མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱིས་ཝེ་ཐི་ནམ་སོགས་སུ་གཞུང་དོན་སྐོར་སྐྱོད་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དང་ཝེ་ཐི་ནམ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཚོང་དོན་ཤུགས་ཇེ་ཆེར་བཏང་ནས་ཨ་རིས་འཛམ་གླིང་གི་ཚོང་དོན་ལ་གཏོར་བརླག་བཏང་བར་ངོ་རྒོལ་བྱ་རྒྱུ་ཡིན་ལུགས་བསྒྲགས།

Vietnamese General Secretary of the Communist Party To Lam (C) and Chinese President Xi Jinping review the guard of honour at the Presidential Palace in Hanoi, Vietnam on April 14, 2025. (Photo/Reuters)

རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་ལྷོ་ཤར་ཨེ་ཤ་ཡའི་གཞུང་འབྲེལ་ཕྱོགས་སྐྱོད་དང་བསྟུན། ཁ་སང་ཕྱི་ཚེས་ ༡༤ ཉིན་ཝེ་ཐི་ནམ་རྒྱལ་ཁབ་ཏུ་འབྱོར་ཏེ་ཡུལ་དེའི་སྲིད་བློན་ཕམ་མིན་(Pham Minh Chinh) དང་། སྤྱི་ཁྱབ་དྲུང་ཆེ་ཊོ་ལེམ་(To Lam) གཙོས་གནད་ཡོད་མི་སྣ་ཁག་ཅིག་ལ་ཐུག་འཕྲད་བྱས་ཏེ།  རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཚོང་དོན་ཐད་གྲོས་བསྡུར་དང་ཚོང་དོན་མཉམ་ལས་གྲངས་བཅུ་གཉིས་ལ་མོས་མཐུན་མིང་རྟགས་བཀོད་འདུག་ལ། དེ་རིང་ཕྱི་ཚེས་ ༡༤ ནས་ ༡༨ བར་མ་ལི་ཤི་ཡ་དང་ཁོམ་བྷོ་ཊི་ཡའི་ནང་འགྲོ་ཡི་ཡོད་འདུག

ཞི་ཡིས་ཝེ་ཐི་ནམ་གཞུང་གིས། ཨ་རིས་སྒོ་ཁྲལ་སྤར་བར་རྒྱ་ནག་དང་མཉམ་འབྲེལ་གྱིས་ཁ་གཏད་གཅག་དགོས་ལུགས་བརྗོད་པ་དང་སྦྲགས། རྒྱ་ནག་དང་ཝི་ཐི་ནམ་གཉིས་ཀྱིས་འཐབ་ཇུས་ཀྱི་དམིགས་འབེན་ཇེ་དྲག་ཏུ་བཏང་སྟེ།  ཕྱོགས་གཅིག་གིས་གཉའ་གནོན་བྱེད་པར་མཉམ་རུབ་ཀྱིས་ངོ་རྒོལ་བྱ་དགོས། གྲུ་ཆུང་ཞིག་ལ་གྲུ་གཡོར་གཅིག་ལས་མེད་ན་རྦ་རླབས་དྲག་པོར་ཁ་གཏད་གཅོག་མི་ཐུབ་ཅིང་། མཉམ་ལས་བྱས་ཚེ་ད་གཟོད་བརྟན་བརླིང་ངང་ཐག་རིང་པོར་གཏོང་ཐུབ། ཅེས་བཤད་འདུག་ལ། ཝེ་ཐི་ནམ་གྱི་སྤྱི་ཁྱབ་དྲུང་ཆེ་ཊོ་ལེམ་ཟེར་བས། འཛམ་གླིང་གི་ཚོང་དོན་དང་། དངོས་ཟོག་ཉོ་བཙོང་གི་བརྟན་བརླིང་ལ་གཏོར་བརླག་གཏོང་མཁན་ཚོར་མཉམ་རུས་ཀྱིས་ངོ་རྒོལ་བྱ་དགོས་ལུགས་སོགས་བཤད་འདུག

གནད་དོན་དེའི་ཐད་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། ངས་རྒྱ་ནག་ལ་སྐྱོན་བརྗོད་མ་བྱས། ཝེ་ཐི་ནམ་ལའང་སྐྱོན་བརྗོད་བྱེད་ཀྱི་མེད། ཚོགས་འདུ་ཧ་ཅང་ཡག་པོ་ཞིག་རེད། དེ་ནི་ཨ་རིར་ཇི་ལྟར་གནོད་འཚེ་གཏང་རྒྱུར་ཐབས་ཤེས་བྱས་པའི་ཚོགས་འདུ་ཞིག་རེད། ཡུ་རོབ་མཐུན་ཚོགས་འཛུགས་དོན་ཡང་དེའི་ཆེད་དུ་ཡིན་པ་བརྗེད་མི་ཉན།  ཞེས་གསུངས་འདུག

ད་ལན་རྒྱ་ནག་དང་ཝེ་ཐི་ནམ་གྱི་མཐོ་རིམ་དཔོན་རིགས་ཐུག་འཕྲད་སྐབས། རྒྱ་ནག་གིས་མུ་མཐུད་དུ་ཝེ་རྒྱ་གཉིས་ཀྱི་ཅ་དངོས་ཕྱིར་ཚོང་དང་ནང་འདྲེན་གྱི་མཉམ་ལས་དང་། ཝེ་ཐི་ནམ་དུ་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་ཚུད་པའི་དོན་ཚན་བཅུ་གཉིས་ལ་མཉམ་ལས་བྱ་རྒྱུའི་མིང་རྟགས་བཀོད་འདུག་ལ། ཕྱོགས་གཉིས་ཀྱི་མགོ་ཁྲིད་ཀྱིས་ཚོང་དོན་འཕེལ་རྒྱས་ལ་སྔར་ལྷག་ནུས་པ་འདོན་ཐབས་དང་། རྒྱལ་ཁབ་ཀྱི་མཐའ་སྲུང་གི་མཉམ་ལས། ཚོང་དོན་བརྒྱུད་ནས་ཝེ་རྒྱ་མི་མང་གི་འཆམ་མཐུན་གོང་འཕེལ། ཨེ་ཤ་ཡའི་མཚོ་གླིང་ཁུལ་མཉམ་ལས་ནུས་ཤུགས་སྐྱེད་ཐབས་ཟེར་བ་སོགས་ཀྱི་ཐད་ལའང་མཉམ་ལས་བྱ་རྒྱུ་ཡིན་ལུགས་བསྒྲགས།

ཨེ་ཤ་ཡའི་ལྷོ་ཤར་གྱི་རྒྱལ་ཁབ་ཁ་ཤས་ཀྱིས་ཨ་རིས་རྒྱ་ནག་ལ་སྒོ་ཁྲལ་སྤར་བའི་དབང་གིས་རྒྱ་ནག་གི་དངོས་ཟོག་འབོར་ཆེན་འདྲེན་འོང་བྱེད་པར་དོགས་ཟོན་བྱེད་བཞིན་ཡོད་སྟབས། རྒྱ་ནག་གིས་ཝེ་ཐི་ནམ་ལ་རྒྱ་ནག་གི་རིན་བབ་སླ་བའི་ཅ་དངོས་རྣམས་ཕྱིར་ཚོང་བྱེད་མུས་ཡིན་ལ། ཝེ་ཐི་ནམ་རྒྱལ་ཁབ་ནི་ལྷོ་ཤར་ཨེ་ཤ་ཡའི་ཚོང་དོན་འཕེལ་རྒྱས་འགྲོ་མུས་ཡིན་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཉེ་བའི་ལོ་འགའི་རིང་རྒྱ་ནག་གི་མ་འཇོག་འཕེལ་རྒྱས་སུ་སོང་བ་དང་བསྟུན། བཟོ་སྐྲུན་པ་ཚོས་ངལ་རྩོལ་གྱི་འགྲོ་གྲོན་དམའ་བ་དང་ཨ་རིའི་ཁྲལ་འཇལ་ལ་གཡོལ་ཐབས་བྱེད་ཆེད་རྒྱ་ནག་དང་འབྲེལ་འདྲིས་བྱེད་མུས་ཡིན་པའི་ཁར།  ཕྱི་ལོ་ ༢༠༡༧ ནས་ ༢༠༢༤ བར་རྒྱ་ནག་དང་ཝེ་ཐི་ནམ་གཉིས་ཀྱི་ཚོང་འབྲེལ་ལས་ལ་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས། ཨེ་ཤ་ཡའི་ཤར་ལྷོའི་ཚོང་ཤག་ཆེ་ཤོས་སུ་གྱུར་ཡོད།

གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ད་ལན་ཨ་རིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཤུགས་ཆེན་སྤར་ནས། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱིས་ཚོང་དོན་དམག་འཁྲུག་གསར་པ་ཞིག་སློང་གིན་ཡོད་པའི་དུས་སྐབས་འདིར། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་སླར་ཡང་འཛམ་གླིང་གི་མི་འབོར་མང་བའི་ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་ཁག་ཏུ་བསྐྱོད་ནས། ཚོང་དོན་དང་མཉམ་འབྲེལ་གྱི་ལས་དོན་ཐད་གྲོས་མཐུན་སོགས་འཇོག་གིན་ཡོད་པ་ནི། པེ་ཅིན་སྲིད་གཞུང་གིས་ཨ་རིས་རྒྱལ་ཁབ་གཞན་དག་ཏུ་སྒོ་ཁྲལ་སྤར་བའི་ཁེ་ཕན་དང་བསྟུན། རྒྱ་ནག་གི་ཚོང་དོན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་ལ་དམིགས་འབེན་གསར་པ་ཞིག་འཛིན་གྱིན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག་ལ། ཉེ་བའི་བདུན་ཕྲག་འགའི་རིང་པེ་ཅིང་སྲིད་གཞུང་གིས་ཨ་རིས་སྒོ་ཁྲལ་སྤར་བའི་ཁེ་ཕན་དང་བསྟུན། ཨ་རི་དང་ཚོང་དོན་གཉེར་མུས་ཡིན་པའི་རྒྱལ་ཁབ་གཙོས། དམིགས་གསལ་ཡུ་རོབ་དང་ཨེ་ཤ་ཡ་ཤར་ལྷོའི་ཁུལ་གྱི་རྒྱལ་ཁབ་ཁག་དང་གྲོས་མོལ་བྱས་ཏེ་ཚོང་འབྲེལ་མཉམ་ལས་རྒྱ་སྐྱེད་གཏོང་ཐབས་བྱེད་མུས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༩ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese