མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་བ་རྣམས་གང་མགྱོགས་གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱ་གར་གྱི་མཇལ་བ་ཚོ་གང་མགྱོགས་གནས་མཆོག་གངས་རིན་པོ་ཆེར་གནས་མཇལ་དུ་འགྲོ་བར་སྒོ་ཕྱེ་རྒྱུ་ཡིན་འདུག

Tourists Trekking around Mount Kailash

རྒྱ་ནག་གཞུང་གིས་རྒྱ་གར་གྱི་གནས་མཇལ་བ་རྣམས་གང་མགྱོགས་གནས་མཆོག་གངས་རིན་པོ་ཆེ་སོགས་སུ་གནས་མཇལ་དུ་གཏང་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། ད་ལྟའི་ཆར་ཟླ་ཚེས་ཁ་གསལ་མེད་ཀྱང་ལོ་རེའི་ཕྱི་ཟླ་ ༤ ནས་ ༡༠ བར་རྒྱ་གར་དང་བལ་ཡུལ་སོགས་ནས་ནང་པ་དང་ཧིན་རྡུ། རྗེའུ་ཆོས་ལུགས་ཀྱི་དད་ལྡན་པ་ཁྲི་ཕྲག་མང་པོ་གནས་མཇལ་དུ་འགྲོ་སྲོལ་ཡོད་པ་རེད།

དེའི་ཐད་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་རན་དྷི་ (Randhir Jaiswal) ལགས་ཀྱིས། གང་མགྱོགས་ཧིན་དྷུ་དང་ནང་པའི་ཆོས་ལུགས་ཀྱི་གནས་རི་གཙོ་བོ་ཞིག་ཏུ་གྱུར་བའི་གངས་རིན་པོ་ཆེར་གནས་སྐོར་མགོ་འཛུགས་རྒྱུ་ཡིན་ལ། ང་ཚོས་འཕྲལ་དུ་གངས་རིན་པོ་ཆེར་གནས་སྐོར་དུ་གཏང་རྒྱུར་བརྡ་ཐོ་ཞིག་སྤེལ་རྒྱུ་ཡིན། ཞེས་བརྗོད་འདུག

དེ་བཞིན་ད་ལྟའི་ཆར་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་འཛིན་སྐྱོང་གསར་པས་རྒྱ་ནག་གཙོ་བོར་གྱུར་བའི་ཚོང་འབྲེལ་རྒྱལ་ཁབ་མང་པོར་སྒོ་ཁྲལ་ཆེན་པོ་རྒྱག་གི་ཡོད་པའི་དཀའ་རྙོག་འོག རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་དང་ཚོང་འབྲེལ་སོགས་ཕྱོགས་ཡོངས་ནས་རྒྱ་སྐྱེད་གཏོང་ཐབས་བྱེད་ཀྱི་ཡོད་འདུག་ལ། རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་ཉེས་སྐྱོབ་ཐབས་སུ་རྒྱལ་ཁབ་མང་པོར་ཐོངས་མཆན་རིན་མེད་དང་ཆག་ཡང་སོགས་ཀྱི་བྱེད་ཐབས་ཀྱང་བཀོལ་གྱི་ཡོད་པ་ལྟར། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། མི་མང་དང་མི་མང་བར་གྱི་འབྲེལ་བ་སྲ་བརྟན་དུ་གཏོང་དགོས་ཞེས་བརྗོད་དེ། འདི་ལོའི་ཕྱི་ཟླ་ ༡ ནས་ཟླ་འདིའི་ཕྱི་ཚེས་ ༩ བར་དུ་རྒྱ་གར་བ་ ༨༥༠༠༠ ལ་ཐོངས་མཆན་སྤྲད་ཡོད་འདུག་ལ། ཉིན་ཤས་གོང་དུ་ལྡི་ལིའི་རྒྱ་ནག་གཞུང་ཚབ་པ་ཞུ་ཧྥེ་ཧོང་གིས་སྒེར་གྱི་དྲ་གནས་སུ་རྒྱ་གར་གྱི་གྲོགས་པོ་ཚོ་སྔར་ལས་མང་པོ་རྒྱ་ནག་ནང་ཕྱིན་ཏེ། རྒྱ་ནག་གི་གུ་ཡངས་དང་བདེ་འཇགས། ལྷག་བསམ། མཛའ་བརྩེ་བཅས་ལ་རོལ་མྱོང་བྱེད་པར་དགའ་བསུ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག་ལ། ཐོངས་མཆན་ལེན་པར་འཕྲོད་བསྟེན་བརྟག་དཔྱད་མ་གཏོགས་དྲ་ཐོག་དུས་བཅད་མི་དགོས་ལ། དུས་ཐུང་ནང་རིན་གོང་བདེ་བའི་ཐོངས་མཆན་ལག་ཏུ་རག་ཐུབ་པ་དང་། ཡུལ་སྐོར་རིང་རྒྱ་ནག་གི་རིག་གཞུང་དང་མཛེས་སྡུག་སོགས་ལོངས་སྤྱོད་བྱེད་པར་སྐུལ་འདེད་སྔར་ལྷག་གཏོང་རྒྱུ་ཡིན་ཚུལ་སོགས་བརྗོད་འདུག

ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནས་ཏོག་དབྱིབས་གཉན་རིམས་མཆེད་རྗེས་རྒྱ་ནག་གཞུང་གིས་རྒྱ་གར་གྱི་གནས་མཇལ་བ་རྣམས་གནས་མཆོག་གངས་རིན་པོ་ཆེར་གནས་མཇལ་ལ་འགྲོ་རྒྱུར་སྟངས་འཛིན་དང་བཀག་སྡོམ་རིམ་པར་བྱས་ཡོད་ཀྱང་། ཉེ་སྔོན་ཕྱི་ཟླ་ ༣ ཕྱི་ཚེས་ ༢༥ ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་སྐུ་ཞབས་གྷུ་རང་དྷལ་(Gourangalal Das)  མཆོག་གིས་སྣེ་འཁྲིད་པའི་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱིན་ཏེ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་རྒྱ་མཚོ་དང་རྒྱལ་མཚམས་ལས་དོན་གྱི་འགན་འཛིན་ཧོང་ལིང་(Hong Liang) ཟེར་བས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ཐུག་འཕྲད་གནང་སྟེ། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཐིག་(LAC) གི་གནས་སྟངས་ལ་བསྐྱར་ཞིབ་བྱས་ཏེ། ས་ཐིག་གི་རྒྱུད་དུ་གནས་པའི་ཆུ་བོ་དང་གངས་རིན་པོ་ཆེ་སོགས་རྒྱལ་མཚམས་ལས་བརྒལ་བའི་མཉམ་ལས་དང་བརྗེ་རེས་ཀྱི་ལས་གཞི་ཁག་སླར་གསོ་བྱེད་པར་མོས་མཐུན་བྱུང་ཡོད།

ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་གནས་ཆེན་གངས་རིན་པོ་ཆེ་བསྐྱར་དུ་སྒོ་ཕྱེས་པ་དང་བསྟུན། གནས་མཇལ་གྱི་རིན་གོང་སྤྱི་ཡོངས་ནས་ལྡབ་འགྱུར་གྱིས་འཕར་ཡོད་པ་མ་ཟད། རྒྱ་གར་གྱི་གནས་མཇལ་བར་རིན་གོང་མཐོ་བོ་བཟོས་ཏེ་དམིགས་བསལ་གྱིས་དམ་དྲག་དང་ལྟ་སྲུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་སྔོན་གནས་མཇལ་བའི་ལག་གཡོག་བ་ཚོར་རྩྭ་སར་གུན་གསབ་ (grass damage charge) ཟེར་བའི་མིང་ཐོག་ནས་ཨ་སྒོར་ ༡༠༠ རེ་ལེན་གྱི་ཡོད་ཀྱང་། ལོ་དེ་ནས་བཟུང་ཨ་སྒོར་ ༣༠༠ ལ་འཕར་ཡོད་པ་མ་ཟད། ཡུལ་སྐོར་སྣེ་ཤན་པའི་ཉིན་གྲངས་བཅོ་ལྔའི་མཐོང་མཆན་གཅིག་པུར་ཧིན་སྒོར་ ༡༣༠༠༠ སྤྲད་དགོས་བྱུང་ཡོད་པ་རེད།

གནས་མཆོག་གངས་རིན་པོ་ཆེ་ནི་བོད་ཀྱི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་བྱང་རྒྱུད་ཀྱི་མ་ཕམ་གཡུ་མཚོའི་ཉེ་ཁུལ་དུ་ཆགས་ཤིང་། ནང་པ་དང་ཧིན་རྡུ། རྗེའུ་ཆོས་ལུགས། བོན་བཅས་ཀྱི་གནས་ཁྱད་པར་ཅན་ཞིག་ཡིན་ལ། ལོ་ལྟར་གངས་རིན་པོ་ཆེར་གནས་བསྐོར་དུ་འགྲོ་བ་ནི་ལོ་གསར་པ་ཞིག་གི་ཆོས་ཕྱོགས་ཀྱི་འགྲུལ་བཞུད་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ལ། བོད་རང་དབང་རང་བཙན་ཡིན་པའི་སྐབས་སུ་གནས་མཆོག་དེར་བཀག་སྡོམ་གང་ཡང་མེད་ཀྱང་། བོད་ས་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་བཙན་བཟུང་བྱས་རྗེས་གངས་རིན་པོ་ཆེ་སོགས་སུ་གནས་སྐོར་དུ་འགྲོ་བར་ཐ་ན་བོད་ནང་གི་གནས་མཇལ་བ་ཚོ་ལའང་སྟངས་འཛིན་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། ལོ་ལྟར་ཚོང་རྫས་ལྟ་བུ་ཞིག་ཏུ་བསྒྱུར་ནས་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese