མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་རྒྱལ་སྤྱིའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༥/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འདས་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་སླད་རྒྱལ་སྤྱིའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་ཕུལ་སོང་།

༧གོང་ས་མཆོག་ལ་རྒྱལ་སྤྱིའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་ཕུལ། སྐུ་པར་གྱི་བདག་དབང་། དཔལ་ལྡན་དགའ་ལྡན་ཕོ་བྲང་། ༢༠༢༥།༣།༣༡

དེ་རིང་ཕྱི་ཟླ་ ༣ ཚེས ༣༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱལ་སྤྱིའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་(Gold Mercury International) ཚོགས་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་བསྐྱེད་དམ་བཅའ་བཞི་བརྒྱུད། ཞི་བདེ་དང་། སྤྱི་ཚོགས་འདུམ་སྒྲིག ཆོས་ལུགས་མཐུན་འབྲེལ། དེ་བཞིན་འཚེ་མེད་ཞི་བའི་ལྟ་གྲུབ་དང་ཁོར་ཡུག་སྲུང་སྐྱོབ་སོགས་མཚོན་པའི་སྐྱེ་འགྲོའི་དོན་དུ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་གནང་སླད། ཕྱི་ལོ་ ༢༠༢༥ ལོའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་དེ་ཕུལ་སོང་།

གཟེངས་རྟགས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འབུལ་སྐབས་༧མགོན་པོ་གང་ཉིད་ཀྱིས། ང་ཚོའི་མི་ཚེ་ནི་ཨ་མའི་མངལ་ནས་མགོ་བཙུགས་པ་ཞིག་ཡིན། ང་ཚོ་ཚང་མ་བྱམས་བརྩེ་ལ་བརྟེན་ནས་འཚོ་བ་ཡིན་ཞིང་། ཨ་མའི་བརྩེ་སེམས་དང་བྲལ་ཚེ་ང་ཚོ་འཚོ་ཐབས་བྲལ་བ་རེད། ང་ཚོ་སྐྱེས་མ་ཐག་ཨ་མས་ང་ཚོར་ལྟ་རྟོག་ཆེས་མང་ཤོས་གནང་གི་ཡོད། ང་རང་ཚོ་བྱིས་དུས་སུའང་ཨ་མ་ཡོད་ཚེ་ངུ་ཆོག་བསམ་པའི་ཚོར་སྣང་སྐྱེས་པ་དང་། ཨ་མ་དང་བྲལ་ཚེ་བྱ་ཐབས་བྲལ་བ་ཞིག་ཡིན། དེ་འདྲ་སོང་ཙང་མ་གྱུར་སེམས་ཅན་ཐམས་ཅད་ང་ཚོའི་ཨ་མ་ཡིན་པའི་བཤད་སྲོལ་ཞིག་ཡོད་པ་རེད། ཚེ་འདི་ལ་མཚོན་ནའང་རང་གི་ཨ་མར་བཅངས་པའི་འདུ་ཤེས་དེ་སྐྱེ་འགྲོ་ཀུན་ལ་བཅངས་དགོས་པ་རེད། དེ་ལ་བརྟེན་ནས་ང་ཚོས་དོན་དམ་གྱི་ཞི་བདེ་རང་བཞིན་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་སྲིད་པ་རེད། ཅེས་གསུངས་འདུག

རྒྱལ་སྤྱིའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་ཀྱི་འགན་འཛིན་དང་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ནི་ཁུ་ལ་སི་ (Nicolas De Santis) ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཞི་བདེའི་མཚོན་རྟགས་ཤིག་རེད། ཁོང་ནི་འཐབ་འཁྲུག་རང་བཞིན་ལྡན་པའི་འཇིག་རྟེན་ཁྲོད་ཀྱི་འཚེ་མེད་ཞི་བའི་མགྲིན་ཚབ་ལྟ་བུ་ཡིན། ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བྱམས་བརྩེ་དང་། ཁོར་ཡུག་སྲུང་སྐྱོབ། འཛམ་གླིང་གི་སྣེ་མོ་གསུམ་པར་གྱུར་བའི་བོད་མཐོ་སྒང་གི་ཁོར་ཡུག་བདག་གཅེས་སོགས་ཀྱི་ཐད་ལ་ཕྱག་ལས་གནང་མུས་ཡིན་སྟབས། ཕྱི་ལོ་ ༢༠༢༥ ལོའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་དེ་༧མགོན་པོ་གང་ཉིད་ལ་ཕུལ་བ་ཡིན། དེ་རིང་ནི་མར་ཁུ་རི་གསེར་གྱི་གཟེངས་རྟགས་ཀྱི་ཆེས་བློ་སྤོབས་སྐྱེས་འོས་པའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་ཞི་བདེ་དང་མཉམ་ལས་གོང་མཐོར་གཏང་རྒྱུ་དེ་ཡིན་ཞིང་། བོད་བརྒྱུད་ནང་བསྟན་ནི་ལག་ལེན་རང་བཞིན་གྱི་ཐོག་ནས་ཉམས་ལེན་བྱ་སའི་སྡིངས་ཆ་ཞིག་རེད། དེ་རིང་ང་ཚོས་འཛམ་གླིང་གི་མགོ་ཁྲིད་ཚོས་དྲག་གནོན་གྱི་སྐོར་ལས་བྱམས་བརྩེའི་ཐད་ལ་གླེང་སློང་བྱས་ན་དགེ་མཚན་ཆེ་བ་ཡོད་པའི་བརྡ་ལན་གཏོང་གིན་ཡོད། ཅེས་བརྗོད་བྱུང་།

རྒྱལ་སྤྱིའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་ཚོགས་པའི་དྲ་རྒྱར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ༧གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ལོ་འདིར་གཟེངས་རྟགས་དབུལ་རྒྱུ་བྱུང་བ་ནི་ཁོང་གིས་མི་ཚེ་ཧྲིལ་པོར་ཞི་བདེ། འདུམ་སྒྲིག ཆོས་ལུགས་ཕན་ཚུན་གྱི་བགྲོ་གླེང་། ཤེས་རབ་ཀྱི་རིག་གཞུང་། ང་ཚོའི་གོ་ལ་འདི་སྲུང་སྐྱོབ་གནང་རྒྱུར་འགྱུར་བ་མེད་པའི་དམ་བཅའ་བརྟན་པོ་བཞག་པར་དགའ་བསུ་ཞུ་ཆེད་ཡིན། འཛམ་གླིང་གི་བདེ་འཇགས་དང་ཞི་བདེ། ཁོར་ཡུག་རྒྱུན་གནས་ཐུབ་པའི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པའི་སྐབས་འདིར། ཁོང་གི་བཀའ་སློབ་རྣམས་ཀྱིས་མི་སྒེར་དང་སྤྱི་ཚོགས། མགོ་ཁྲིད་རྣམས་ལ་ཡང་དག་པ་དང་ཞི་བདེ། འདྲ་མཉམ། རྒྱུན་གནས་ཐུབ་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་པར་སྐུལ་མ་གནང་མུས་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་རྒྱ་གར་གྱི་སྐྱེས་ཆེན་དམ་པ་གྷན་དྷི་མཆོག་གི་རྗེས་སུ་འབྲངས་ཏེ་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནས་བོད་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན། ཞེས་གསལ་འདུག

མར་ཁུ་རི་གསེར་གྱི་གཟེངས་རྟགས་ནི་འཛམ་གླིང་ནང་འགྲོ་བ་མའི་ཐོབ་ཐང་དང་། དཔལ་འབྱོར། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་ཐད་ལ་ཕྱག་ལག་གནང་མཁན་གྱི་མི་བུ་བྱས་པ་ཅན་ལ་འབུལ་སྲོལ་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གསེར་གཟེངས་རྟགས་དེ་ཐོབ་པའི་གསལ་བསྒྲགས་བྱས་རྗེས། དེ་རིང་དངོས་སུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་འདི་འཚོགས་པ་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese