མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིང་བར་མཚོ་རླབས་ཀྱི་གནོད་སྐྱོན་ཆེན་པོ་འབྱུང་རྒྱུ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་གི་དེང་རབས་རི་མོའི་སྒྱུ་རྩལ་བ་ལྕམ་རི་ཡོ་ཐ་ཚུ་ཁེ་ཡིས་འདི་ལོའི་ཕྱི་ཟླ་བདུན་པའི་ནང་ཉི་ཧོང་སོགས་སུ་མཚོ་རླབས་ཆེན་པོ་འཕྱུར་རྒྱུའི་ཉེན་བརྡ་བཏང་བ་དངོས་སུ་འབྱུང་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

དྲ་ལམ་གྱི་དཔེ་མཚོན་རི་མོ།

ཉི་ཧོང་གི་བྷ་བྷ་ཝང་གྷ་ (Baba Vanga) རི་ཡོ་ཐ་ཚུ་ཁེ་ (Ryo Tatsuki) ཞེས་པའི་བུད་མེད་དེང་རབས་རི་མོའི་སྒྱུ་རྩལ་བ་ཞིག་གིས། འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཉི་ཧོང་སོགས་ཀྱི་ནང་མཚོ་རླབས་ (Tsunami) ཆེན་པོ་འཕྱུར་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང་། བུད་མེད་དེས་ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཁྱབ་རྡལ་དང་། ཕྱི་ལོ་ ༢༠༡༡ ལོར་ཉི་ཧོང་ནང་ས་ཡོམ་དང་མཚོ་རླབས་འབྱུང་སྲིད་པའི་ཉེན་བརྡ་བཏང་བ་དངོས་སུ་བྱུང་ཡོད་སྟབས། འདི་ལོའི་མཚོ་རླབས་ཀྱི་འཇིགས་པ་ཆེན་པོ་དེའང་དངོས་སུ་ཡོང་ཉེན་ཡོད་འདུག

ལྕམ་རི་ཡོ་ཡིས་མ་འོངས་ཟླ་གསུམ་གྱི་ནང་མཚོ་རླབས་ཆེན་པོ་འཕྱུར་རྒྱུ་ཡིན་པའི་ཚོད་དཔག་དེར་གླེང་སློང་ཆེན་པོ་ཡོང་གི་ཡོད་པ་མ་ཟད། ཉི་ཧོང་གི་གནམ་གཤིས་རིག་པའི་ལས་ཁུངས་ (Japan Meteorological Agency) ཀྱིས་ཞིབ་འཇུག་བྱས་པ་བརྒྱུད།  ཉེ་ལམ་ནས་ཉི་ཧོང་ནང་མཚོ་འོག་མེ་རླབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་བསྒྲགས་ཡོད་སྟབས། རི་ཡོ་ཡི་སྐད་ཆ་དེ་ལ་སྔར་ལས་དོ་སྣང་ཆེ་རུ་ཕྱིན་འདུག

ལྕམ་བྷ་བྷ་ཝང་གྷ་ལགས་ཀྱིས་འབྱུང་སྲིད་པའི་མཚོ་རླབས་ཆེན་པོ་དེས། ཉི་ཧོང་དང་། ཐའེ་ཝན། ཨིན་ཌོ་ནེ་ཤི་ཡ། བྱང་མ་རི་ཡ་ན་ (Mariana) གླིང་ཕྲན་སོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་སྐོར་བརྗོད་པ་མ་ཟད། མཚོ་རླབས་དེ་ནི་ཕྱི་ལོ་ ༢༠༡༡ ལོའི་ཉི་ཧོང་གི་མི་གྲངས་ ༡༠,༠༠༠ ལྷག་རྐྱེན་འདས་དང་ཨ་སྒོར་ཐེར་འབུམ་ ༣༠༠ ལྷག་གི་དཔལ་འབྱོར་གོད་ཆག་བྱུང་བའི་མཚོ་རླབས་ལས་ཀྱང་ཚབས་ཆེ་བ་ཡོད་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༡༩༩༩ ལོར་མོས་བྲིས་པའི་ཉིན་ཐོ་ངས་མཐོང་བའི་མ་འོངས་པ་ཞེས་པའི་ནང་ཕྱི་ལོོ་ ༢༠༢༠ ཙམ་ལ་ནད་འབུ་ངོ་མི་ཤེས་པ་བསླེབས་ནས་ཕྱི་ཟླ་ ༤ ནང་ཁྱབ་ཆེ་ཤོས་ཆགས་རྒྱུ་རེད་ཅེས་བྲིས་ཡོད་ལ། ཏག་ཏག་ཕྱི་ལོ་ ༢༠༢༠ ལོ་མགོར་རྒྱ་ནག་ཝུའུ་ཧན་ནས་ཏོག་དབྱིབས་ནད་འབུ་འཛམ་གླིང་གི་ཡུལ་ལུང་གང་སར་ཁྱབ་སྟེ། ཝེ་ཁེ་རིག་མཛོད་ལྟར་ན། ཏོག་དབྱིབས་ནད་འབུས་ཉུང་མཐར་མི་གྲངས་ ༧,༠༡༠,༦༨༡ རྐྱེན་འདས་དང་མི་གྲངས་ ༧༠༤,༧༥༣,༨༩༠ ལ་འགོས་ཁྱབ་ཕྱིན་ནས་འཛམ་གླིང་གི་ལོ་རྒྱུས་ནང་ནད་འབུ་གནོད་ཚབས་ཆེ་ཤོས་སུ་གྱུར་ཡོད་པ་རེད།

དེ་བཞིན་ཁོང་མོས་རྨི་ལམ་ལ་བརྟག་པའི་ཉེན་བརྡ་དངོས་བྱུང་གྲགས་ཆེ་ཤོས་ཤིག་ནི། ཕྱི་ལོ་ ༡༩༩༡ ལོར་རི་ཡོ་ལ་རྨི་ལམ་རྨིས་པའི་ནང་། ཕྱི་ལོ་ ༡༩༩༥ ལོར་ཉི་ཧོང་ནང་ས་ཡོམ་འབྱུང་རྒྱུ་དང་། སྐབས་དེར་མི་མང་པོ་རྐྱེན་འདས་སུ་འགྲོ་རྒྱུ་རེད། ཅེས་ཉེན་བརྡ་བཏང་བ་ལྟར། ཕྱི་ལོ་ ༡༩༩༥ ཟླ་ ༡ ཚེས་ ༡༧ ཉིན་ཉི་ཧོང་གི་གྲོང་ཁྱེར་ཀོ་བྷེ་ (Kobe) རུ་ས་ཡོམ་བྱུང་སྟེ་མི་གྲངས་ ༦༠༠༠ ལྷག་རྐྱེན་འདས་སུ་ཕྱིན་པ་རེད། དེ་བཞིན་ཕྱི་ལོ་ ༡༩༩༩ ལོར་མོས་ཕྱི་ལོ་ ༢༠༡༡ ལོར་ཉི་ཧོང་ནང་མཚོ་རླབས་ཀྱི་གོད་ཆག་འབྱུང་རྒྱུའི་ཉེན་བརྡ་བཏང་བ་ལྟར། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ ཉིན་ཉི་ཧོང་དུ་མཚོ་རླབས་འཕྱུར་ནས་མི་གྲངས་ ༡༩,༧༥༩ རྐྱེན་འདས་དང་མི་གྲངས་ ༦༢༤༢ ལ་རྨས་སྐྱོན་ཕོག དེ་བཞིན་མི་གྲངས་ ༢༥༥༣ གར་སོང་ཆ་མེད་དུ་གྱུར་བའི་གོད་ཆག་ཚབས་ཆེན་བྱུང་ཡོད་པ་རེད།

ཕྱི་ལོ་ ༢༠༢༥ ལོའི་ཟླ་མགོ་རུ་འཛམ་གླིང་ཡོངས་སུ་རང་བྱུང་རྐྱེན་ངན་ཚབས་ཆེན་ཁག་ཅིག་བྱུང་ཡོད། ཨ་རིའི་མངའ་སྡེ་ཁེ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་ལོ་སི་ཨན་ཇ་ལ་སི་ (Los Angeles) ནང་མེ་སྐྱོན་ཆེན་པོ་བྱུང་སྟེ། མི་གྲངས་ ༣༠ རྐྱེན་འདས་དང་། སྡོད་ཁྱིམ་ ༡༨,༠༠༠ ལྷག་འཚིག་ནས་མི་གྲངས་ ༢༠༠,༠༠༠ ལྷག་གི་སྡོད་གནས་མེད་པར་གྱུར། ཐའེ་ལན་ཌི་དང་འབར་མའི་ནང་ས་ཡོམ་ཚད་རིམ་ ༧།༧ ཅན་ཞིག་བྱུང་སྟེ། ཉུང་མཐར་མི་གྲངས་ ༣༠༠༠ རྐྱེན་འདས་དང་མི་གྲངས་༥༠༠༠ ལྷག་ལ་རྨས་སྐྱོན་ཕོག་འདུག འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་འབར་མ་དང་ཐའེ་ལན་ཌིའི་ནང་ས་ཡོམ་ཚད་རིམ་ ༧།༧ ཅན་ཞིག་བརྒྱབ་སྟེ། ཉུང་མཐར་མི་གྲངས་ ༣༠༠༠ ལྷག་རྐྱེན་འདས་དང་མི་གྲངས་ ༤༥༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་རེད།

དུས་རབས་བཅུ་དྲུག་པའི་ཧྥ་རན་སིའི་སྐར་རྩིས་རིག་པ་བ་ནི་སི་ཊ་ཌ་མུ་སི་(Nostradamus) ལགས་དང་། ཡུ་རོབ་ལྷོ་ཤར་གྱི་རྒྱལ་ཁབ་བྱང་མཱ་སི་ཌོ་ནི་ཡའི་(North Macedonia)མིག་གཉིས་ལུང་བ་ཡིན་པ་རྨོ་ཝན་གྷི་ལི་ཡ་(Vangeliya Pandeva Gushterova)།

དུས་རབས་བཅུ་དྲུག་པའི་ཧྥ་རན་སིའི་སྐར་རྩིས་རིག་པ་བ་ནི་སི་ཊ་ཌ་མུ་སི་(Nostradamus) ལགས་དང་། ཡུ་རོབ་ལྷོ་ཤར་གྱི་རྒྱལ་ཁབ་བྱང་མཱ་སི་ཌོ་ནི་ཡའི་(North Macedonia)མིག་གཉིས་ལུང་བ་ཡིན་པའི་མངོན་ཤེས་ཤོད་མཁན་རྨོ་ཝན་གྷི་ལི་ཡ་(Vangeliya Pandeva Gushterova)གཉིས་ཀྱིས་ཀྱང་ཕྱི་ལོ་ ༢༠༢༥ ལོར་ཡུ་རོབ་ནང་དམག་འཁྲུག་གི་གོད་ཆག་འབྱུང་རྒྱུ་དང་། འཛམ་གླིང་ནང་འབྱུང་བའི་གོད་ཆག དེ་བཞིན་ནུས་པའི་འབྱུང་ཁུངས་གསར་རྙེད་འབྱུང་རྒྱུ་ཡིན་ལུགས་སོགས་བརྗོད་ཡོད་འདུག་ལ། དེ་དག་ལས་དམག་འཁྲུག་དང་ས་ཡོམ་གོད་ཆག་ནི་དཔེ་མཚོན་དུ་འོས་པ་རེ་བྱུང་ཡོད་ལ། ནུས་པའི་འབྱུང་ཁུངས་གསར་པའང་བྱུང་ཡོད་པ་རེད།

སྤྱིར་བཏང་བྷ་བྷ་ཝང་གྷ་ (Baba Vanga) ཞེས་པ་ནི་རྨོ་ལགས་དང་ཡང་ན་མ་འོངས་མངོན་ཤེས་ཅན་ལ་གོ་ཡི་ཡོད་འདུག་ལ། ཉི་ཧོང་གི་རྨོ་ལགས་དེ་ལའང་བྷ་བྷ་ཝང་གྷ་ཞེས་འབོད་ཀྱི་འདུག བུད་མེད་དེ་རི་མོ་བ་ཞིག་ཡིན་ནའང་མོས་མཚན་མོའི་རྨི་ལམ་རྣམས་རི་མོའི་ལམ་ནས་བྲིས་ཏེ། མ་འོངས་པའི་གོད་ཆག་སོགས་ལ་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། མོ་རང་ནི་སྐར་རྩིས་རིག་པ་བ་ནི་སི་ཊ་ཌ་མུ་སི་དང་། རྨོ་ཝན་གྷི་ལི་ཡ་གཉིས་ཀྱི་རྗེས་འཇུག་པ་ངོ་མ་ཞིག་ཏུ་ངོས་འཛིན་བྱེད་མཁན་མང་པོ་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུས་ཕྱོགས་བསྡུས་བྱས། པདྨ་མཚོས་རྩོམ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese