མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཨ་རིའི་བོད་དོན་རྒྱབ་སྐྱོར་བར་ཐོངས་མཆན་བཀག་སྡོམ་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས་བོད་དོན་གླེང་སློང་བྱེད་མཁན་གྱི་ཨ་རིའི་དཔོན་རིགས་སོགས་གཞུང་སྒེར་ཚང་མར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བསྒྲགས།

རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིང་ཅན། ༢༠༢༥།༤།༡༤

ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིང་ཅན་(Lin Jian) ཟེར་བས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། བོད་ཀྱི་གནད་དོན་ལ་ཁ་གཡར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མཁན་ཨ་རིའི་དཔོན་རིགས་ཁག་ཅིག་ལ་ཐོངས་མཆན་བཀག་སྡོམ་བྱ་རྒྱུ་ཡིན་ལུགས་དང་། བོད་དོན་གླེང་སློང་བྱེད་མཁན་གྱི་གཞུང་སྒེར་ཚང་མར་ངོ་རྒོལ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག ཡིན་ནའང་། ཨ་རིའི་བོད་དོན་རྒྱབ་སྐྱོར་གནང་མཁན་དཔོན་རིགས་སུ་དང་ག་ཚོད་ཅིག་ལ་ཐོངས་མཆན་འགོག་གི་ཡོད་མེད་ཁ་གསལ་མི་འདུག

དེ་ཡང་གསར་འགོད་ལྷན་ཚོགས་དེའི་ཐོག་ལིང་ཇེན་ཟེར་བ་དེས། བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པ་ལས།  ཨ་རིས་བོད་དང་འབྲེལ་བའི་གནད་དོན་ལ་ཁ་གཡར་ཏེ་རྒྱ་ནག་གི་དཔོན་རིགས་ལ་གང་འདོད་ཐོངས་མཆན་བཀག་པ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པར་བརྟེན། རྒྱ་ནག་གི་ཕྱི་འབྲེལ་ཁྲིམས་སྒྲིག་དང༌ཕྱི་རྒྱལ་བར་བཀག་སྡོམ་བྱེད་པའི་བཅའ་ཁྲིམས་གཞིར་བཟུང་། བོད་དང་འབྲེལ་བའི་གནད་དོན་ཐད་ཇུས་གཏོགས་བྱེད་མཁན་གྱི་ཨ་རིའི་ཆེས་མཐོའི་དཔོན་རིགས་ལ་ཐོངས་མཆན་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་བྱས་ཡོད། ཅེས་བཤད་འདུག

ཡང་ཁོས། བོད་ནི་ཡུལ་སྐོར་བ་རྣམས་མངག་གཏོང་བྱ་ཡུལ་ཞིག་ཡིན། ང་ཚོས་ཕྱི་རྒྱལ་གྱི་གྲོགས་པོ་ཚོ་བོད་ཁུལ་དུ་ལྟ་སྐོར་དང་ཡུལ་སྐོར། ཚོང་ལས་གཉེར་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། ང་ཚོས་རྒྱལ་ཁབ་དང་མི་སྒེར་གང་རུང་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས། རིག་གནས་བཅས་ལ་ཁ་གཡར་ནས་བོད་ཀྱི་ལས་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད། བོད་ལ་འགྲོ་བའི་གོ་སྐབས་དང་བསྟུན་ནས་བྱ་འགུལ་དེ་འདྲ་སྤེལ་བའི་ཀུན་སློང་ངན་པ་འཁྱེར་མཁན་གྱི་མི་སྣས་ཐེ་གཏོགས་དང་གཏོར་བཤིག་གཏོང་བར་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་བཤད་འདུག

ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་མར་ཁོ་རོ་བྷིའོ་(Marco Rubio) མཆོག་གིས། ཕྱི་ལོ་ ༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་རང་དབང་འདྲ་མཉམ་དགོས་པའི་ཁྲིམས་གཞི་ལག་བསྟར་གནང་སྟེ། བོད་ནང་དུ་ཕྱི་མི་བསྐྱོད་རྒྱུར་དམ་དྲག་བྱེད་བཞིན་པའི་འབྲེལ་ཡོད་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་ཨ་རིའི་ཐོངས་མཆན་བཀག་སྡོམ་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། སྐབས་དེར་སྤེལ་བའི་བསྒྲགས་གཏམ་ནང་དུ། ཨ་རིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གི་དཔོན་རིགས་ཚོ་ཨ་རིའི་ནང་ཡོང་བར་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་གནང་བ་དང་སྦྲགས། ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། རྒྱ་ནག་དམར་ཤོག་ཚོགས་པས་དུས་ཡུན་རིང་པོར་ཨ་རིའི་གཞུང་ཚབ་པ་དང་གསར་འགོད་པ་ཚོར་བོད་རང་སྐྱོང་ལྗོངས་དང་། བོད་རིགས་ས་ཁུལ་གཞན་དག་ཏུ་འགྲོ་འོང་བྱེད་པར་བཀག་འགོག་བྱས་ཡོད། ཡིན་ནའང་། རྒྱ་ནག་གི་གཞུང་ཚབ་པ་དང་གསར་འགོད་པ་ཚོས་ཨ་རིའི་ནང་དུ་རང་དབང་གིས་འགྲོ་འོང་བྱེད་ཆོག་པ་རེད། དེ་ནི་ངོ་མ་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་པས་བཟོད་བསྲན་བྱ་རྒྱུ་མིན། ཞེས་གསལ་འདུག་ལ།  རྒྱ་ནག་དམར་གཞུང་གིས་བོད་དང་ཧོང་ཀོང་། ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ་ནས་སྔ་གཞུག་ཏུ་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་ཨ་རིས་ཐོངས་མཆན་བཀག་སྡོམ་མམ་ཨ་རིར་ཡོད་པའི་རྒྱུ་དངོས་གཞུང་བཞེས་བཏང་བ་སོགས་ཀྱི་ཉེས་ཆད་བཅད་ཡོད་པ་རེད།

འདས་པའི་ལོ་ཤས་ནང་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཉེས་ཤུགས་ཆེན་ཕྱིན་རྐྱེན། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༣༡ བར་འཛམ་གླིང་རྒྱལ་ཁབ་ ༣༨ ཀྱི་མི་སེར་རྣམས་ཟླ་ངོ་གཅིག་རིང་ཐོངས་མཆན་རིན་མེད་ཐོག་རྒྱ་ནག་ཏུ་འགྲོ་ཆོག་པ་བཟོས་ཡོད་སྟབས། ཡུ་རོབ་རྒྱལ་ཁབ་ཁག་གི་ན་གཞོན་མང་པོ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ཡུལ་སྐོར་དུ་འགྲོ་ཡི་ཡོད་པ་མ་ཟད། ཡུ་རོབ་རྒྱལ་ཁབ་ཁག་གི་མི་སེར་དུ་གྱུར་བའི་བོད་མི་རྣམས་ཀྱང་བོད་ནང་གཉེན་འཕྲད་ལ་འགྲོ་ཡི་ཡོད་ཀྱང་། བོད་མི་ཁག་ཅིག་གནམ་ཐང་སོགས་ནས་ཕྱིར་ལོག་བྱས་པའི་གནས་ཚུལ་ཡང་བྱུང་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

སྐར་མ ༥༧ སྔོན་ལ།
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡ སྔོན་ལ།
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་དང་འབྲེལ་བའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese