་རང་ཡུན་རིང་བསྡད་ཀྱི་རེད་གདའ། ཞེས་བཀའ་བཟང་ཐོབ་སོང་། ཞེས་གསུངས་སོང་། དེ་བཞིན་དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་ཡུལ་གྱི་ཡོན་བདག་ཉི་ཤུ་ལྷག་དང་གནས་ཆུང་གྲྭ་ཚང་གི་ལས་བྱེད་ཁག་ཅིག་ལ་མཇལ་ཁ་སྩལ་འདུག 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese