མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཡེ་མན་ལ་དྲག་རྒོལ་བྱས་ཏེ་མི་ ༧༤ རྐྱེན་འདས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་དཀྱིལ་ཤར་ཡུལ་གྲུའི་ཡེ་མན་སྤྱི་མཐུན་རྒྱལ་ཁབ་ཀྱི་ནུབ་བྱང་ཁུལ་དུ་དྲག་རྒོལ་བྱས་ཏེ་མི་ ༧༤ རྐྱེན་འདས་ཕྱིན་པ་དང་མི་ ༡༧༡ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

Houthi supporters – many with guns – protest in Sanaa. EPA-EFE/REX/Shutterstoc

དེ་རིང་བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུའི་བཀའ་ཁྱབ་འོག ཨ་རིའི་དམག་གིས་དཀྱིལ་ཤར་ཡུལ་གྲུའི་ཡེ་མན་སྤྱི་མཐུན་རྒྱལ་ཁབ་ལ་གོ་མཚོན་གྱིས་དྲག་རྒོལ་བྱས་ཏེ། མི་ ༧༤ འདས་གྲོངས་དང་མི་གྲངས་ ༡༧༡ ལ་རྨས་སྐྱོན་བཟོས། ཨ་རིའི་དྲག་རྒོལ་དེ་ནི་ཡ་མན་ནང་རྟེན་གཞི་བྱས་པའི་ཧོ་ཐའི་ (Houthi) ཁ་ཆེ་དམག་གི་སྒྲིག་འཛུགས་ལ་སྣུམ་གྱི་ཐོན་ཁུངས་ཚར་གཅོད་བྱེད་པར་དམིགས་འདུག་ལ། ཨ་རིས་དམག་དོན་སྒྲིག་འཛུགས་དེ་ནི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག

ཐེངས་འདིའི་དྲག་རྒོལ་ཁྲོད། ཨ་རིའི་མཁའ་དམག་གིས་མེ་ཤུགས་འཕུར་མདའ་ཚར་ ༡༤ འཕངས་ཏེ། ཧོ་ཐའི་དམག་གི་སྒྲིག་འཛུགས་ལ་སྣུམ་གྱི་ཐོན་ཁུངས་མཁོ་སྤྲོད་བྱེད་སའི་རཱ་སི་ཨེ་ཟ་ (Ras Isa) སྣུམ་གྱི་ས་ཚིགས་ལ་གཏོར་བཤིག་བཏང་ཞིང་། ཨ་རིའི་དམག་གིས། ང་ཚོས་རཱ་སི་ཨེ་ཟ་གཏོར་བཤིག་བཏང་སྟེ། ཨེ་རན་གྱིས་རྒྱབ་རྟེན་བྱས་པའི་ཧོ་ཐའི་འཇིགས་སྐུལ་དྲག་སྤྱོད་པར་སྣུམ་གྱི་ཐོན་ཁུངས་ཚར་གཅོད་དང་ཁྲིམས་འགལ་གྱིས་སྣུམ་གྱི་ཐོན་སྐྱེད་བཀོལ་སྤྱོད་བྱེད་བཞིན་པ་མཚམས་འཇོག་བྱས་ཡོད། ཅེས་བརྗོད་འདུག་ལ། ད་ཐེངས་ནི་ཨ་རིའི་སྲིད་འཛིན་ཊོམ་ཕུས་བཀའ་ཁྱབ་བཏང་བའི་ད་སྔ་བར་གྱི་དྲག་རྒོལ་ཆེས་འཇིགས་སུ་རུང་བ་དེ་ཡིན་འདུག

གནད་དོན་དེའི་ཐད་ཧོ་ཐའི་ཡིས་སྣེ་འཁྲིད་པའི་ནུབ་བྱང་ཡེ་མན་གཞུང་གིས། ཨ་རིའི་དྲག་རྒོལ་བྱེད་ཡུལ་དེ་ནི་སྤྱི་དམངས་སྣུམ་གྱི་ས་ཚིགས་ཤིག་ཡིན་པ་ལས་དམག་སྤྱོད་སྣུམ་གྱི་ས་ཚིགས་མིན་པས། ཨ་རིས་རྒྱལ་སྤྱིའི་སྒྲིག་ཁྲིམས་ལས་བརྒལ་བའི་ནག་ཉེས་བཟོས་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད་ཁར། ཧོ་ཐའི་འགྲམ་རྒྱུད་ཀྱི་མཚོ་དམར་ (Red Sea) ཁུལ་དུ་གནས་ཚུལ་ཅི་ལྷག་གི་འགན་ཚང་མ་ཨ་རིས་འཁུར་དགོས་ཞེས་ཉེན་བརྡ་ཞིག་ཀྱང་བཏང་འདུག་ལ། ད་ལན་གྱི་ཨ་རིའི་དྲག་རྒོལ་དེ་ནི་ཟླ་སྔོན་མའི་ནང་ཧོ་ཐའི་དམག་གིས་མཚོ་དམར་ཁུལ་དུ་ཨི་ཟི་རལ་གྱི་གྷ་ཛའི་དམག་འཁྲུག་དང་འབྲེལ་བའི་སྐྱེལ་འདྲེན་དང་དམག་དོན་གྲུ་གཟིངས་སོགས་ལ་དྲག་རྒོལ་བྱས་པར་རྒོལ་ལན་བསློགས་པ་ཞིག་ཡིན་འདུག

ད་དུང་ཨ་རིས་ཧོ་ཐའི་དམག་གི་སྒྲིག་འཛུགས་དང་དེར་རྒྱབ་སྐྱོར་བྱེད་མཁན་ཨི་རན་གྱི་ཁ་ཆེ་ཨ་དཔོན་ཚོའི་བྱ་སྤྱོད་འཛམ་གླིང་ནང་ལྷང་ལ་བཏོན་ཏེ།  འཇིགས་སྐུལ་ཚོགས་པ་དེར་ཁྲིམས་འགལ་གྱི་ཐོག་ནས་སྣུམ་མཁོ་སྤྲོད་བྱ་རྒྱུ་མཚམས་འཇོག་དང་། དམིགས་བསལ་ཧོ་ཐའི་དྲག་སྤྱོད་པར་དཔལ་འབྱོར་གྱི་ཡོང་འབབ་བཀག་འགོག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ཨ་རིས་དྲག་རྒོལ་བྱས་པའི་བརྙན་སོགས་དྲ་ལམ་དུ་སྤེལ་བའི་ནང་། སྣུམ་གྱི་ས་ཚིགས་དེར་གས་འཐོར་ཚབས་ཆེན་བྱུང་སྟེ་མེ་སྐྱོན་ཆེན་པོ་བྱུང་བ་དང་། སྣུམ་འཁོར་སོགས་གཏོར་བཤིག་བཏང་བ་མཐོང་རྒྱུ་འདུག

ཕྱི་ཟླ་ ༣ པའི་ཟླ་དཀྱིལ་ཙམ་ནས་ཧོ་ཐའི་དམག་གིས་ཨ་རིའི་མཚོ་དམག་གྲུ་གཟིངས་ (USS Harry S Truman) དང་སྐྱེལ་འདྲེན་གྲུ་གཟིངས་སོགས་ཀྱི་སྟེང་དུ་དྲག་རྒོལ་ཐེངས་བརྒྱད་ཅུ་བྱས་ཤིང་། ཨི་ཟི་རལ་གྱི་སྟེང་དུ་དྲག་རྒོལ་ཐེངས་ ༢༦ བྱས་ཡོད་འདུག ཧོ་ཐའི་དམག་གིས་པ་ལི་སི་ཐན་ལ་རྒྱབ་སྐྱོར་བྱེད་པ་དང་ཕྱི་ལོ་ ༢༠༢༣ ལོ་ནས་ཨ་རི་དང་དབྱིན་ཡུལ། ཨི་ཟི་རལ་བཅས་ཀྱི་ཚོང་གྲུ་མང་པོ་ཞིག་ལ་དྲག་རྒོལ་བྱས་དང་བྱེད་མུས་ཡིན་པ་རེད།

ཨ་རིའི་སྲིད་འཛིན་ཟུར་བ་བྷའེ་ཌན་གྱི་སྐབས་སུ་ཡེ་མན་གྱི་གཞུང་འཛིན་ངེས་གཏན་མེད་པ་སོགས་ཀྱི་རྒྱུ་མཚན་འོག་ནས་ཧོ་ཐའི་འཇིགས་སྐུལ་དྲག་སྤྱོད་པའི་མིང་བྱང་གི་ཁོངས་ནས་ཕྱིར་བཏོན་ཡོད་ཀྱང་། ཊོམ་ཕུ་སྲིད་འཛིན་ཆགས་པ་དང་འཕྲལ་དུ་ཧོ་ཐའི་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་ཁོངས་སུ་བཅུག་ཡོད་པ་མ་ཟད། ཧོ་ཐའི་དམག་གི་སྒྲིག་འཛུགས་ལ་འཇིགས་སྐུལ་ཡང་བྱས་འདུག ཧོ་ཐའི་དམག་གི་སྒྲིག་འཛུགས་ནི་འདས་པའི་ལོ་བཅུའི་ཡར་སྔོན་དུ་ཡེ་མན་གྱི་ནང་འཁྲུག་སྐབས། ཡ་མན་གྱི་ནུབ་བྱང་ས་ཁུལ་ལ་བདག་བཟུང་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད། ཡེ་མན་གྱི་གཞུང་ཡང་སྒྲིག་འཛུགས་དེས་བཙན་བཟུང་བྱས་ཡོད་པས། ད་ལྟ་ཡ་མན་རྒྱལ་ཁབ་ཕྱོགས་གཉིས་སུ་གྱུར་ཏེ། ཡ་མན་གྱི་ (PLC)  ཚོགས་པས་ལྷོ་ཤར་ས་ཁུལ་གྱི་བདག་དབང་བཟུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༨ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༢༡ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese