མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པས་ཇ་མུ་དང་ཀ་ཤི་མིར་ནང་དམར་གསོད་དོན་རྐྱེན་བཟོས།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྱང་རྒྱུད་ཀྱི་ཇ་མུ་དང་ཀ་ཤི་མིར་མངའ་སྡེའི་པཱ་ཧལ་གྷམ་ས་ཁུལ་དུ་དྲག་སྤྱོད་རིང་ལུགས་པའི་འཇབ་རྒོལ་བྱས་ཏེ་ད་བར་མི་གྲངས་ ༢༦ རྐྱེས་འདས་དང་མི་གྲངས་ ༡༠ རྨས་སྐྱོན་ཕོག་འདུག

ཕྱི་ཟླ་ ༤ ཚེས་ ༢༢ ཉིན་རྒྱ་གར་བྱང་རྒྱུད་ཀྱི་ཇ་མུ་དང་ཀ་ཤི་མིར་མངའ་སྡེའི་པཱ་ཧལ་གྷམ( Pahalgam ) ཁུལ་དུ་དྲག་སྤྱོད་རིང་ལུགས་པས་འཇབ་རྒོལ་བྱས། དྲ་ལམ་གྱི་པར།

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་གར་བྱང་རྒྱུད་ཀྱི་ཇ་མུ་དང་ཀ་ཤི་མིར་མངའ་སྡེའི་པཱ་ཧལ་གྷམ( Pahalgam )ཁུལ་དུ་མེ་མདའ་བཟུང་བའི་དྲག་སྤྱོད་པ་ཁག་ཅིག་གིས་འཇབ་རྒོལ་བྱས་ཏེ། མི་གྲངས་ ༢༦ རྐྱེས་འདས་དང་། ད་བར་ཉུང་མཐར་མི་གྲངས་ ༡༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག་ལ། ཡུལ་དངོས་ཀྱི་མི་ཚོས་དྲག་སྤྱོད་པ་བཞི་ནས་དྲུག་བར་ཡོད་ཅིང་ཁོ་ཚོའི་ལུས་ལ་དམག་ཆས་ལྟ་བུའི་འགྲིག་ཆས་གྱོན་ཡོད་སྐོར་བརྗོད་འདུག་ལ། ཡུལ་དངོས་ནས་བསད་པའི་དྲག་སྤྱོད་པ་གཅིག་པཱ་ཀི་སི་ཐན་ནང་ཡོད་པའི་ཨའེ་ཨེ་སི་དྲག་སྤྱོད་ཚོགས་པ་དང་ལག་འབྲེལ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

གནད་དོན་དེའི་ཐད་སྲིད་བློན་མུ་དྷི་མཆོག་གིས། གདུག་རྩུབ་ཅན་གྱི་བྱ་ངན་འདིའི་རྒྱབ་ཏུ་ཡོད་མཁན་ཚོ་ཁྲིམས་ཐོག་ནས་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན། ཞེས་གསུངས་ཡོད་པ་མ་ཟད།  རྒྱ་གར་དབུས་ནང་སྲིད་བློན་ཆེན་ཨ་མིཏ་ཤཱ་(Amit Shah ) མཆོག་དང་ལྷན་ཞལ་པར་བརྒྱུད། དོན་རྐྱེན་དེའི་ཐད་གདོང་ལེན་དང་མྱུར་སྐྱོབ་སོགས་ཀྱི་ལས་དོན་ལ་སྔར་ལས་ལྷག་པའི་འཐུས་སྒོ་ཚང་བ་དགོས་སྐོར་སོགས་གསུངས་ཡོད་འདུག་ལ། དེ་བཞིན་ཇ་མུ་དང་ཀ་ཤི་མིར་གྱི་སྤྱི་ཁྱབ་བློན་ཆེན་ཨོ་མར་ཨ་བྷུ་ལཱ་( Omar Abullah ) ལགས་ཀྱིས། འདི་ནི་ཉེ་བའི་ལོ་ཤས་རིང་ང་ཚོས་མཐོང་བའི་དམངས་ཚོགས་ལ་དམིགས་པའི་འཇབ་རྒོལ་ཆེ་ཤོས་དེ་ཡིན། ཞེས་གསུངས་འདུག

དེ་བཞིན་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཌོར་བྷ་ཌི་མུ་མར་(Droupadi Murmu) མཆོག་གིས། ཇ་མུ་དང་ཀ་ཤི་མིར་གྱི་པ་ཧལ་གྷམ་དུ་ཡུལ་སྐོར་བ་ཚོར་འཇིགས་སྐུལ་རྒོལ་རྡུང་བྱས་པ་ནི། ཧ་ཅང་ཡིད་སྐྱོ་བ་དགོས་པའི་གནད་དོན་ཞིག་རེད། ང་ཚོས་མི་སྤྱོད་ལས་འདས་པའི་དྲག་རྒོལ་དེ་དག་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་བྱ་དགོས། ཞེས་དང་། ངས་འདས་པོ་རྣམས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་དང་། རྨས་སྐྱོན་ཕོག་མཁན་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས།  ཞེས་གསུངས་འདུག

ད་ལྟ་རྒྱ་གར་དབུས་གཞུང་གིས་ཡུལ་སྐོར་བ་ཧ་ཅང་མང་བའི་ས་ཁུལ་དེར་འགོག་སྲུང་དང་། དྲག་སྤྱོད་རིང་ལུགས་པའི་འཇབ་རྒོལ་ལ་དོགས་གཟོན་ནན་མོ་བྱེད་མུས་ཡིན་འདུག་ལ། པ་ཧལ་གྷམ་ནི་ལོ་ལྟར་དབྱར་དུས་སོགས་རྒྱ་གར་གཙོས་ཡུལ་སྐོར་སྤྲོ་འཆམ་པ་རྒྱུན་མ་ཆད་པའི་ཡུལ་སྐོར་བའི་ས་ཚིགས་གལ་ཆེན་ཞིག་ཡིན་ཞིང་། ད་ལན་ཕྱི་ལོ་ ༢༠༡༩ རྗེས་སུ་ཇ་མུ་དང་ཀ་ཤི་མིར་དུ་དྲག་སྤྱོད་པས་འཇབ་རྒོལ་བྱས་པ་ཐེངས་དང་པོ་ཡིན་འདུག

ཕྱི་ལོ་༢༠༡༦ ཟླ་ ༩ ཚེས་ ༡༨ ཉིན་དྲག་སྤྱོད་པ་བཞི་ཡིས་ཇ་མུ་དང་ཀ་ཤི་མིར་གྱི་ཨུ་རིའི་(Uri) གྲོང་བརྡལ་དུ་ཆགས་པའི་རྒྱ་གར་གྱི་དམག་སྒར་ཞིག་ལ་འཇབ་རྒོལ་བྱས་ཏེ་དམག་མི་བཅུ་དགུ་བསད་པ་དང་དམག་མི་སུམ་ཅུ་ལ་རྨས་སྐྱོན་བྱུང་། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༠ ཉིན་ཀུལ་གྷམ་( Kulgam ) ས་གནས་ཀྱི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་འཇབ་རྒོལ་བྱས་ཏེ་མི་ ༨ བསད། དེ་བཞིན་ཕྱི་ལོ ༢༠༡༩ ཟླ་ ༢ ཚེས་ ༡༤ ཉིན་ཇ་མུ་དང་སི་རི་ན་གྷར་སྐྱོད་པའི་གཞུང་ལམ་ཞིག་ཏུ་རྒྱ་གར་གྱི་བདེ་སྲུང་རླངས་འཁོར་ཞིག་ལ་གཏོར་རྒོལ་བྱས་ཏེ། རྒྱ་གར་གྱི་དམག་མི་བཞི་བཅུ་བསད་པའི་ཛ་དྲག་དོན་རྐྱེན་བྱུང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese