མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་མཉམ་འབྲེལ་དམག་སྦྱོང་ཁང་བཙུགས་ཏེ་དྲག་པོའི་སྦྱོང་བརྡར་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་ལྷག་པར་དུ་ས་མཚམས་ཁག་ཏུ་མཉམ་འབྲེལ་དམག་སྦྱོང་ཁང་ཆེད་འཛུགས་བྱས་ཏེ་དྲག་པོའི་དམག་སྦྱོང་དང་ཚོད་ལྟ་མང་པོ་བྱེད་ཀྱི་ཡོད་འདུག


An engineering detachment of a brigade of the Tibet Military Region conducts a mine-clearing and obstacle-clearing exercise

དེ་རིང་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བ་དང་ལྷག་པར་དུ་འཕགས་བོད་ས་མཚམས་ཁུལ་དུ་ཆེད་འཛུགས་བྱས་ཡོད་པའི་མཉམ་འབྲེལ་དམག་སྦྱོང་ཁུལ་དུ་དམག་རྩལ་དང་དྲག་པོའི་མེ་ཤུགས་འཕུར་མདེལ་འཕེན་གཏོང་། མི་མེད་འཕུར་གྲུར་གཏོར་རྒོལ་སོགས་ཀྱི་སྦྱོང་བརྡར་དང་ཚོད་ལྟ་བྱས་ཡོད་འདུག་ལ། ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་སྲུང་བར་ཐོག་མར་མཐའ་མཚམས་སུ་བརྟན་ལྷིངས་དགོས་ཟེར་བའི་སྲིད་ཇུས་འོག བོད་ཁུལ་ཁྱོན་ཡོངས་དང་ལྷག་པར་དུ་འཕགས་བོད་མཐའ་མཚམས་ཁུལ་དུ་དམག་སྡེ་སྔར་ལས་མང་པོ་འཛུགས་སྐྲུན་བྱས་ཏེ། དམག་ཁུལ་སོ་སོས་སྦྱོང་བརྡར་བྱེད་ཀྱི་ཡོད་ཀྱང་ད་ལོའི་མཉམ་འབྲེལ་དམག་སྦྱོང་ཁུལ་ཆེད་འཛུགས་བྱས་པ་དེས་ནུས་པ་སྔར་ལྷག་ཐོན་ཡོད་སྐོར་བསྒྲགས་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༡༢ པའི་ནང་རྒྱ་ནག་གཞུང་གིས་བརྩེ་བའི་དྲན་སྐུལ་ཟེར་བའི་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གིས་དམག་མི་བསྡུ་བའི་མགོ་འཛུགས་རྒྱུ་ཡིན་ལ།  དེའི་ཁོངས་སུ་ལོ་ ༡༨ སོན་པའི་སྐྱེས་པ་རྣམས་ཀྱིས་དམག་ཞུགས་ཐོ་འགོད་ངེས་པར་བྱ་དགོས་པ་དང་། གལ་སྲིད་དམག་ཞུགས་ཐོ་འགོད་མ་བྱས་ཚེ། མཐོ་སློབ་ཏུ་སློབ་སྦྱོང་བྱེད་པའི་གོ་སྐབས་དང་ལས་ཀ་འཚོལ་རྒྱུའི་ཐད་དཀའ་ངལ་ཡོང་བ་སོགས་ཀྱི་མཇུག་འབྲས་ངན་པ་སློང་སྲིད་སྐོར་བསྒྲགས་ཡོད་ལ། བོད་ཀྱི་རྒྱལ་ས་ལྷ་ས་དང་ཉིང་ཁྲི་སོགས་ནས་བྱིས་པ་རང་ལོ་ ༨ ནས་བཟུང་དབྱར་ཁའི་གུང་སེང་སྐབས་དམག་སྦྱོང་སྤྲོད་བཞིན་ཡོད་པ་དང་དམག་ཞུགས་ཀྱི་ཐོབ་ཐང་དམིགས་བསལ་ཡོད་པ་སོགས་དམག་ཞུགས་ཀྱི་སྐུལ་སློང་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༢༡ ལོར་དབྱར་ཁའི་གུང་སེང་སྐབས་བོད་ལྷ་ས་དང་ཉིང་ཁྲི་སོགས་ཀྱི་སློབ་ཆུང་སློབ་མར་དམག་སྦྱོང་སྤྲོད་བཞིན་པ། དྲ་ལམ་གྱི་པར།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༥ ཉིན་རྒྱ་ནག་སྐབས་ ༡༤ པའི་མི་དམངས་འཐུས་མིའི་ཚོགས་ཆེན་ (14th National People’s Congress) དང་། སྲིད་གྲོས་སྐབས་བཅུ་བཞི་བའི་ཚོགས་ཆེན་ཐེངས་གསུམ་པའི་ཐོག དམག་དོན་གོང་སྤེལ་ཆེད་ཨ་སྒོར་ཐེར་འབུམ་ ༢༤༩ ལྷག་གཏོང་རྒྱུ་ཡིན་སྐོར་བསྒྲགས་ཡོད་ལ། རྒྱ་ནག་གོ་ལའི་དུས་བབ་ཀྱིས་ལོ་རེ་བཞིན་དམག་དོན་འགྲོ་གྲོན་ཤུགས་ཆེན་འཕར་གྱི་སྐོར་བཀོད་པའི་ནང་། ཕྱི་ལོ་ ༢༠༢༡ ལོར་རྒྱ་སྒོར་ཐེར་འབུམ་ ༡༣༥༥།༣༤༣ དང་། ཕྱི་ལོ་ ༢༠༢༢ ལོར་རྒྱ་སྒོར་ཐེར་འབུམ་ ༡༤༥༠།༤༥། ཕྱི་ལོ་ ༢༠༢༣ ལོར་ རྒྱ་སྒོར་ཐེར་འབུམ་ ༡༥༥༣།༧། ཕྱི་ལོ་ ༢༠༢༤ ལོར་རྒྱ་སྒོར་ཐེར་འབུམ་ ༡༦༦༥། ༥༤། ཕྱི་ལོ་ ༢༠༢༥ ལོར་རྒྱ་སྒོར་ཐེར་འབུམ་ ༡༧༨༤།༦༦༥ གཏོང་འཆར་ཡོད་སྐོར་ཕྱིར་བསྒྲགས་བྱས་ཡོད་པ་རེད།

China studying over 120,000 Tibetan samples. (Photo courtesy: Future Timeline)

ལོ་ལྟར་རྒྱ་ནག་གཞུང་གིས་བོད་མཐའ་མཚམས་ཀྱི་ས་མཐོའི་དམག་ཁུལ་ཁག་ཏུ་དྲག་ཆས་མང་པོ་དབོར་འདྲེན་བྱས་ཏེ་དངོས་སུ་སྦྱོང་བརྡར་དང་ཚོད་ལྟ་བྱེད་བཞིན་ཡོད་པ་དང་བསྟུན། ས་བབ་མཐོ་ཚད་སྨི་ ༤༥༠༠ ཡས་མས་ཀྱི་བོད་མཐོ་སྒང་དུ་རྒྱ་ནག་སྐམ་སའི་དམག་མིར་དབུགས་ཀྱིས་མ་འདང་བ་དང་མགོ་ན་བ་སོགས་ས་བབ་མཐོ་བའི་དཀའ་ངལ་ཡོང་གི་ཡོད་པ་སེལ་ཐབས་སུ་ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གི་རིགས་རྒྱུད་བརྟག་ཞིབ་པ་སྐོར་ཞིག་གིས་བོད་ནང་གི་ཉུང་མཐར་མི་གྲངས་ ༡༢༠༠༠༠ ལྷག་གི་རྒྱུད་རྒྱུ་བསྡུ་ལེན་བྱས་ཏེ་ས་བབ་མཐོ་བའི་དཀའ་ངལ་དེ་སེལ་ཐབས་ཡོད་སྐོར་བསྒྲགས་ཡོད་པ་མ་ཟད། བོད་ནང་འཛམ་གླིང་སྟེང་གི་མིའི་རིགས་རྫས་ཐོན་སྐྱེད་ཉར་ཚགས་ཁང་ (Human Genetic Resource Biological Sample Bank) ཆེ་ཤོས་ཤིག་བཙུགས་ཡོད་ཀྱང་། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ཚན་རིག་དང་འཕྲུལ་རིག་ལྷན་ཁང་གིས། མིའི་རིགས་རྫས་ཐོན་ཁུངས་དོ་དམ་དང་སྟངས་འཛིན་གྱི་སྲོལ་ཡིག་ལག་བསྟར་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་བྱས་ཏེ། མིའི་རིགས་རྫས་ཐོན་ཁུངས་མཁོ་འདོན་བྱེད་མཁན་གྱི་སྒེར་དབང་ལ་བརྩི་བཀུར་དང་། དེ་སྔ་ནས་ཆོག་མཆན་བླངས་ཏེ་ཁོང་ཚོའི་བདེ་ཐང་ལ་འགན་ལེན་དང་ཁྲིམས་མཐུན་གྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས། ཞེས་དང་། ཕྱིའི་རྒྱལ་ཁབ་ཀྱི་ཚོགས་པ་དང་། མི་སྒེར། མ་རྩ་འཇོག་མཁན་གྱིས་བཙུགས་པ་དང་ཚོད་འཛིན་བྱེད་པའི་སྒྲིག་འཛུགས་སོགས་ཀྱིས་རྒྱ་ནག་ནང་གི་མིའི་རིགས་རྫས་ཐོན་ཁུངས་བསྡུ་རུབ་དང་ཉར་ཚགས་བྱེད་ཆོག་གི་མེད་ལ། ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་མིའི་རིགས་རྫས་ཀྱི་ཐོན་ཁུངས་མཁོ་སྤྲོད་བྱེད་ཆོག་གི་མེད་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་། མིའི་རིགས་རྫས་ཞིབ་འཇུག་གི་ལྟེ་གནས་དེ་དག་གིས་བོད་མིའི་རིགས་རྫས་ག་འདྲ་བསྡུ་ལེན་དང་བེད་སྤྱོད་བྱེད་ཀྱི་ཡོད་མེད་ཐད་ཉེན་ཁ་ཆེན་པོ་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༡ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese