མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གདུང་ཐལ་བོད་ནང་འབྱོར་ཡོད་ཟེར་བ་ནི་རྒྱ་ནག་གི་སྐད་ཆ་ཡིན་སྐོར་བརྗོད་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལུང་སྔོན་དགོན་པའི་མིང་ཐོག་ནས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་གདུང་ཐལ་ལུང་སྔོན་དགོན་པར་སྤྲད་ཡོད་པའི་གསལ་བསྒྲགས་མི་འདྲ་བ་གཉིས་སྤེལ་ཡོད་འདུག

མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་མཆོག འབྲེལ་ཡོད་ནས་པར་འདི་གར་མཁོ་སྤྲོད་གནང་།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཏི་ནམ་དུ་སྐུ་གྲོངས་པའི་གནས་ཚུལ་བྱུང་བའི་རྗེས་སུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་ཚོགས་སྡེ་ཁག་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་འབྲེལ་ཡོད་ཝི་ཏི་ནམ་གཞུང་སོགས་སུ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ལ་བརྟག་དཔྱད་གཏོང་དགོས་པ་དང་། སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་གཞུང་གིས་ཝི་ཏི་ནམ་དུ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་གསང་བའི་ཐོག་ནས་ཞུགས་འབུལ་ཞུས་པ་དང་། ཁ་སང་ཕྱི་ཚེས་ ༢༡ ཉིན་བོད་མགོ་ལོག་ལུང་སྔོན་དགོན་པའི་མིང་ཐོག་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་རིན་པོ་ཆེ་མཆོག་གི་གདུང་ཐལ་ལུང་སྔོན་དགོན་པར་སྤྲད་ཡོད་པའི་གསལ་བསྒྲགས་མི་འདྲ་བ་གཉིས་བཀྲམ་ཡོད་འདུག

གནད་དོན་དེའི་སྐོར་ལ་འདི་གའི་གསར་འགོད་པས་ཁ་པར་བརྒྱུད། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་སུ། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གདུང་ཐལ་ལུང་སྔོན་དགོན་པ་དང་ནང་མིར་འཕྲོད་ཡོད་མེད་དྲིས་པར། ཁོང་གིས། དེའི་སྐོར་གྱི་གནས་ཚུལ་གསལ་བོ་གང་ཡང་འབྱོར་མ་སོང་། ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པའི་ཆུ་ཚོད་དང་པོའི་སྟེང་དུ་ཝི་ཏི་ནམ་གྱི་ཆོས་ཚོགས་ཤིག་ཏུ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཕལ་ཆེར་ཞུགས་འབུལ་ཞུས་ཚར་ཡོད་ས་རེད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཡས་མས་ཙམ་ལ་བོད་མགོ་ལོག་ལུང་སྔོན་དགོན་པ་ནས་ཕེབས་པའི་དགེ་འདུན་ལྔ་ཝི་ཏི་ནམ་ནས་ཕྱིར་རང་ཡུལ་དུ་ལོག་གི་བཅུག་ཡོད་པ་ཞིག་གོ་བྱུང་། དེའི་རྗེས་སུ་དགེ་འདུན་པ་རྣམས་ཀྱི་ལག་པར་རིན་པོ་ཆེ་མཆོག་གི་གདུང་ཐལ་རག་ཡོད་མེད་ཀྱི་གནས་ཚུལ་གསལ་བོ་གང་ཡང་གོ་མ་བྱུང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གི་སྐོར་ལ་གསལ་བསྒྲགས་གཉིས་སྤེལ་ཡོད་ཅིང་། གསལ་བསྒྲགས་གཉིས་ཀ་ཡང་གཅིག་མཚུངས་རེད་མི་འདུག ཤོག་བུ་སྐྱ་བོ་ཞིག་གི་སྟེང་དུ་གསལ་བསྒྲགས་སྤེལ་ཏེ་ལུང་སྔོན་དགོན་པའི་ཐམ་ཀ་བརྒྱབ་འདུག གསལ་བསྒྲགས་དེ་དག་དངོས་གནས་ཡིན་མིན་གསལ་བོ་ཧ་གོ་ཡི་མི་འདུག དེའི་རྗེས་སུ་ལུང་སྔོན་དགོན་པའི་ལས་ཤོག་གི་སྟེང་དུ་གསལ་བསྒྲགས་ཤིག་སྤེལ་འདུག དེའི་ཐོག་ནས་ཀྱང་ཝི་ཏི་ནམ་ནས་དགེ་འདུན་པ་ལྔ་ལུང་སྔོན་དགོན་པར་འབྱོར་ཡོད་མེད་དང་། རིན་པོ་ཆེ་མཆོག་གི་གདུང་ཐལ་རག་ཡོད་མེད་གསལ་ཁ་གང་ཡང་མི་འདུག དེ་བས་གནས་ཚུལ་ཏག་ཏག་ཡིན་མིན་བཤད་ཚོད་ཐིག་གི་མི་འདུག གསལ་བསྒྲགས་དེ་དག་གི་ནང་དུ་རྒྱ་ནག་གཞུང་གི་བཀའ་དྲིན་དང་རོགས་པ་བྱས་ཡོད་ཚུལ་སོགས་རྒྱ་གཞུང་གི་སྐད་ཆ་རང་རེད། རིན་པོ་ཆེ་མཆོག་གི་གདུང་ཐལ་འབྱོར་ཡོད་པའི་ཡིད་སྟོན་ཁེལ་བའི་གནས་ཚུལ་གང་ཡང་རག་མ་སོང་།  ཅེས་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གི་གདུང་ཐལ་ལུང་སྔོན་དགོན་པར་རྩིས་སྤྲད་ཡོད་སྐོར་བསྒྲགས་ཡོད་ཀྱང་། གལ་སྲིད་གདུང་ཐལ་ཞིག་ལུང་སྔོན་དགོན་པར་སྤྲད་ཡོད་ཚེ། དེ་ལ་དགོན་པ་དང་ནང་མིས་ཡིད་ཆེས་བྱེད་སྲིད་མིན་སྐོར་ལ་ཁོང་གིས། ཡིད་ཆེས་བྱ་རྒྱུ་ཁག་པོ་རེད། མཚན་མོའི་ཆུ་ཚོད་བཅུ་གཉིས་ཙམ་ལ་ཝི་ཏི་ནམ་གྱི་སྨན་ཁང་ནས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཞུགས་འབུལ་བྱེད་སར་འཁྱེར་སྐབས། ལུང་སྔོན་དགོན་པའི་དགེ་འདུན་པ་རྣམས་བཀག་ཉར་བྱས་ཏེ་གཅིག་ཀྱང་དེར་འགྲོ་རུ་བཅུག་མི་འདུག  ཆུ་ཚོད་དང་པོ་ཙམ་ལ་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་ཞུས་འདུག ལུང་སྔོན་དགོན་པའི་དགེ་འདུན་པ་ལྔས་གང་ཡང་མཐོང་མེད་པས་ཡིད་ཆེས་བྱ་རྒྱུ་ཧ་ཅང་ཁག་པོ་རེད། གལ་སྲིད་ཁོང་ཚོའི་འགྲམ་དུ་སྐུ་ཕུང་ཞིག་འཁྱེར་ཡོང་ཚེ། དེ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཡིན་མིན་དོགས་པ་ཆེན་པོ་རེད། དེའི་སྐོར་གྱི་གནས་ཚུལ་ཁུངས་གསལ་གང་ཡང་ཧ་གོ་ཡི་མི་འདུག དགེ་འདུན་པ་ལྔ་དང་འབྲེལ་ཡོད་ཀྱི་སྐད་ཆ་གང་ཡང་རག་མ་བྱུང་།  ལུང་སྔོན་དགོན་པའི་མིང་ཐོག་ནས་གསལ་བསྒྲགས་གཉིས་སྤེལ་ཡོད་པ་མཐུན་གྱི་མི་འདུག དེ་གཉིས་ཀྱི་ཡིག་གཟུགས་དང་ཤོག་བུ་ཡང་གཅིག་པ་མ་རེད། གསལ་བསྒྲགས་མ་འདྲ་བ་དེ་གཉིས་ལས་གང་ཞིག་དངོས་གནས་ཡིན་མིན་ཤེས་ཀྱི་མི་འདུག རྒྱ་ནག་གཞུང་གིས་བསམ་བཞིན་དུ་གང་བྱུང་ང་ཚོར་དོགས་པ་སྐྱེ་བའི་ཆེད་དུ་གསལ་བསྒྲགས་སྤེལ་བཞིན་ཡོད་པ་འདྲ། གསལ་བསྒྲགས་དེ་དག་ལ་ཡིན་རྟོན་གང་ཡང་མི་འདུག འབྲེལ་ཡོད་ཀྱི་གནས་ཚུལ་གསར་བ་གང་ཡང་གོ་ཡི་མི་འདུག གཅིག་བྱས་ན་ཉིན་འགའི་རྗེས་སུ་གནས་ཚུལ་གོ་སྲིད་པ་རེད་ལ། གཅིག་བྱས་ན་རྦད་དེ་གནས་ཚུལ་གོ་མི་སྲིད་པ་ཞིག་རེད། དེ་ང་ཚོས་བཤད་ཚོད་ཐིག་གི་མི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

རིན་པོ་ཆེ་མཆོག་གི་གྲོངས་རྐྱེན་གསལ་བོ་ཆགས་པར་ཐབས་ལམ་གང་དག་ཡོད་མེད་ཐད་ཁོང་གིས། རིན་པོ་ཆེ་མཆོག་གི་སྐུ་གྲོངས་རྐྱེན་གསལ་བོ་ཆགས་པར་ཐབས་ལམ་ཡོད་བསམ་གྱི་འདུག ཝི་ཏི་ནམ་དུ་རིན་པོ་ཆེ་མཆོག་བཀག་ཉར་བྱས་པའི་རིང་མི་ཁ་ཤས་མཉམ་དུ་ཡོད་པ་རེད། ད་ལྟའི་ཆར་དངོས་ཡོད་གནས་ཚུལ་མཐོང་མཁན་གྱི་མི་དེ་དག་ལས་གཅིག་ཀྱང་ཕྱི་ལོགས་སུ་ཐོན་ཡོད་པ་མ་རེད། གཙོ་བོ་མི་དེ་དག་གིས་རིན་པོ་ཆེ་མཆོག་གི་སྐུ་ཕུང་བདག་པོ་རྒྱག་སྟངས་དང་། སྐུ་ཕུང་ཞུགས་འབུལ་ཞུ་སྟངས། སྐུ་ཕུང་མི་ལ་བསྟན་སྟངས་ཐད་ཞིབ་འཇུག་བྱ་དགོས། ང་ཚོས་མགྱོགས་པོ་གནས་ཚུལ་གསལ་བོ་བཟོ་མི་ཐུབ་ནའང་རིམ་བཞིན་མི་དེ་དག་ལ་འབྲེལ་བ་བྱས་ཏེ། རིན་པོ་ཆེ་མཆོག་རྒྱུན་ལྡན་མིན་པའི་ཐོག་ནས་དགོངས་པ་རྫོགས་པར་ར་སྤྲོད་བྱ་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འབྲེལ་མཐུད་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། འདི་ནི་རྒྱ་ནག་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ཞིག་ཆགས་ཀྱི་ཡོད་དུས།  རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་པ་ཁག རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་བཅས་སུ་འབྲེལ་བ་ཞུས་ཏེ། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གྲོངས་རྐྱེན་ཐད་གསལ་ཁ་བཟོ་བའི་ཞུ་གཏུགས་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese