མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་མངའ་སྡེའི་ཁོངས་ཀྱི་བཙན་བྱོལ་བོད་མི་འདུས་སྡོད་ཀྱི་ས་ཁང་རྣམས་དབུས་བོད་མིའི་ངལ་སེལ་ཚོགས་པའི་ཁོངས་སུ་མིང་བསྒྱུར་དེབ་སྐྱེལ་གང་མགྱོགས་ཐག་གཅོད་གནང་རྒྱུ་ཡིན་སྐོར་གསུངས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་། ༢༠༢༥།༠༤།༡༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༥ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སིམ་ལ་བོད་མིའི་གཞིས་ཆགས་དང་། ཀུམ་རའོ་བོད་མིའི་གཞིས་ཆགས། ས་ཊོན་བོད་མིའི་གཞིས་ཆགས། ལྡི་ལི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་ཉིན་རྒྱབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུ་ཁི་ཝིན་ཌར་སིངྒ་སུ་ཁུ་མཆོག་(Shri Sukhvinder Singh Sukhu) དང་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གོ་སྟོན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་དུ་མགྲོན་འབོད་ཞུས་ཡོད་པ་དང་། དེ་བཞིན་མངའ་སྡེའི་ཁོངས་སུ་ཡོད་པའི་བཙན་བྱོལ་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་གི་ས་ཁང་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངལ་སེལ་ཚོགས་པའི་ཁོངས་སུ་མིང་བསྒྱུར་དེབ་སྐྱེལ་དང་འབབ་ཁྲལ་ཁག་ཆག་ཡང་གནང་རྒྱུའི་སྐོར་རེ་སྐུལ་ཞུས་པ་ལྟར།  སྤྱི་ཁྱབ་བློན་ཆེན་མཆོག་གིས་ས་ཁང་མིང་བསྒྱུར་དེབ་སྐྱེལ་གང་མགྱོགས་ཐག་གཅོད་གནང་རྒྱུའི་ཐད་ཧི་མ་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་སོགས་སུ་བཀོད་མངགས་གནང་ཚར་ཡོད་སྐོར་གསུངས་ཡོད་འདུག

དེའི་རྗེས་ས་ཁང་མིང་བསྒྱུར་ལས་གཞི་དང་འབྲེལ་བའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ས་ཁང་མིང་བསྒྱུར་ལས་གཞིའི་སློབ་སྟོན་པ་ཨུ་ཊར་ཁན་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་བྷ་་ཤུ་ཀུ་མར་(Subhash Kumar)མཆོག་ལ་མཇལ་འཕྲད་ཀྱིས་བཀའ་སྡུར་ལྷུག་པོ་གནང་ཡོད་འདུག་ལ།  སྐབས་དེར་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དང་དྲུང་འཕར་སོགས་མཉམ་བཅར་གནང་ཡོད་འདུག

གཞན་ཡང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ནང་སྲིད་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས། སིམ་སྤྱི་བཅས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པྲ་བྷོཌ་སག་སེ་ནཱ་མཆོག་ལ་མཇལ་འཕྲད་གནང་སྟེ། ཧི་མཱ་ཅལ་མངའ་སྡེའི་ཁོངས་ཀྱི་ས་གནས་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་ལ་བཀའ་སྡུར་ལྷུག་པོ་གནང་ཡོད་འདུག

ཉིན་དེའི་སྔ་དྲོར་སྲིད་སྐྱོང་མཆོག་སིམ་ལ་ཁུལ་གྱི་རང་བཙན་གྲོང་སྡེར་གཟིགས་སྐོར་གནང་སྟེ། ཁུལ་དེའི་ས་གནས་མི་མང་གི་དཀའ་ངལ་སེལ་བའི་སྐོར་ལ་ལམ་སྟོན་གནང་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་སིམ་ལར་རྟེན་གཞི་བྱས་པའི་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ་ཆོས་མཇལ་གནང་བ་དང་། ཇོ་ནང་མ་དགོན་ཆོས་གླིང་གི་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་བཅས་ལ་རྟོག་ཞིབ་གནང་འདུག དེའི་རྗེས་སངས་རྒྱས་ཆོས་གླིང་འདུས་སྡོད་ས་གནས་ཀྱི་མི་མང་དང་། རྣམ་རྒྱལ་གྲྭ་ཚང་གི་རྒན་གསོ་ཁང་བཅས་སུ་འཚམས་གཟིགས་གནང་ཡོད་འདུག

ཐེངས་འདིའི་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་ནང་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ཁུལ་གྱི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་དང་། སིམ་ལ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་རྒྱུ།  དེ་བཞིན་ཕྱི་ཚེས་ ༡༩ ཉིན་ཀུམ་རའོ་བོད་མིའི་གཞིས་ཆགས་དང་། ཕྱི་ཚེས་ ༢༠ ཉིན་ས་ཊོན་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས།  ཕྱི་ཚེས་ ༢༡ ནས་ ༢༤ བར་ལྡི་ལིར་གནད་ཡོད་མི་སྣར་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese